དམག་སྤྱི་ལས་ཁུངས།
དེ་སྔ་བོད་ས་གནས་སྲིད་གཞུང་སྐ བས་ཀྱི་དམག་སྤྱི་ལས་ཁུངས་ཞེས་པ་ འདི་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ བྱི་ (༡༩༡༢) ལོ་ལུའུ་ཅུན་རྒྱ་དམག་ མཐར་འབུད་རྗེས་ཆུ་གླང་ (༡༩༡༣) ལོ་ ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་ པ་ཆེན་པོ་སྟོན་འཁོར་རྒྱ་གར་ནས་ ལྷ་སར་ཞབས་སོར་འཁོད་འཕྲལ་ལྷ་སའི ་དམག་དོན་སྤྱི་ཁྱབ་མཁན་དྲུང་བྱ མས་པ་བསྟན་དར་ལ་དམག་དོན་བྱས་རྗེ ས་སུ་བཀའ་བློན་བླ་མ་བསྐོ་བཞག་ཐོ ག་མདོ་སྨད་ཁུལ་གྱི་ཞི་དྲག་སྤྱི་ འདོམས་སུ་ལས་བྱ་དཔོན་རིགས་དང་ བཅས་བསྐོ་རྫོངས་གནང་ཚབ་སྤྱན་ བསལ་གནམ་གང་ཟླ་བཟང་དགྲ་འདུལ་ལ་ ཛ་སག་ཐོག་དམག་སྤྱི་ཆེ་བའི་གོ་ གནས་དང་།
རྩིས་དཔོན་ཁྲི་སྨོན་ནོར་བུ་དབང་ རྒྱལ་ལ་ཐའི་ཇིའི་ཐོག་དམག་སྤྱི་ ཆུང་བའི་གོ་གནས་བཅས་བསྐོ་གཞག་གི ས་བོད་ལྗོངས་དམག་སྤྱི་ལས་ཁུངས་ སམ་དམག་སྤྱི་ཁང་ཞེས་རྩེ་པོ་ཏ་ ལའི་མདུན་ངོས་ཞོལ་གོ་མཛོད་རྡོ་ རྗེ་གླིང་དུ་དྲག་པོའི་སྤྱི་འདོ མས་ལས་ཁུངས་གསར་དུ་འཛུགས་གནང་ མཛད། ཐོག་མར་ལས་ཁུངས་དེར་རྒྱུན་ཚུགས་ ལས་བྱའི་ཁོངས་སུ་དམག་དྲུང་གཉིས། ལས་བྱ་རྩེ་དྲུང་གཉིས། ལྷ་སྡོད་དམག་སྒར་ཁག་ནས་ཡིག་འབྲི ་ལྡིང་དཔོན་ཁ་ཤས། ཕྱིས་འཕར་ལས་བྱ་ཤོད་སྐོར་རིམ་ བཞི་གཅིག་དང་། རྩེ་སྐོར་ལས་ཚན་པ་གཅིག་བཅས་ལས་ གྲུབ་ཅིང་། ལས་ཁུངས་དེའི་གཙོ་བོའི་ལས་འགན་ ནི་སྲིད་གཞུང་དེའི་དྲག་དཔུང་ཁག་ གི་སྤྱི་ཁྱབ་བཀོད་འདོམས་བྱེད་ དགོས་པ་དང་། ལྷ་སྡོད་དམག་སྒར་དང་། ཕྱོགས་ཐོན་དམག་སྒར་ཁག་གི་ཕོགས་ འབྲུ་སྐྱེལ་འདྲེན་དང་། དབྱར་དགུན་གྱོན་བསྡུ། གོ་ལག་རྫས་མདེལ་སྐྱེལ་འདྲེན་གྱི ་དོས་རྟ་ལམ་ཡིག་སོགས་ལས་ཁུངས་དེ ་ཉིད་བརྒྱུད་བཀའ་ཤག་ནས་ཞུ་དགོས་ པ། དམག་སྒར་ཁག་གི་མདའ་དཔོན་བསྐོ་ འཐེན་བཀའ་ཤག་ནས་འཆར་ཕུལ་གྱིས་ཏཱ ་ལའི་བླ་མའི་ཕྱག་རྟགས་ཞུ་དགོས་ པ་དང་། རུ་དཔོན་བསྐོ་འཐེན་སྐབས་དམག་སྤྱི ་ཁང་ནས་འཆར་ཕུལ་གྱིས་བཀའ་ཤག་གི་ ཕྱག་རྟགས་ཞུ་དགོས་པ། བརྒྱ་ལྡིང་གཉིས་དམག་སྤྱི་ཁང་ནས་ བསྐོ་འཐེན་བྱེད་ལམ་ཡོད། ཆུ་བྱི་ (༡༩༡༢) ལོ་ནས་བཟུང་མདོ་སྨ ད་ཁུལ་ས་སྲུང་རྒྱ་ཆེ་ཁག་བགོས་ཀྱི ས་གཏོང་དགོས་པ་དང་། ལྷ་སར་གཏན་སྡོད་ཀྱི་ཏཱ་ལའི་བླ་ མའི་སྐུ་སྲུང་དམག་སྒར། གྲོང་ཁྱེར་བདེ་འཇགས་སྲུང་དམག་ བཅས་ཀྱི་དགོས་མཁོར་གཞིགས་ཏེ་དེ་ སྔའི་བོད་དམག་སུམ་སྟོང་ཐམ་པའི་ ཐོག་འདོན་དམག་ཉིས་སྣ། བཞི་སྣ། བརྒྱད་སྣ། བཅུ་གཉིས་དྲུག་སྣ་ (གཞུང་རྒྱུགས་ རྐང་བཅུ་གཉིས་དང་། སྒེར་ཆོས་འདོན་དྲུག་ལ་ཟེར་) གཟིམ་པ་ལྡིང་དཔོན་གྱི་དམག་རྟེན། གྲོང་དྲག་དམག་དཔུང་བཅས་བསྡོམ་ཀ་ དང་སྐུ་སྲུང་དམག་སྒར་ནས་མ་དང་གྲོ ང་དྲག་དམག་སྒར་བར་གསར་འཛུགས་ འཕར་སྣོན་བྱས་ཤིང་། དམག་རྩེད་ནི་དེ་སྔ་དབྱིན་ཇིའི་ སྐད་བརྡའི་དམག་རྩེད་ཡིན་རུང་། དེ་རྗེས་བོད་སྐད་དུ་བསྒྱུར་བ་ དང་། ཀ་དང་སྐུ་སྲུང་དམག་སྒར་ཙམ་མ་གཏོ གས་དེ་བྱིངས་དམག་སྒར་ཚང་མའི་གྱོ ན་ཆས་བོད་ལུགས་ཞེ་གཅིག་ཡིན། དམག་མི་གསར་འཛུགས་བྱེད་ཕྱོགས་ དང་། རྣམ་ཀུན་འགོ་དམངས་སོ་སོའི་སྒྲི ག་སྲོལ། གོ་བབ་ལམ་ལུགས། ཕྱོགས་ཐོན་སྐབས་ཉིན་ལྟར་ཐོན་སྔ་ རྟིང་གི་སྒྲིགས་འཛུགས་ལྡན་པའི་ སྒོ་ནས་ཤར་བསྐྱོད་བྱེད་པ་ལས། ལམ་འཁེལ་ཡུལ་འབྲོག་གང་སར་དམག་ དམངས་རང་དགར་འགྲོ་བསྐྱོད་མི་ཆོ ག་པ་སོགས་སྔར་ནས་སྒྲིགས་ལམ་ཡོད་ རུང་། ཕྱིས་དམག་ཁྲིམས་གནོན་འདོམས་དང་། དམག་རྩལ་སྦྱོང་བརྡར་སོགས་དུས་ བསྟུན་གསར་བཅོས་མ་གནང་མཐུ་མེད་ ཀྱིས་རབ་བྱུང་བཅུ་དྲུག་པའི་ལྕ གས་སྟག་ ༡༩༥༠ ལོ་དམག་ཁྲིམས་དོན་ཚན་ སུམ་ཅུ་སོ་ལྔ་གསར་སྒྲིག་བྱས་པ་ དང་། དེ་སྔ་དབུས་གཙང་མདའ་དཔོན་སོ་སོ ར་ཕོགས་རྟེན་མདའ་གཞིས་རེ་ཡོད་ཀྱ ང་། ཕྱིས་མདའ་དཔོན་རིམ་འཕར་ལ་བརྟེན་ མདའ་དཔོན་རེར་ལོ་རེ་ཕོགས་དངུལ་ སྲང་དགུ་བརྒྱ་རེ་བསྩལ་ཏེ་མདའ་ གཞིས་སོ་སོར་སྤྱི་འགྲེའི་འབབ་ བཟོ་མཛད། དེ་སྔ་བོད་དམག་ ༣༠༠༠ ལས་མེད་ཀྱང་། ཕྱིས་དམག་གྲངས་རིམ་འཕར་ལ་བརྟེན་ རབ་བྱུང་བཅོ་ལྔ་པའི་ས་ལུག་ ༡༩༡༩ ལོ ་ཞོལ་སྤྱི་ཕོགས་ཁང་བཙུགས་པ་དེར་ དོ་དམ་མཁན་རིམ་གཉིས་དང་། ལས་བྱ་སེར་སྐྱ་གཉིས། ཁང་གཉེར། འབོ་ཁ། གད་པ་བཅས་མི་གྲངས་བཅུ་སྐོར་ཡོད་ ཅིང་། དེའི་གཙོ་བོའི་ལས་འགན་ནི་འཕན་པོ ་དང་བྱང་སྟག་ལུང་། ལྷོ་ཁ་ཁུལ་གྱི་རྫོང་གཞིས་ཁག་དང་ ། བསྟན་བླ་གཞུང་མཆོད་གཞིས་ཁག་གི་ གཞིས་འབྲུའི་བཀར་སྟེང་ནས་ལྷ་སྡོ ད་དམག་སྒར་ཁག་གི་ཕོགས་འབྲུ་བཏོ ན་རྒྱ་ཞུས་ཏེ་སྤྱི་ཕོགས་ཁང་དུ་ གསོག་ཉར་བྱས་ཐོག་དམག་ཕོགས་དུས་ ཐོག་ཏུ་རྒྱག་དགོས་པ་དང་ཕོགས་དངུ ལ་ཇི་དགོས་འཛིན་སྒྱུར་གྱིས་ལོར་ ཁང་ནས་ཞུ་དགོས་པ་བཅས་ཡིན། གཞན་ཡང་དམག་སྤྱི་ལས་ཁུངས་མ་བཙུ གས་གོང་གི་བོད་དམག་གི་གནས་ཚུལ་ ནི། བོད་འདིར་སྔ་རབས་བཙན་པོའི་སྐབས་ སུ་དམག་དོན་སྒྲིག་གཞི་རྒྱ་ཆེ་ལ་ དཔུང་སྟོབས་བཙན་པ་སོགས་ཀྱི་ལོ་ རྒྱུས་ཡོད་ཀྱང་འདིར་མ་སྤྲོས། བོད་སིལ་བུའི་སྐབས་ནས་བཟུང་བར་ སྐབས་དམག་དོན་སྒྲིག་གཞི་ཆ་ཚང་ལྡ ན་པའི་གཅིག་གྱུར་གྱི་དམག་དཔུང་ ཞིག་མེད་ཀྱང་རབ་བྱུང་བཅུ་པའི་ལྕ གས་ཕག་ (༡༦༡༧) ལོ་ཙམ་ལ་གཙང་པའི་དུ ས་ཀྱི་རྒྱལ་ཐོག་གཉིས་པ་ཕུན་ཚོ གས་རྣམ་རྒྱལ་གྱི་སྐབས་ཁལ་ཁ་ཚུ་ ཁུར་སོག་དམག་བོད་འཛུལ་མཐར་སྐྲོ ད་གཏོང་སྐབས་སུ་སྟོད་གཙང་ཁུལ་ ནས་རྟ་རྐང་ཞེས་ས་རྟེན་ལ་འགེལ་ དཀྲི་བྱས་པའི་དམག་རྟ་མི་གོ་རང་ འགྲིག་དམག་གྲངས་སུམ་སྟོང་དྲུག་ བརྒྱ་སྐོར་བསྐོང་འགུག་བྱས་ཏེ་སེ ང་གེ་རྩེ་གཡས་རུ་དང་པོའི་ཁོངས་ སོགས་གཡས་རུ་དང་། གཡོན་རུའི་དམག་མི་འཁྲི་ཁུངས་ཁྱི མ་ཚང་དང་ཡུལ་ཚན་སོ་སོ། དམག་འགྲོའི་མི་མིང་ལོ་གྲངས་དང་ བཅས་པའི་དམག་གཞུང་བཀོད་དེ་ལྷུན་ པོ་རྩེ། སེང་གེ་རྩེ། རྟ་ནག་རིན་ཆེན་རྩེསོགས་རྩེ་གསུ མ་སྒར་དཔོན་གྱིས་སྣེ་དྲངས་ཁྲུ་ དཔོན་དང་། ལྡིང་དཔོན་བཅས་ཀྱི་གོ་མིང་སྤྲད་ ཐོག་ལོ་ལྟར་ཟླ་བ་དང་པོའི་ནང་ཉང་ སྨད་བསམ་གྲུབ་རྩེར་སྡེབས་འཛོམས་ ཀྱིས་ཟླ་གཉིས་རིང་གི་གོ་བཤེར་ དམག་སྦྱོང་བྱེད་པ་དང་། དམག་རྩལ་སྦྱོང་བརྡར་བྱེད་པའི་ དམིགས་ཡུལ་ནི་སྐབས་དེར་ཉེན་ཁ་ཆེ ་ཤོས་སོག་དམག་ལ་ཁ་གཏད་གཅོག་རྒྱུ ་དེ་ཡིན་སྟབས་ཀི་སྒྲ་རིང་ཐུང་ དང་། ཛ་དྲག་ཆེ་ཆུང་གི་སྒྲ་དང་བསྟུན་ ཏེ་རྟ་ཐོག་ནས་རྒྱང་རིང་ནས་མེ་ མདའ་འཕེན་རྒྱུ་དང་། འཕྲུལ་མདུང་ལུང་རིང་ཀླད་ལ་བསྐོ ར་ནས་འཕེན་རྒྱུ། རྟ་ཐོག་གྲི་རྩེད་བཅས་རེད། (འདི་ གཙང་པ་སྡེ་སྲིད་སྐབས་གཞིས་རྫོང་ གོ་མཛོད་དཀར་དེབ་འགོ་བརྗོད་དུ་ གསལ་) དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེ ང་ལྔ་པའི་སྐབས་སྡེ་སྲིད་སངས་རྒྱ ས་རྒྱ་མཚོས་ཕོ་བྲང་ཡས་མས་ལ་ཉེན་ སྲུང་སྐོར་གཡེང་དང་གཟིམ་སྒོ་སྲུ ང་བ་བཅས་ཀྱི་ལས་འགན་ཡོད་པའི་ཞོ ལ་སྐོར་གཟིམ་པ་དང་གཟིམ་པ་དངོས་ གཞི་ནི་ཡན་ལག་བཞི་པའི་དཔུང་གི་ ནང་ཚན་རྐང་དམག་གམ་དཔུང་བུ་ཆུང་ ཟེར་བའི་དམག་དཔུང་གསར་བཙུགས་བསྐྱ ངས་ཤིང་། དེ་དག་གི་འཁྲི་ཁུངས་ནི་ལྷོ་ཁ་ཁུ ལ་གྲ་ཕྱི་ནང་དང་། ལྕེ་བདེ་ཞོལ། གོང་དཀར། ཆུ་ཤུལ། གནམ། ལྗང་། མཉེས་ཐང་། རྣམ་སྒང་། སྣེའུ། སྟོད་ལུང་བདེ་ཆེན་རྫོང་། ཤུན་པ་འདུ་ཁོངས་བཅས་ནས་ཐོག་མའི་ དམག་གཞུང་ནང་གསལ་དམག་གྲངས་ཉིས་ སྟོང་བརྒྱ་སྐོར་གཏོང་དགོས་ཀྱི་ ཡོད་ཀྱང་། ཕྱིས་དམག་རྟེན་རྐང་ཆད་བྱེ་ནོན་ དང་། སྒེར་ཆོས་ཁག་ལ་ཕྱིར་ཆོད་མང་བ་སོ གས་བརྟེན་དམག་གྲངས་བཞི་བརྒྱ་ལྔ་ བཅུ་སྐོར་ལས་མེད། གཟིམ་པ་འདི་བཞིན་ལས་འགན་ལྕི་ལ་ རྣམ་ཀུན་སྒྲིག་ཁྲིམས་དམ་པ་དང་། ཁྲབ་རྨོག་མདའ་གྲི་མདུང་གསུམ་དང་ ། ཕུབ་བཅས་དྲག་ཆས་ཆ་ཚང་སྤྲས་ཏེ་ དམག་སྦྱོང་རྣམ་གྲངས་མང་པོ་རྒྱུ གས་སྤྲོད་བྱེད་དགོས་པ་སོགས་ཀྱི་ རྐྱེན་པས་དམག་འགྲོའི་ཐད་དབང་པོ་ སྐྱོན་མེད་ཀྱི་གྲོང་མི་ཁུངས་ལྡ ན་ཞེ་གཅིག་ལས་གང་བྱུང་གི་གླ་པ་ གཏོང་བདེ་མི་ཆོག་པ་སོགས་ཀྱི་ གཏན་འབེབས་བཟོས་ཡོད་པ་དང་། གཟིམ་རྟེན་རྐང་རེར་སོན་ཁལ༡༢༠སྐོ ར་ལ་ཕྱི་ནང་ཁྲལ་རིགས་རྩ་ཆག་བསྩ ལ་བ་སོགས་དམིགས་བསལ་ཆེན་པོ་ཡོད་ པའི་དམག་དཔུང་ཞིག་ཡིན། དེ་རྗེས་ཇུན་གར་དམག་བོད་ནས་མཐར་ བསྐྲད་རྗེས་ཤར་ཨ་མདོ་སྟོད་སྨད་ ནས་ནུབ་སྒེར་རྩེ་བར་བྱས་སོ་ཉེན་ རྟོག་པ་རིང་ཐུང་འཛུགས་དགོས་ཀྱི་ སོ་གཞུང་གཏན་འབེབས་ནང་གསལ་དམག་ གྲངས་བརྒྱད་བརྒྱ་དྲུག་ཅུ་སྐོར་ ལ་རང་ཁུངས་རྫོང་འགོ་སོ་སོའི་ནང་ ཁྲལ་ཡོང་འབབ་ཐོག་ནས་དམག་ཕོགས་སྤྲོ ད་དགོས་པ་དང་། གཡུལ་འགྱེད་སྐབས་གཡུལ་ས་ནས་ཐོབ་ པའི་དངོས་པོ་ཆེ་ཕྲ་དམག་དོན་བྱས་ རྗེས་སུ་འགོ་དམངས་ཉེ་སྙོམས་སུ་ བགོས་ཆོག་པའི་དམག་སྲོལ་ཡོད་ཅིང་ ། ཐོག་མར་བྱང་དམག་གསར་འཛུགས་སྐབས་ དམག་རྟེན་ནོར་ལུག་གྲངས་བཅད་ཀྱི་ ཁྲལ་འཁྲི་མེད་པར་ཚོ་ཤོག་སོ་སོར་ རྩིས་སྤྲོད་ཡོད་སྟབས་ཕྱིས་བྱང་ སོ་རིང་ཐུང་གི་སོ་མི་ཙམ་ལས་དེ་ བྱིངས་དགོས་གལ་ནམ་བྱུང་མཚམས་སྐོ ང་འགུགས་བྱ་རྒྱུ་ལས་རྣམ་ཀུན་རང་ ཁུངས་སུ་སློག་པ་དེ་དག་གི་ས་ནས་ དམག་དོད་བབས་མཚུངས་བསྡུ་ལེན་བྱེ ད་ལམ་ཡོད། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ བརྒྱད་པ་དང་སྲིད་སྐྱོང་རྟ་ཚག་ བསྟན་པའི་མགོན་པོའི་སྐུ་དུས་སུ་ བོད་དུ་གོར་དམག་གི་བཙན་འཛུལ་སྔ་ ཕྱི་བྱུང་སྟབས་མན་ཆིང་གོང་མ་ཆན་ ལུང་གི་བཀས་མངགས་བློན་ཆེན་ཕུ་སི ་ཀྲུང་ཐང་གིས་བོད་སྐྱོང་བྱེད་སྒོ འི་སྒྲིག་ཡིག་དོན་ཚན་ཉེར་དགུ་ གཏན་འབེབས་བྱས་པའི་ནང་ཚན་རྒྱལ་ མཚམས་བརྟན་སྲུང་ཆེད་བོད་རང་ཁུ ངས་ནས་དམག་དཔུང་རྩ་འཛུགས་བྱེད་ དགོས་པའི་དགོངས་དོན་ལྟར་རབ་བྱུ ང་བཅུ་གསུམ་པའི་ལྕགས་ཁྱི་ (༡༧༩༠) ལོ་རྒྱ་སྦྱོང་བོད་དམག་སུམ་སྟོང་ གསར་འཛུགས་བྱ་རྒྱུར་གཏན་འཁེལ་གྱི ས་དབུས་གཙང་རྫོང་གཞིས་སོ་སོའི་ དེ་སྔའི་ས་ཐོ་ཁག་ལ་ཞིབ་འཇུག་ཐོ ག་གཞུང་སྒེར་ཆོས་གསུམ་ལེབ་བསྡུ ར་གྱིས་རྐང་གྲངས་མང་ཉུང་ལ་གཞི གས་པས་དམག་དང་། འདུར་ (དམག་རྐང་མིན་པའི་གཞུང་སྒེ ར་ཆོས་གསུམ་གྱི་ས་ཞིང་ཡོངས་ལ་ཟེ ར་) ཞེས་ཞི་དྲག་ཁྲལ་རྟེན་དབྱེ་ བཅད་ཆ་གསེས་ཐོག་དམག་རྟེན་དབུས་ གཙང་འདྲ་བ་རེར་ས་རབ་འབྲིང་ལ་གཞི གས་པས་སོན་ཁལ་ལྔ་བཅུ་ནས་བདུན་ཅུ འི་བར་དང་། འཁྲི་ཁུངས་སོ་སོས་དམག་འགྲོ་གོ་ ཐང་རེ་ངོ་འཛུགས་བྱས་ཕྱིན་དེ་བྱི ངས་ཀྱི་ཁྲལ་རིགས་རྩ་ཆག་བཏང་བ་ དང་། དམག་མིའི་རྩིས་འཁྲིའི་གོ་ལག་སོ གས་བོར་བརླག་སོང་རིགས་དམག་འཁྲི་ སོ་སོས་ཁུངས་སྒྲིག་བྱེད་དགོས་པ་ བཅས་ཀྱི་དམག་ཤོག་བཀའ་ཐམ་འབྱར་མ་ རེ་དམག་འཁྲི་དོ་བདག་སོ་སོར་སྤྲ ད་དེ་དབུས་ཁུལ་ནས་དམག་གྲངས་ཆིག་ སྟོང་ཐམ་པ་དང་། གཞིས་རྩེ་ནས་དམག་གྲངས་ཆིག་སྟོང་ ཐམ་པ། རྒྱལ་རྩེ་ནས་དམག་གྲངས་ལྔ་བརྒྱ་ ཐམ་པ། དིང་རི་ནས་དམག་གྲངས་ལྔ་བརྒྱ་ བཅས་བསྡུས་ཐོག་དམག་གྲངས་ལྔ་བརྒྱ ་རེར་སྤྱི་ཁྱབ་མདའ་དཔོན་རེ་དང་། རུ་དཔོན་གཉིས། བརྒྱ་དཔོན་ལྔ། ལྡིང་དཔོན་ཉི་ཤུ། བཅུ་དཔོན་ལྔ་བཅུ་ཐམ་པ་རེ་བརྩིས་ དབུས་མདའ་དཔོན་གཉིས། གཞིས་རྩེ་མདའ་དཔོན་གཉིས། རྒྱལ་རྩེ་མདའ་དཔོན་གཅིག དིང་རི་མདའ་དཔོན་གཅིག་བཅས་སྤྱི་ ཁྱབ་མདའ་ཁག་དྲུག་ཡོད་པ་དང་། འགོ་དམག་གི་ཕོགས་ཐོབ་ཐད་སྤྱི་ཁྱ བ་མདའ་དཔོན་སོ་སོར་མདའ་གཞིས་རེ། རུ་དཔོན་མན་དང་། དམག་དཀྱུས་འདྲ་བ་རེར་ཟླ་རེ་འབྲུ ་ཁལ་གཉིས་བྲེ་བཅུ། ཇ་མར་འོས་འཚམ། ཤ་དོད་དངུལ་ཞོ་དོ་སྐར་ལྔ་རེ་རྩི ས་རུ་དཔོན་ལ་ངོ་སྐལ་ལྔ། བརྒྱ་དཔོན་ལ་གསུམ། ལྡིང་བཅུ་འདྲ་བར་ངོ་སྐལ་གཉིས་རེ ་བཅས་འགོ་དམག་གཞིས་བྱེས་གང་དུ་ འགྲོ་སྡོད་བྱས་རུང་གཞུང་ཕོགས་ ཁང་ནས་དམག་ཕོགས་རྒྱག་དགོས་པ་དང་ ། དབྱར་དགུན་གྱོན་ཆས་དམག་འཁྲི་སོ་ སོས་ལོ་ལྟར་སྤྲོད་དགོས་པ། སྐབས་དེའི་དམག་མིའི་དམག་རྩེད་ དང་། སྒྲིག་སྲོལ་ནི་མན་ཆིང་གོང་མའི་ དམག་སྲོལ་ལྟར་ལག་བསྟར་བྱེད་ཀྱི་ ཡོད་པ་རེད། གོང་གསལ་རྒྱ་སྦྱོང་བོད་དམག་སུམ་ སྟོང་ཐམ་པ་གསར་འཛུགས་བྱས་པ་དང་ ཆབས་ཅིག་ཕོགས་ཁང་གསར་འཛུགས་ཀྱི་ དོ་དམ་མཁན་ཆུང་གཅིག་དང་། རིམ་བཞི་གཅིག ལས་བྱ་སེར་སྐྱ་བཞི་བཅས་ཡོད་པ་དེ ་དག་གི་ལས་འགན་གཙོ་བོ་ནི་དབུས་ གཙང་ཁུལ་དམག་ཕོགས་མ་དངུལ་གསར་ འཛུགས་བྱས་པའི་ལོའི་བསྐྱེད་འབབ་ བསྡུ་ལེན་གྱིས་དམག་སྒར་སོ་སོར་ དངུལ་ཕོགས་དུས་ཐོག་ཏུ་རྒྱག་དགོ ས་པ་དང་། སྐབས་དེར་གཙང་དམག་ཁོངས་ནས་གྲོ་ མོ་ས་སྲུང་དུ་ལྡིང་ཁག་གཉིས་གསུ མ་ཙམ་མ་གཏོགས་དེ་བྱིངས་དམག་དཔུ ང་ཚང་མ་ཕྱོགས་ཐོན་མ་དགོས་པར་དབུ ས་གཙང་རང་དུ་སྡོད་མུས་ལ་བརྟེན་ རྩ་བའི་དམག་ཕོགས་ནི་གཙང་ཁུལ་འབྲུ མ་ཕོ་ལྷ་གཞིས་དང་། རྒྱ་ཤར་གཏེར་སྣ་གཞིས། རྒྱལ་རྩེ་ནུབ་གླིང་གཞིས། སྙེ་མོ་སྨོན་མཁར་གཞིས་འོག་འབྲོ ང་རྫོང་ཤར་ནུབ། དབུས་ཁུལ་སྟོད་ལུང་ཉན་སྒང་སྐྱི ད་གཞིས། མཐོང་སྨོན་ཆུ་འཁོར་གཞིས། སྐྱིད་གཤོང་ཤར་ཕྱོགས་གཞིས། སྣེ་གདོང་བན་རྩ་གཞིས་བཅས་ཀྱི་ གཞིས་འབྲུའི་ཐོག་ནས་རྒྱག་དགོས་ པ་དང་། དེ་དག་གི་ལྡེང་མིན་བྱུང་ན་འབྲུ་ འབོར་ཇི་དགོས་དོ་དམ་པས་བཀའ་ཤག་ ལ་སྙན་སེང་དང་འབྲེལ་ཁད་ཉེའི་རྫོ ང་གཞིས་ཁག་གི་བཅུ་ཟུར་གཞིས་འབྲུ འི་བཀར་སྟེང་ནས་བཏོན་རྒྱ་ཞུས་ཏེ ་ཕོགས་དཔོན་མཁན་རིམ་རེས་མོས་ཀྱི ས་ལོ་ལྟར་གཙང་ཁུལ་འབྲུ་ཕོགས་རྒྱ ག་ཏུ་སྐྱོད་དགོས་པ། ཕོགས་དཔོན་རིམ་བཞིར་ཕ་གཞིས་རྟེ ན་གནས་དང་འབྲེལ་བ་ཡོད་སྟབས་དམི གས་བསལ་ཕོགས་ཐོབ་མེད་ཅིང་། མཁན་ཆུང་ལ་སྟོད་ལུང་སྒང་སྐྱིད་ གཞིས་ནས་ལོ་རེ་འབལ་གྲོ་རུའི་ ཁལ་ ༢༥༠ དང་། ལྕི་རྒྱབ་ ༧༥ རེ་སྤྲོད་ལམ་ཡོད་པ་ བཅས་རེད