ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།
ལེ་ཚན་དང་པོ། དགོན་སྡེ།
ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
༡ | བྱེད་དཀར་ཆོས་སྡེ་དགོན། | དུས་རབས་བཅུ་པ། | མཁས་བཙུན་ཡོན་ཏན་རྒྱ་མཚོ། | དགེ་ལུགས། |
༢ | ཡང་དགོན། | དུས་རབས་བཅོ་ལྔ་། | མཁས་བཙུན་ཡོན་ཏན་རྒྱ་མཚོ། | དགེ་ལུགས། |
༣ | ཤག་དགོན། | དུས་རབས་བཅུ་བདུན། | འབྲི་གུང་བླ་མ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས། | བཀའ་བརྒྱུད། |
༤ | དགེ་ལདུན་སྒང་བླ་བྲང་། | ༡༡༢༥ | སྤྲུལ་སྐུ་འཆི་མེད་དཔལ་བཟང། | རྙིང་མ།
|
༥ | ཨོ་རྒྱན་དགོན། | དུས་རབས་བཅུ་དྲུག། | འབྲི་གུང་པ་བཀྲིས་ཕུན་ཚོགས། | བཀའ་བརྒྱུད། |
༦ | དབོན་སྦུག་དགོན། | དུས་རབས་བཅོ་བརྒྱད། | ཀརྨ་སྐུ་ཕྲེང་གཉིས་པ། | བཀའ་བརྒྱུད། |
༧ | སྲིད་རྒྱལ་དགོན། | ༡༩༥༦ | མཚུར་ཕུ་ཆོས་ཁང་གི་མཛོད་པ་བསོད་ཆོས། | བཀའ་བརྒྱུད། |
༨ | དགའ་སྦོམ་དགོན། | དུས་རབས་བཅུ་གཉིས། | ཁམས་པ་རྒ་ལོ། | བཀའ་བརྒྱུད། |
༩ | རབ་རྒྱས་གླིང་། | དུས་རབས་བཅུ་བདུན། | གོ་ཤྲི་བསྟན་འཛིན་ཆོས་རྒྱལ། | དགེ་ལུགས། |
༡༠ | སྟག་ཆེན་དགོན། | མཚུར་ཕུ་རྒྱལ་ཚབ་སྐུ་ཕྲེང་གོང་མ་ཞིག | བཀའ་བརྒྱུད། | |
༡༡ | རྟ་འུར་དགོན། | འབྲི་གུང་པ་བཀྲིས་ཕུན་ཚོགས། | བཀའ་བརྒྱུད། | |
༡༢ | གསང་སྔགས་ཕོ་བྲང། | མཁན་གཙང་ལྕོག་དགའ་བླ་མ་ཞིག | བཀའ་བརྒྱུད། | |
༡༣ | ས་དཀར་དགོན། | གཙང་སྟག་སྣ་རྩེ་པུ་སྤྲུལ་སྐུ་ཞིག | བཀའ་བརྒྱུད། | |
༡༤ | འབྲོག་དགོན། | འབྲི་གུང་སྤྱན་སྔ་བ་ཞིག | བཀའ་བརྒྱུད། | |
༡༥ | དགོན་རྙིང། | ཞྭ་དམར་མཁའ་སྤྱོད་དབང་པོ། | བཀའ་བརྒྱུད། | |
༡༦ | གཡོ་ལུང་དགོན། | ཡར་འབྲོག་སྤྲུལ་སྐུ་ཞིག | བཀའ་བརྒྱུད། | |
༡༧ | བཟང་རི་དགོན། | འགྲོ་མགོན་སུམ་སྟོན་ལྷ་འབུམ། | བོན་པོ། | |
༡༨ | དུམ་བུ་རི། | རྡོ་རྗེ་ཕག་མོའི་སྐུ་ཕྲེང་ཞིག | བོ་དོང་། | |
༡༩ | ཆུ་བཟང་དགོན། | དགེ་ལུགས། | ||
༢༠ | ཁ་རག་དགོན། | རྙིང་མ། | ||
༢༡ | ཀུན་ར་དགོན། | དགེ་ལུགས། | ||
༢༢ | ལྷ་བུ་དགོན། | བཀའ་བརྒྱུད། | ||
༢༣ | རྗེས་མདོ་མགོན། | བཀའ་བརྒྱུད། | ||
༢༤ | དགོན་པ་ལྷོ། | རྙིང་མ། | ||
༢༥ | དགོན་པ་བྱང། | དགེ་ལུགས། | ||
༢༦ | རི་མཚོ་གཏེར་བདག་དགོན། | དགེ་ལུགས། | ||
༢༧ | རི་སྟིང་དགོན། | དགེ་ལུགས། | ||
༢༨ | ཕུན་ཚོགས་ཆོས་གླིང་དགོན། | དགེ་ལུགས། | ||
༢༩ | སྒྲུབ་སྡེ། | བཀའ་བརྒྱུད། | ||
༣༠ | བྱམས་ཚལ། | དགེ་ལུགས། | ||
༣༡ | ཨ་རི་དགོན། | དགེ་ལུགས། | ||
༣༢ | རྐྱང་མོ་དགོན། | དགེ་ལུགས། | ||
༣༣ | རྒྱལ་ཐང་དགོན། | དགེ་ལུགས། | ||
༣༤ | བྲག་དཀར་དགོན། | དགེ་ལུགས། | ||
༣༥ | ཆོས་ལུང་དགོན། | དགེ་ལུགས། | ||
༣༦ | ཆོས་སྡིང་དགོན། | བཀའ་བརྒྱུད། | ||
༣༧ | ལྕང་ར་དགོན། | བཀའ་བརྒྱུད། | ||
༣༨ | མཁའ་སྤྱོད་དགོན། | བཀའ་བརྒྱུད། | ||
༣༩ | རྒྱལ་མཚན་གླིང་། | བཀའ་བརྒྱུད། | ||
༤༠ | བཻ་རེ་དགོན། | རྙིང་མ། | ||
༤༡ | གཟིམ་ཁང་དགོན། | བོན་པོ། | ||
༤༢ | བོན་པོ་ལུང་དགོན། | རྙིང་མ། | ||
༤༣ | ལྷ་ལུང་དགོན། | བཀའ་བརྒྱུད། | ||
༤༤ | དབོན་ཕུག་དགོན། | རྙིང་མ། | ||
༤༥ | མཚམས་ཁང་དགོན། | དགེ་ལུགས། | ||
༤༦ | མཐའ་སེར་དགོན། | བཀའ་བརྒྱུད། | ||
༤༧ | རྒྱལ་དབང་དགོན། | རྙིང་མ། | ||
༤༨ | བསམ་གཏན་ཡང་རྩེ་དགོན། | བཀའ་བརྒྱུད། | ||
༤༩ | ཐར་པ་གླིང་། | |||
༥༠ | ཐེག་མཆོག་གླིང། | |||
༥༡ | ཆོས་སྡེ་དགོན། | |||
༥༢ | གཏེར་བདག་དགོན། | |||
༥༣ | བྱམས་གླིང་ལྷ་ཁང་། | དུས་རབས་བཅོ་ལྔ་། | མཁས་བཙུན་ཡོན་ཏན་རྒྱ་མཚོ། | དགེ་ལུགས། |
༥༤ | སྨོན་སྒང་ལྷ་ཁང་། | |||
༥༥ | ཁེང་ཁུངས་ལྷ་ཁང་། | |||
༥༦ | དགེ་འདུན་སྒང་ལྷ་ཁང་། |
ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།
ཨང་། | མཚན། | འཁྲུངས་ཡུལ། | འཁྲུངས་འདས། | མཆན། |
༡ | འབྲི་གུང་ཆོས་ཀྱི་རྒྱལ་པོ། | གཞུ་སྨད། | ༡༣༣༥-༡༤༠༧ | འབྲི་གུང་གདན་རབས་བཅུ་པ། |
༢ | ལོ་ཙཱ་བ་བཻ་རོ་ཙ་ན། | སྙེ་མོ། | དུས་རབས་བརྒྱད་པ། | ཁོང་ནི་རྙིང་མའི་བླ་མ་གྲགས་ཅན་ཞིག་དང་།བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་གྲགས་ཅན་གསུམ་གྱི་ཡ་གྱལ་ཡིན། |
༣ | མཁས་གྲུབ་ཁྱུང་པོ་རྣལ་འབྱོར། | སྙེ་མོ་ར་མངས་། | ༩༠༩-༡༡༣༩ | ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྲོལ་ཐོག་མར་དར་སྤེལ་མཛད་པ་པོ་ལགས། |
༤ | སུམ་སྟོན་ཡེ་ཤེས་གཟུངས། | དམར་སུམ་པ། | དུས་རབས་བཅུ་གཉིས། | གཡུ་ཐོག་ཡོན་ཏན་མགོན་པོའི་ཞབས་ལ་བཏུགས་ཏེ་གསོ་རིག་ལ་མཁས་པར་སྦྱངས། |
༥ | མཛེ་སྒོམ་དངོས་གྲུབ་རྒྱལ་མཚན། | དུས་རབས་བཅུ་གཉིས། | ||
༦ | བྱང་སེམས་བསོད་ནམས་གྲགས་པ། | ཕུ་གསུམ། | དུས་རབས་བཅུ་གསུམ་པ། | |
༧ | མཁས་བཙུན་ཡོན་ཏན་རྒྱ་མཚོ། | ཐོན་པ། | ༡༤༤༣-༡༥༢༡ | འབྲས་སྤུངས་དགོན་གྱི་ཁྲི་ཐོག་དགུ་པ་ཡིན། |
༨ | དཀོན་མཆོག་འགྲོ་ཕན་དབང་པོ། | མཚམས་གཞུ་སྟོད། | ༡༦༣༡- | |
༩ | ཁྲི་ཆེན་ངག་དབང་ཆོས་འཕེལ། | མར་རྐྱང་། | དུས་རབས་བཅོ་བརྒྱད་པ། | |
༡༠ | ཤག་རམ་བསོད་ནམས་ཚེ་རིང་། | དུས་རབས་བཅོ་བརྒྱད། | ||
༡༡ | ཤིང་བཟོ་ཀརྨ་བསོད་ནམས། | བྱ་སྒོ་གཞིས། | ༡༨༧༩-༡༩༣༥ | |
༡༢ | ཐུབ་བསྟན་ཀུན་འཕེལ། | གཞུ་བཀྲས་གཤོངས། | ༡༩༠༥-༡༩༦༣ | |
༡༣ | འཚོ་བྱེད་རིག་འཛིན་ལྷུན་གྲུབ་དཔལ་འབྱོར། | ༡༨༩༨-༡༩༨༦ | ||
༡༤ | ཡེ་ཤེས་ཆོས་འཕེལ། | -༡༩༧༠ | མཁྱེན་རབ་ནོར་བུའི་སློབ་མ། གནམ་རིག་སྐར་རྩིས་མཁས་དབང་། | |
༡༥ | དབང་ཪིན་ཆེན་ཆོས་རྒྱལ། | གཞུ་སྨད། | ༡༤༤༨-༡༥༠༤ | |
༡༦ | འབྲི་གུང་རྒྱལ་བ་རིན་ཆེན་ཕུན་ཚོགས། | གཞུ། | ༡༥༠༩-༡༥༥༧ | འབྲི་གུང་གདན་རབས་བཅུ་དྲུག་པ་ཡིན། |
༡༧ | གཏེར་སྟོན་སྙེ་མོ་ཞུ་ཡས། | སྙེ་མོ། | གཏེར་སྟོན་བརྒྱ་རྩའི་ཡ་གྱལ།རོང་པོ་འདམ་གྱི་སྙིང་དྲུང་ཤེལ་མ་བྲག་ནས་སེམས་ཕྱོགས་རྒྱུད་སྡེ་ཉེར་ལྔ་སོགས་གཏེར་ནས་བཞེས། | |
༡༨ | རི་པ་སངས་རྒྱས་དབང་ཆེན། | སྙེ་མོ། | གཏེར་སྟོན་བརྒྱ་རྩའི་ཡ་གྱལ། འདིས་རྟ་མགྲིན་གསང་སྒྲུབ་ཀྱི་སྐོར་རྣམས་གཏེར་ལས་བཞེས། | |
༡༩ | འཚོ་བྱེད་རྡོ་རྗེ་རྒྱལ་མཚན། | སྙེ་མོ། | དུས་རབས་ ༡༩། | སྨན་རྩིས་མཁྱེན་རབ་ནོར་བུའི་དགེ་རྒན། |
༢༠ | དོན་གྲུབ་གཡུ་རྒྱལ། | ཕུ་གསུམ། | དུས་རབས་ ༡༩། | ཡིག་གཟུགས་མཁས་དབང་། |
༢༡ | རྨར་ལམ་སྐལ་བཟང་དགྲ་འདུལ། | རྨ་ལམ། | དུས་རབས་ ༡༩། | རོལ་ཆ་མཁས་ཅན། |
ལེ་ཚན་གསུམ་པ། གནའ་ཤུལ།
མཁར།བང་སོ། དུར།གནས། | ས་གནས། | མཆན། | |
མཁར། | ཐོན་གྱི་ལུག་ར་ཁ། | ཐོན་པ་གྲོང། | བློན་ཆེན་པོ་ཐོན་མིའི་འཁྲུངས་ཁང། |
མཁར། | དགའ་ལྡན་རྫོང། | ཐོན་ཕུའི་རི་རྩེ། | ཐོན་ཕུའི་རི་རྩེ་ཞིག་ཏུ་དགའ་ལྡན་རྫོང་ཞེས་མཁར་ཤུལ་ཆེན་པོ་ཡོད་པ་དེར་ཟེར། |
ཟམ་པ། | སྙེ་མོ་ལྕགས་ཟམ། | སྙེ་མོ་གྲོང། | དུས་རབས་བཅུ་བཞི་པའི་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཕྱག་བཏབ་པར་གྲགས། |
རྒས་མོའི་དཀར་ཁུང་ཉི་ཐིག | ལྷུན་སྒང་གྲོང། | རྒས་མོ་དོན་གྲུབ་དབང་མོས་ཁང་པའི་དཀར་ཁུང་ནས་ཉི་ཐིག་བལྟས་ཏེ་ཞིང་ལས་བྱེད་པ་དེར་ཟེར། | |
གནས། | འགྲོ་བ་མཆོད་རྟེན། | སྙེ་མོ་གྲོང། | གནའ་བའི་མཆོད་རྟེན་ཐོག་ཚད་མ་དེ་ཤོད་རྒྱུན་ལ་ས་འོག་ནས་རང་བྱུང་དུ་སྐྱེས་པར་གྲགས། བུད་མེད་ཕྲུ་གུ་མི་འཁོར་བ་རྣམས་དེ་ལ་སྐོར་བ་བསགས་ན་ཕྲུ་གུ་འཁོར་བ་ཡིན་སྐད། |
གནས། | སྨེའུ་ཚང་གི་གདུང་རབས། | དར་གྲོང། | བོན་གྱི་གདུང་རྒྱུད་ཆེ་གྲས་ཤིག་ཡིན། |
གནས་རི། | ཇོ་མོ་གངས་དཀར། | མར་རྐྱང་གྲོང། | བརྟན་མ་བཅུ་གཉིས་གྲས་ཀྱི་གནས་རི་གྲགས་ཅན་ཞིག་ཡིན། |
གནས། | གནས་བཻ་རོ་ཙ་ན། | དར་གྲོང། | དུས་རབས་བརྒྱད་པའི་ནང་བཻ་རོ་ཙ་ན་དངོས་སུ་བཞུགས་མྱོང་བའི་སྒྲུབ་ཕུག |
གནས། | ཐོན་མིའི་གདུང་རྟེན། | ཐོན་ཕུ། | ཐོན་ཕུའི་ནུབ་ངོས་སུ་ཐོན་ཁོངས་དགོན་ཁག་བརྒྱད་སོ་སོའི་མགོན་ཁང་རེ་ཡོད་པའི་ཁང་པ་སེར་པོ་ཞིག་ཡོད་པ་དེའི་ཐོག་སོ་གཉིས་པར་གསེར་གདུང་ཁང་ཞེས་པའི་ལྷ་ཁང་ནང་མཆོད་རྟེན་ཐོག་ཚད་མ་ཞིག་ཡོད་པ་དེ་ཐོན་མི་སམ་བྷོ་ཊའི་གདུང་རྟེན་ཡིན་པ་བརྗོད་སྲོལ་ཡོད། |
ཡུལ་ལྗོངས། | གནས་ཡུལ་གྱི་མཛེས་ལྗོངས། | གནས་ཡུལ། | ཨོ་རྒྱན་པདྨའི་སྦས་ལུང་ཡིན། ཁུལ་དེར་ཤུག་སྡོང་མང་པོ་ཡོད། |
ས་བཅད་བརྒྱད་པ། དམངས་སྲོལ།
༡ སྙེ་མོ་ཕུག་པའི་མགོ་སེ་དང་ལུད་ཆེན།
སྙེ་མོ་ཕུག་པའི་ཁུལ་དུ་བཟའ་རྩམ་འཐག་སྐབས་མགོ་སེ་ཞེས་སྦང་མ་སྐམ་པོ་ཡོས་དང་བསྲེས་ནས་བཏགས་པའི་སྦང་རྩམ་ཟ་བའི་གོམས་གཤིས་ཡོད་ཅིང་། ཡུལ་ཚོ་དེར་ཁྱིམ་ཚང་དྲག་གཞན་ཚང་མས་སྦང་རྩམ་སྲེས་པ་ཟ་སྲོལ་ཡོད་པ་མ་ཟད། དེ་ཡུལ་སྲོལ་དུ་གྱུར་པས་སྦང་མ་མེད་ན་རྣམ་རྟོག་བརྩི་བ་དང་། ཐ་ན་བུ་མོ་བག་མར་བསྟེར་དུས་ཀྱང་སྦང་མ་ཕྲན་བུ་རེ་བསྐུར་སྲོལ་ཡོད་པར་གྲགས། དེ་ནི་ཕུག་དབུས་གཙང་དུ་སྐད་གྲགས་ཡོད་པའི་སྙེ་མོ་ཕུག་དཀར་ཞེས་པའི་ནས་སྤུས་དག་ཤོས་ཐོན་ཡུལ་ཞིག་ཡིན་མོད། གཞུང་སྒེར་ཆོས་གསུམ་གྱི་ཁྲལ་ཆེ་བས་རང་ཉིད་སྦང་སྐམ་བསྲེས་པ་མ་བཟས་ཀ་མེད་གྱུར་སྟབས་གོམས་གཤིས་སུ་ཆགས་པ་གསུངས།[1]
ཞིང་དུད་ཁྱིམ་ཚང་ཚོས་དཔྱིད་འགོར་ལུད་ཆེན་ཞེས་ཁྱིམ་ལུད་བཏོན་རྗེས། གནའ་རབས་ཀྱི་དྲག་ཆས་སྤྲས་པའི་སྐྱེས་པ་ཁག་གཅིག་ནས་ལུད་ཕུང་གི་མཐའ་སྐོར་ཏེ་སྦད་ཤོད་སྲོལ་ཡོད། རྦད་ཀྱི་ཚིག་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། གདངས་ནི་དེ་བས་སྒྱུར་ཁུག་ཡ་མཚན་ཅན་ཞིག་ཡིན་པས་ཧྥུའུ་ཙེ་སོགས་ལ་སྒྲ་ཕབ་ཐབས་མེད་ཟེར་སྐད།[2]
༢ བཤད་སྒྲའི་ལྷ་མོ་དང་ཆུ་རེས་ཤོ་ཤོ།
སྙེ་མོ་ཁུལ་དེར་དམིགས་བསལ་དམངས་སྒྲུང་ལ་བཙུན་མ་འབུམ་ངག་འདོན་གྱི་པུར་དང་། ལྗགས་སྨིན་སྔགས་པའི་ཁྱིམ་ཚང་། དྲེའུར་དྲེའུ་ཕྲུག་སྐྱེས་པ། དམངས་སྒྲུང་སྨྱོ་ལ་ལྕམ་སོགས་དར་ཁྱབ་ཆེ་བ། ཁུལ་དེར་བཤད་སྒྲའི་ལྷ་མོ་བ་ཞེས་སྙེ་མོ་དར་གྲོང་མང་ཚོགས་ཚོས་འཁྲབ་སྲོལ་ཡོད་ཐོག་ལྷ་མོ་བ་རྒན་རབས་པའི་གསུངས་རྒྱུན་དུ། ལྷ་མོ་འཁྲབ་སྲོལ་འདི་ནི་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་དར་འགོ་ཚུགས་པ་ཞིག་དང་། སྐབས་དེར་མི་གྲངས་ ༩ ཙམ་གྱི་ར་ལྤགས་དཀར་པོ་འཁྲབ་མུས་ནས་རྗེས་སུ་མི་གྲངས་ ༢༢ བར་འཕར་ཡོད་པ་མ་ཟད་རྒྱུན་སྲོལ་ར་ལྤགས་དཀར་པོ་རྒྱུན་འཁྲབ་ཐོག་སྐབས་བསྟུན་ལྷ་མོའི་འཁྲབ་གཞུང་དུ་བསྒྱུར་ཏེ་སྣང་བ་འོད་འབུམ་དང་། དྲི་མེད་ཀུན་ལྡན་གྱི་འཁྲབ་གཞུང་འབྲས་སྤུངས་དང་། ལྷ་ས། སྙེ་མོ་ཁུལ་སོགས་ལ་འཁྲབ་སྲོལ་ཡོད། གཞན་ཡང་ལྷུན་སྒང་དང་། གཞུ་བཅས་སུའང་ལྷ་མོ་ཚོགས་པ་ཡོད་པ་དང་། དེ་མིན་ད་དུང་སྒོར་གཞས་དང་། གཞས་ཆེན། ཆང་གཞས། གཞས་ཤགས་སོགས་དར་སོ་ཆེན་པོ་ཡོད།[3]
ཆུ་རེས་ཤོ་ཤོ་ནི་དེ་སྔ་ཞོ་ལེགས་དང་། དར་གྲོང་། བཟང་རི་བཅས་ལ་བླ་ཆུ་ཞེས་པའི་ཡུར་བུ་གཅིག་ལས་མེད་སྟབས། དེའི་ཆུ་རེས་སྐོར་ལ་སྔ་རྟིང་རྒྱན་རྒྱག་བྱེད་སྒོ་ཞིག་རེད། དེ་ཉིན་ཚོ་ཁག་སོ་སོའི་རྒྱན་རྒྱག་སྐུ་ཚབ་པས་ཞྭ་མོ་འབོག་ཐོ་དང་། འབུ་རས་སམ། སི་ཤན་སོགས་ཀྱི་ཕྱུ་པ་དཀར་པོ་གྱོན་ཏེ་དར་གྲོང་དུ་ཡོང་ནས་ཁོང་ཚོས་ཤོ་ཆེན་པོ་གསུངམ་དཀྲུགས་ཏེ་ཆུ་རེས་དང་གཉིས་ཐག་གཅོད་བྱེད་ཅིང་། དེ་ཉིན་མང་ཚོགས་མང་པོ་ལྟས་མོར་ཡོང་སྲོལ་འདུག ཤོ་རྒྱག་མཁན་གྱིས་ཤོ་མིག་ ༡༨ རྒྱག་ཐུབ་ན་ཆུ་རེས་དང་པོ་འཁོར་བས་ས་ཞིང་འདེབས་ཆུ་དུས་ཐོག་ཏུ་འཁེལ་སྟབས་ལོ་ལེགས་ཡོང་ངེས་དང་། ཤོ་མིག་གསུམ་པ་བབས་ན་རྟེའུ་ཞེས་ཤོ་ཤོར་ཏེ་ཚོ་པ་ཚང་མའི་རྗེས་སུ་མ་གཏོགས་ཆུ་སྤྱོད་རྒྱུ་མེད་པས་འདེབས་ཆུ་ཕྱིས་རྐྱེན་ལོ་ཉེས་ཡོང་རྒྱུ་རེད་འདུག ཆུ་རྒྱན་རྒྱབ་ཚར་རྗེས་ཚོ་པ་སོ་སོའི་སྐུ་ཚབ་རྣམས་ཁ་སྤྲོད་དུ་བསྡད་དེ་ཤགས་རྒྱག་སྲོལ་ཡོད། ཤགས་ཀྱི་གདངས་ནི་དེ་བས་ཡ་མཚན་ཆེ་བ་དང་། ཤགས་ཚིག་ནི་ཚིབ་རྩུབ་དང་། ངར་སློང་། ཟུར་ཟ། དགོས་བྲོ་བ་སོགས་ཡིན། དགོང་དྲོ་ཆུ་དཔོན་གྱིས་འཇམ་ཤགས་རྒྱག་དགོས་ཞེས་བཀའ་ཕབ་འཕྲལ་བསྟོད་ཚིག་ཁོ་ན་མ་གཏོགས་རྒྱག་སྲོལ་མི་འདུག[4]
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དགུ་པ། སྙེ་མོ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༢༠༠༠། ཤོག ༡༡།
[2] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དགུ་པ། སྙེ་མོ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༢༠༠༠། ཤོག ༡༣།
[3] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དགུ་པ། སྙེ་མོ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༢༠༠༠། ཤོག ༢༣།
[4] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དགུ་པ། སྙེ་མོ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༢༠༠༠། ཤོག ༡༤།