གནམ་རི་སྲོང་བཙན་གྱི་ལོ་རྒྱུས་མཛད་རྗེས་རགས་བསྡུས།

གནམ་རི་སྲོང་བཙན་གྱི་ལོ་རྒྱུས་མཛད་རྗེས་རགས་བསྡུས།

གནམ་རི་སྲོང་བཙན་གྱི་ལོ་རྒྱུས་མཛད་རྗེས་རགས་བསྡུས།[1]

༄༅། །(རྩོམ་སྒྲིག་པའི་གཏམ། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བོད་ཀྱི་ལོ་རྒྱུས་ཤེས་བྱ་སྟེ་འདས་པའི་དུས་སུ་དགའ་བར་འོས་པའི་རྒྱལ་ཁ་དང༌། གསབ་ཐབས་བསྲལ་བའི་གྱོང་གཞན་གཉིས་གང་ལས་བྱུང་བའི་འགག་རྩ་རྒྱལ་བློན་འབངས་གསུམ་རྩེ་གཅིག་མཐུན་ཡོད་མེད་ལ་ཐུག་པའི་ལོ་རྒྱུས་ཀྱི་དོན་དངོས་དཔེ་མཚོན་འགའ་ཞིག་མཚམས་སྦྱོར་ཞུ་ཆེད་ང་ཚོས་གཤམ་གསལ་གྱི་རྩོམ་ཡིག་འདི་འཚོལ་བསྡུ་བྱས་པ་ཡིན། ང་ཚོ་ཚང་མས་ལོ་རྒྱུས་ཀྱི་ཆེད་དུ་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུ་མིན་པར།

ངེས་པར་དུ་ལོ་རྒྱུས་ཀྱི་རྩ་ཆེའི་ཉམས་མྱོང་ནས་བསླབ་བྱ་བླངས་ཏེ་གནའ་བཟང་དེང་སྤྱོད་ཀྱིས་མ་འོངས་པའི་ལོ་རྒྱུས་མཛེས་ལྗོངས་ཀྱི་དོན་འདི་དེ་བས་ཁ་ཕྱོགས་གསལ་པོའི་སྒོ་ནས་འབད་བརྩོན་གནང་ཐུབ་པ་གནང་རྒྱུ་དེ་ཡིན།)

འདིར་ས་ལ་སྤྱོད་པའི་རྒྱལ་པོ་ཆེན་པོ་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་ཐོར་བུ་ཙམ་ཞིག་བརྗོད་པར་བྱ་སྟེ། གནམ་རི་སྲོང་བཙན་གྱིས་བོད་ཡུལ་གཅིག་གྱུར་བྱེད་པར་འགྱུར་བ་མེད་པའི་རྨང་གཞི་རྡོ་རྗེའི་བྲག་རི་ལྟ་བུ་ཞིག་བཞག་ཡོད་པ་ལོ་རྒྱུས་ལ་དོན་གཉེར་ཆེ་བའི་བློ་གསལ་ཡོད་དོ་ཅོག་གིས་རྒྱུད་དུ་ལེན་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས་ཤིང༌། གནམ་རི་སྲོང་བཙན་གྱིས་བོད་ཡུལ་གཅིག་གྱུར་མ་མཛད་པའི་གོང་དུ་ཡར་ལུང་གི་རྒྱལ་ཕྲན་རྣམས་ཕུད། ད་དུང་རྒྱལ་ཕྲན་འགའ་ཡང་ཡོད་དེ། ཞང་ཞུང་དང༌། སུམ་པ། ཉ་གཉེ། བོད་བློན། ལྡོང་སྦྱང༌། དྭགས་པོ། ཉང་པོ། གྲུ་གུ་བཅས་མང་དུ་མཆིས་སོ།

༡ བོད་ཡུལ་གཅིག་གྱུར་མ་བྱས་གྲུ་གུ་རྒྱལ་ཕྲན་ཁག་གི་སྐོར། དེ་ཡང་རྒྱལ་པོ་སྟག་རི་གཉན་གཟིགས་དང་འོལ་གོང་བཟའ་སྟོང་བཙུན་འགྲོ་དཀར་གྱིས་སྲས་སུ་གནམ་རི་སྲོང་བཙན་འཁྲུངས་ཤིང༌། སྐུ་ནར་སོན་པ་ན་ཡབ་ཀྱི་འཇིགས་པ་མེད་པའི་སེང་གེའི་ཁྲི་ལ་མངའ་གསོལ་བ་དང༌། དེ་ནས་བོད་ཆེན་པོའི་རྒྱལ་ཁམས་ལ་དབང་སྒྱུར་མཛད། ཡིན་ནའང་སྐབས་དེར་བོད་ཀྱི་རྒྱལ་ཕྲན་དག་གིས་རང་རང་གི་ས་རུ་མཁར་བུ་རེ་བཟུང་ནས་འདུག་པ་ནི་གཤམ་གྱི་རྒྱལ་ཕྲན་འདི་དག་ཡིན་ནོ། །ཞང་ཞུང་རྒྱལ་ཕྲན་དང༌། སུམ་པའི་རྒྱལ་ཕྲན། བོད་བློན་གྱི་རྒྱལ་ཕྲན། ལྡོང་སྦྱང་གི་རྒྱལ་ཕྲན། གྲུ་གའི་རྒྱལ་ཕྲན་སོགས་ཡིན།

༢ བོད་ཡུལ་གཅིག་གྱུར་མཛད་པའི་སྐོར། རྒྱལ་པོ་གནམ་རི་སྲོང་བཙན་ནི་གནའ་བོའི་བོད་ཀྱི་རླབས་ཆེ་བའི་བཙན་པོ་དང་གཡུལ་བསྲེ་བ་ལ་མཁྱེན་རླབས་ཀྱི་འཇུག་པ་མཁའ་ལྟར་ཡངས་པའི་དམག་དོན་མཁས་ཅན་ཞིག་ཡིན་ལ། བོད་ཡུལ་དུ་རྒྱུ་སྐར་གྱི་ཚོགས་ལྟར་བཀྲམས་པའི་རྒྱལ་ཕྲན་རྣམས་ཀྱི་ནང་ནས་ཕལ་མོ་ཆེ་ཞིག་རྒྱལ་པོ་འདི་པའི་སྐུ་རིང་ལ་གཅིག་གྱུར་མཛད། བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་འཁོད་པ་ལྟར་ན། བོད་ཡུལ་གྱི་རྒྱལ་ཕྲན་མ་ལུས་གཅིག་གྱུར་མཛད་པའི་ཕྱོགས་སུ་བསྐུལ་བའི་བྱེད་པ་ནི་ཡབ་སྟག་རི་གཉན་གཟིགས་ཡིན་པ་གྲགས་ཤིང༌། རྒྱལ་པོ་འདི་པའི་སྐུ་རིང་ལ་བོད་ཀྱི་རྒྱལ་ས་ནི་ཕྱིང་བ་སྟག་རྩེའི་གནས་སུ་བསྒྱུར་བའི་རྒྱལ་ཕྲན་སོགས་རྒྱལ་ཕྲན་སྟོབས་པོ་ཆེ་མང་དུ་ཡོད། དེ་ནས་སྟག་སྐྱ་བོ་ལོག་པའི་ལམ་དུ་ཞུགས་ཏེ་རྒྱལ་སྲིད་ཡང་དག་པར་མ་བསྐྱངས་པས། ཡུལ་གྱི་མི་དབུལ་ཞིང་སྲིད་ཀྱི་ཉམས་ནི་དམའ། འོག་གི་བློན་པོ་བཟང་པོ་མཉམ་འཛི་བཟུང་བློན་པོའི་གནས་ལས་ཕྱུང་བས་དེས་ཁྲི་པང་སུམ་གི་སྐྱབས་འོག་ཏུ་ཞུགས་ཏེ་སྟག་སྐྱ་བོར་དམག་དྲངས་ཏེ་སྟག་སྐྱ་བོའི་ཡུལ་ཡེ་རབ་སྡེ་བཞི་དང་ཀླུང་ཡ་སུམ་རྣམས་དབང་འོག་ཏུ་བཅུག་པས། སྟག་སྐྱ་བོའི་རྒྱལ་ཕྲན་འདི་ཉིད་མིང་གི་ལྷག་མ་ཙམ་དུ་གྱུར། རྗེ་བོ་ཀྲི་པར་སུམ་གྱི་མཁར་སྡུར་བ་ནས་བཅད་དེ་ཀླུང་ཡ་སུམ་གྱི་སྨད་ཕྱོགས་ཀྱི་ས་དང་མི་སྡེ་རྣམས་མཉམ་འཛི་བཟུང་ནག་པོའི་བྲན་ཏུ་བྱིན། མཉམ་འཛི་བཟུང་གི་བྲན་ཏུ་གྱུར་བའི་མྱང་ཙེང་སྐུ་དང་དབའས་དབྱི་ཚབ་གཉིས་ཟིང་པོ་རྗེ་ཁྲི་པང་སུམ་ལ་འཁུ་ཏེ། བོད་ཀྱི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་སྐྱབས་འོག་ཏུ་ཞུགས་ཏེ་བཙན་པོ་སྤུར་རྒྱལ་ལ་གློ་བ་ཉེ་བའི་མནའ་མཐོ་ཆེར་བཅད་ཅིང༌། ཟིང་པོ་རྗེ་ཀྲི་པང་སུམ་བོད་ཀྱི་དབང་འོག་ཏུ་འཇུག་རྒྱུའི་ཇུས་གཞི་མངོན་པར་གཤམ། གཡུང་དྲུང་ཆོས་འབྱུང་དུ། སྟག་རི་གཉན་གཟིགས་ཀྱིས་དམག་དྲངས་ཏེ་རྒྱལ་ཕྲན་བཅུ་གཉིས་དབང་འོག་ཏུ་བཅུག་པའི་ཁར། རྒྱལ་ཕྲན་གཞན་པ་འགའ་ཡང་བཏུལ་བའི་གནས་ཚུལ་འཁོད་ཡོད་པར། མཀས་པའི་དགའ་སྟོན་དུ། རྒྱལ་ཕྲན་གྱི་སུམ་གཉིས་མངའ་འོག་ཏུ་འདུས། འ་ཞ་རྗེ། བནན་པ་རྗེ། བྲང་གར་རྗེ། ཞང་ཞུག་རྗེ་རྣམས་བཏུལ་ཞེས་འཁོད་ཡོད། དེ་ལ་གཞིགས་ན་རྒྱལ་པོ་འདི་པའི་སྐུ་རིང་ལ་ཁོར་ཡུག་གི་རྒྱལ་ཕྲན་མང་པོ་ཞིག་དཔུང་སྟོབས་ཀྱིས་དབང་འོག་ཏུ་བཅུག་ནས་བོད་ཀྱི་ཆབ་སྲིད་མཐའ་བཞིར་སྐྱེད་ཅིང༌། ཞང་ཞུང་ལ་སོགས་པའི་རྒྱལ་ཕྲན་རྣམས་ལའང་དམག་དྲངས་ཏེ་དབང་འོག་ཏུ་འཇུག་པའི་སྟ་གོན་དུ་ཞུགས་མོད། འོནཀྱང་སྐབས་དེར་བོད་ཀྱི་འབངས་རྣལ་མར་བཀུག་མེད་པ་རྟོགས་ཐུབ། ཡིན་ནའང་རྒྱལ་ཕྲན་མང་པོ་ཞིག་དབང་འོག་ཏུ་བཅུག་པས་བོད་ཀྱི་སྟོབས་ཤུགས་སྔར་ལས་ཆེ་བ་ཞིག་ཏུ་བཏང་ཞིང༌། དབང་འོག་ཏུ་མ་ཆུག་པའི་རྒྱལ་ཕྲན་རྣམས་ཀྱང་མཐར་གྱིས་དབང་འོག་ཏུ་འཇུག་པ་ལ་རྨང་གཞི་གལ་ཆེེན་པོ་ཞིག་བཏིང་བ་དང༌། དེས་སྲས་གནམ་རི་སྲོང་བཙན་གྱི་ཐུགས་སུ་བསུབ་ཐབས་བྲལ་བའི་ཤུགས་རྐྱེན་ཟབ་མོའི་རི་མོ་ཞིག་བྲིས་སོ།

ཡབ་དགུང་དུ་གཤེགས་རྗེས་རྒྱལ་སྲིད་ཀྱི་བྱ་གཞག་མ་ལུས་པ་གནམ་རི་སྲོང་བཙན་གྱི་སྤྱི་བོར་ལྷུང་ཞིང༌། ཡབ་ཀྱི་དགོངས་འདུན་ཇི་བཞིན་འགྲུབ་པར་བྱ་བའི་ཆེད་དུ་སྔར་དབང་འོག་ཏུ་མ་ཆུག་པའི་རྒྱལ་ཕྲན་མཐའ་དག་ཞི་བའི་ཐབས་དང་དྲག་པོ་དམག་གིས་སྟོབས་ལ་ཉེ་བར་བརྟེན་ནས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་དབང་འོག་ཏུ་འཇུག་རྒྱུའི་བགྱི་བ་རླབས་པོ་ཆེ་ཁུར་ཏུ་བཞེས་པ་དང༌། སྐབས་དེར་བོད་ཀྱི་རྒྱལ་ཕྲན་དེའི་སྤྱོ་ཚོགས་ཀྱི་དཔལ་འབྱོར་གོང་དུ་འཕེལ་ཚུལ་སྔར་ལས་ལེགས་པས་བོད་ཡུལ་གཅིག་གྱུར་བྱེད་པར་དངོས་པོ་དང་འཚོ་བའི་མཐུན་རྐྱེན་གྱི་རྨང་གཞི་ཆེན་པོ་ཞིག་བཞག རྒྱལ་ཕྲན་ཞིག་གིས་རགྱལ་ཕྲན་གཞན་རྣམས་དབང་འོག་ཏུ་འཇུག་པ་ལ་དཔལ་འབྱོར་དང་དམག་གིས་དཔུང་སྟོབས་སོགས་འགྲན་པའི་ཟླ་དང་བྲལ་བ་ཞིག་དགོས་པ་སྨོས་ཅི་དགོས། ལྷག་པར་གལ་ཆེ་བ་ཞིག་ནི་ནང་ཁུལ་གྱི་རྗེ་བློན་དག་མཏུན་སྒྲིལ་ཡོང་བ་དང་མཛུབ་མོ་ལྔ་བཅིངས་ཁུ་ཚུར་བྱེད་རྒྱུ་དེ་ཡིན་པས་ན། རྒྱལ་པོ་གནམ་རི་སསྲོང་བཙན་གྱིས་ཚུལ་དེར་དགོངས་ཏེ་བྲོ་མནའ་བོར་དགོས་པའི་བཀའ་བསྩལ་ཞིང་། རྒྱལ་པོ་གནམ་རི་སྲོང་བཙན་སྐུ་མཆེད་གཉིས་ཀྱི་མདུན་སར་བློན་ཆེན་པོ་མྱང་ཙེང་སྐུ། དབའས་དབྱི་ཚབ། དབའས་མེས་སྣང༌། དབའས་པུ་ཚབ། མནོན་འདྲོན་པོ། ཚེས་པོང་ནག་སེང་བཅས་ཀྱིས་བྲོ་མནའ་བོར་བ་སྟེ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་དེང་ཕན་ཆད། ཟིང་པོ་རྗེ་རྒྱབ་དུ་མྱ་དོར་རེ། མཏང་གྲང་རེ། མན་ངག་ཐུབ་པར་མྱ་འཚལ་རེ། པྱ་མ་ནང་འཚལ་རེ། སོམ་ཉི་བགྱད་རེ། བརྡུལ་ཕོད་པར་མྱ་འཚལ་རེ། སྲོག་སྤོངས་(མྱ)འཚལ་རེ། བཙན་པོ་སློན་བཙན་གྱིས། བཀའ་ཇ་སྩལད་པ་བཞིན་མྱ་ཉན་རེ། གཞན་སུས་བསླུས་ཀྱང་ནན་རེ་བར་བྲོ་སྩོལ་ཏོ། ཞེས་འབྱུང་བ་ཅུང་ཟད་གོ་བདེ་བའི་ཚིག་སྦྱོར་གྱི་ལམ་ནས་དྲངས་ན་དེང་ཕྱིན་ཆད། ཟིང་པོ་རྗེ་རྒྱབ་ཏུ་དོར་རྒྱུ་ཡིན། སྤུ་རྒྱལ་པང་དུ་ལེན་རྒྱུ་ཡིན། བཙན་པོ་སྤུ་རྒྱལ་ལ་གློ་བ་ཉེ་རྒྱུ་ཡིན། ཞབས་འདྲེན་བྱེད་རྒྱུ་མིན། གསང་བ་སྲུང་ཐུབ་པ་བྱ་རྒྱུ་ཡིན། ཕྱི་མ་ནང་མི་བྱེད། སོན་ཉི་མི་བྱེད། བརྡུལ་ཕོད་ལྡན་པ་བྱེད་རྒྱུ་ཡིན། རང་སྲོག་བློས་གཏོང་ཐུབ་པ་བྱེད་རྒྱུ་ཡིན། བཙན་པོ་གནམ་རི་སྲོང་བཙན་གྱིས་བཀའ་ཇི་སྩལ་ལ་ཉམ་རྒྱུ་ཡིན། གཞན་སུས་བསླུས་ཀྱང་ཉན་པར་མི་བྱེད་པའི་བྲོ་མནའ་བོར། ཞེས་པ་ལྟར་ཁབ་སོ་ནང་ཁུལ་གྱི་མཐུན་སྒྲིལ་ལྕགས་གོང་ལས་སྲ་བ་བྱུང༌། དེ་ནི་བོད་ཡུལ་གཅིག་གྱུར་བྱེད་པའི་མཐུན་རྐྱེན་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར།

དེ་ནས་ཐོག་མར་དགུ་གྲི་ཟེར་པོ་རྗེ་ལ་དམག་དྲངས་ཏེ་མཁར་ཡུལ་སྣ་དཔུང་ཤུགས་ཀྱིས་ཕབ། ཟིང་པོ་འཇིག་རྟེན་ཕཡི་མའི་གཟིགས་མོར་བཀོད། ཕག་གི་ཡུང་བ་སྣའི་མན་ཆད་དང་ཀོང་བྲེ་སྣ་ར་ཡན་ཆད་ཀྱི་ས་དང་མི་སྡེ་མཐའ་དང་བོད་ཀྱི་དབང་འོག་ཏུ་བཅུག་ནས་འཅངས་རྣལ་མར་བཀུག སྐབས་དེང་ཡུལ་ངས་པོ་འཕན་ཡུལ་དི་མིང་སྤོས། དེ་ན་ཁྱུང་པོ་སྤུང་ཟད་ཀྱི་དམག་དཔོན་བྱས་ཏེ་གཙང་བོད་ཀྱི་རྒལ་པོ་མར་མུན་ཞེས་བྱ་བའི་མགོ་བཅད་དེ་གཙང་ཀྱིམ་ཉིས་ཀྲི་བོད་ཀྱི་དབང་འོག་ཏུ་བཅུག་ནས་འབངས་རླ་མར་བཀུག དེའི་རྗེས་ལ་སེང་གེ་མི་ཆེན་གྱིས་དམག་དཔོན་བགྱིས་ཏེ་དྭགས་པོ་ཡོངས་རྫོགས་བོད་ཀྱི་དབང་འོག་ཏུ་བཅུག་ནས་འབངས་རྣལ་མར་བཀུག  དེ་ལྟར་བོད་ཡུལ་གྱི་ཞང་ཞུང་དང༌། དྭགས་པོ། ཉ་གཉི་ཀོང་པོ། ཉང་པོ་ལ་སོགས་པའི་ཁོར་ཡུག་གི་རྒྱལ་ཕྲན་མ་ལུས་དབང་འོག་ཏུ་བཅུག་ནས་དཔྱ་ཕབ་སྟེ་བོད་ཡུལ་གཅིག་གྱུར་མཛད།

བོད་ཡུལ་གཅིག་གྱུར་བྱས་རྗེས། ཚབ་སྲིད་མཐའ་བཞིར་བསྐྱེད་པའི་དགོངས་འདུན་བཟལོག་པར་དཀའ་བ་བྱུང་ནས་སུམ་པ་ལ་དམག་དྲང་པ་དང༌། རྒྱལ་པོ་གནམ་རི་སྲོང་བཙན་སྐུ་དངོས་ཀྱིས་དམག་དཔོན་མཛད་དེ་སུམ་པའི་མཁར་བླ་ནས་ཕབ། ས་དང་མི་སྡེ་བོད་ཀྱི་དབང་འོག་ཏུ་བཅུག་ནས་འབངས་རྣལ་མར་བཀུག འ་ཞ་ལ་དམག་འདྲེན་མ་དགོས་པར་དནག་འོག་ཏུ་འདུས་པ་སཔགས་བོད་ཆེན་པོའི་རྒྱལ་ཁམས་ཀྱི་ཅབ་སྲིད་གནམ་བས་མཐོ་ཞིང་དབུ་རྨོག་རི་བས་བཙན་པས། རྒྱལ་པོའི་མཚན་ལ་ཡུལ་ངས་པོའི་བློན་འབངས་ཀུན་གྱིས་གནམ་རི་སྲོང་བཙན་དུ་གསོལ་བས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། དེ་ལྟར་རྒྱལ་པོ་འདི་པས་ཁ་ཐོར་དུ་གནས་པའི་རྒྱལ་ཕྲན་རྣམས་དབང་འོག་ཏུ་བཅུག་ནས་བཙན་པོ་གཅིག་གི་བཀའ་འ་གཏོགས་པ་མཛད།

༣ ཐོན་སྐྱེད་དང་དཔལ་འབྱོར་སྐོར། རྒྱལ་པོ་འདི་པའི་སཀི་རིང་ལ་ལས་སུ་རྟ་ནོར་ལུགས་གསུམ་ལ་སོགས་པའི་ཕྱགས་རིགས་སྐྱོང་བ་དང༌། འབྲུ་སྣ་ལྔ་རྨོ་འདེབས་བྱེད་བཞིན་དུ་མཆིས་པ་སཔགས་སྤྱི་ཚོགས་དཔལ་འབྱོར་གོང་དུ་འཔེལ་བའི་མྱུར་ཚད་ཧ་ཅང་མགྱོགས། དེ་དུས་ཕྱགས་ལས་གཙོ་བོར་གཉེར་ཞིང༌། ཞིང་ལས་ཕལ་པར་གཉེར་པའི་ཏབས་ཀྱིས་དཔལ་འབྱོར་སྤེལ་ཞིང་ལོངས་སྤྱོད་ཀྱི་གཏེར་སྒོ་ཕྱེ་བས། རྗེ་འབངས་མ་ལུས་འཚོ་བ་གསར་པའི་བདེ་སྐྱིད་ཀྱི་དཔལ་ལ་ཅི་དགར་རོལ་བའི་ཡོ་ལང་གིས་བྲེལ། མདོར་བསྡུས་ནས་བཤད་ན། རྒྱལ་པོ་འདིའི་རིང་ལ་བོད་ཆེན་པོའི་རྒྱལ་ཁམས་ཀྱི་དཔལ་འབྱོར་དང༌། དམག་དོན། རིག་གནས། ཁྲིམས་ལུགས་སོགས་སྒོ་ཀུན་ནས་རྒྱལ་པོ་སྔོན་རྣམས་ལས་ཆེས་ཆེར་ལྷག་པའི་འཕེལ་རྒྱས་བྱུང་ཡོད་ཅིང༌། བོད་ཀྱི་རྒྱལ་ཁམས་འདི་སྟོབས་འབྱོར་མངའ་ཐང་འགྲན་པའི་ཟལ་དང་བྲལ་བ་ཞིག་ཏུ་བསྒྱུར་པའི་ཐུགས་རྗེའི་ཁུར་གྱིས་ལྕི་བ་དེ་ཉིད་འཛིན་མའི་ལྷས་ཀྱང་འདེགས་པར་མ་བཟོད་ནས་ལང་བའི་འཁུན་སྒྲ་འབྱིན་པ་ནི་དེང་གི་བར་དུའང་ཐོས་པའི་དཔྱིད་དུ་སྨིན་ཐུབ་བོ།

གནམ་རི་སྲོང་བཙན་སྐུ་གཤེགས་པའི་སྐོར། གངས་ཅན་འཛིན་མའི་སྣོད་དུ་གནས་པའི་རྒྱལ་ཕྲན་མ་ལུས་བཙན་པོ་གཅིག་གི་དབང་འོག་ཏུ་བཅུག་པ་ལ་སོགས་པའི་བོད་ཡུལ་གཅིག་གྱུར་བྱེད་པའི་འཕྲིན་ལས་རླབས་པོ་ཆེ་བསམ་བཞིན་གྲུབ་རྗེས། རྒྱལ་བློན་དག་གིས་སྲིད་དབང་འཛིན་སྐྱོང་གི་ལས་ལ་རྩེ་གཅིག་ཏུ་གཞོལ་བ་ལྟར་ཐོག་མའི་དུས་སུ་རྒྱལ་བློན་དག་བཞེད་དགོངས་གཅིག་ཏུ་མཐུན་མོང༌། འོན་ཀྱང་བར་སྐབས་ཤིག་ལ་བློན་པོ་དང་བློན་པོའི་དབར་གོ་གནས་དང་དནང་ཆ་འགྲན་པའི་སྲོལ་ངན་མེ་སྟག་ཙམ་ཞིག་བྱུང༌། སྐབས་དེར་བོད་ཅེན་པོའི་རྒྱལ་ཁམས་ཀྱི་དབང་འོག་ཏུ་བློན་ཆེན་པོས་དབང་དུ་བསྒྱུར་བའི་བློན་ཁམས་མང་དི་མཆིས་ཤིང༌། བློན་ཁམས་གཅིག་ལ་རགས་རྩིས་ལྟར་ན། བྲན་ཁྱིམ་ཉིས་ཁྲིའི་གྲངས་ལ་ཉེ་བ་ཡོད་པས་བློན་ཆེན་པོ་རྣམས་ཀྱི་དཔུང་དང་སྟོབས་ཀྱི་རྩ་བ་འཐུག གཞན་ཡང་བོད་ཆེན་པོའི་རྒྱལ་ཁམས་ལ་སྐབས་དེར་ཆ་ཡོངས་སུ་ཚང་བའི་ཁྲིམས་མེད་པས། ལེགས་ནེས་ཀྱི་དབྱེ་བ་ཕྱེ་བ་དང༌། ཉེ་པའི་ཆེ་ཆུང་ལ་གཞིགས་ཏེ་རྗེ་བློན་རྣམས་ཀྱི་བཞེད་དགོངས་ལྟར་ཉེས་ཅན་ལ་བཀྱོན་ཕབ་པའི་ཕྱིར། བཀྱོན་ཕབ་པ་ལ་ཕྱོགས་རེས་འཁྱུད་པས་ཅུང་ཟད་བསླད་པའི་སྐྱོན་བྱུང༌། དེ་ནི་སྐབས་དེའི་རྒྱལ་སྲིད་སྐྱོང་བ་ལ་ཆ་མཚོན་ནས་བཤད་ན་བགེགས་དང་བར་ཆད་ཅིག་ཡིན་པ་དང༌། བོད་ཡུལ་གཅིག་གྱུར་བྱས་པ་དེ་སླར་ཡང་ཁ་ཐོར་དུ་གཏོང་པའི་རྐྱེན་དུ་གྱུར། དཔུང་དང་གོ་གནས་སུ་དང་སུ་ཞིག་ཆེ་བ་ཕན་ཚུན་འགྲན་པའི་བློན་པོ་རྣམས་ཀྱི་བར་དུ་འཕྱུར་བ་བཟློག་པའི་སླད་དུ་རྗེ་བོ་གནམ་རི་སྲོང་བཙན་གྱིས་ལེགས་ཉེས་ལ་ཞིབ་ཏུ་བརྟགས་ནས་ཉེས་པ་ལ་བཀྱོན་ཕབ་ཅིང༌། ལེགས་པ་ལ་ནེས་ཅན་གྱི་བྲན་ཁྱིམ་རྣམས་བྱ་དགར་བསྩལ་བས་གཟེངས་བསྟོད་མཛད་པས། བཀྱོན་ཕབ་པའི་བློན་པོ་ལ་གློ་བ་ཉེ་བའི་བྲན་ཁྱིམ་དང༌། བྲན་ཁྱིམ་གྱི་དཔོན་ཆུང་ངུ༌། གནེན་ཚན་དག་བཙན་པོ་ལ་གློ་བ་རོངས་ཏེ་ཕྱོགས་ཀུན་ནས་སྙིང་ནད་སྲོཙ་པའི་ལས་སུ་ཞུགས་པས། རྒྱལ་ཁམས་ཀྱི་བདེ་འཇགས་དེ་ཡང་བརླག་པའི་གནས་ཚུལ་བཀྲ་མི་ཤིས་པ་བྱུང༌། རྒྱལ་པོས་ཚབ་སྲིད་སྐྱོང་བར་འབད་པའི་ཐུགས་ཀྱས་ཁབ་པི་ནང་ཁ྄ལ་གྱི་འགལ་བ་སེལ་བའི་ཐད་ལ་ཕྱོགས་པར་གྱུར་ཏེ། སྲིད་སྟོབས་སྤེལ་བའི་བྱ་བ་ཉིན་རེ་བཞིན་ལྷོད་པོར་གྱུར་ནས་ཡབ་འབངས་ནི་འཁུས་ཤིང་ཡུལ་འབངས་ནི་ངོ་ལོག་པར་གྱུར། གོ་སྐབས་དེ་ཉེ་བར་སྤྱད་ནས་སྔར་དབང་འོག་ཏུ་བཅུག་ནས་འབངས་རྣལ་མར་བཀུག་པའི་ཞང་ཞུང་དང༌། སུམ་པ། ཉ་གཉི། དྭགས་པོ། ཀོང་པོ། མྱང་པོ་ཀུན་ཡང་བདོ་ཆེན་པོའི་རྒྱལ་ཁམས་ལ་མངོན་སུམ་མཛེས་མེད་ཀྱིས་ངོ་ལོག་ནས་རང་བཙན་རང་བདག་གི་ལམ་དུ་ཞུགས། དེ་ལྟར་བོད་ཆེན་པོའི་རྒྱལ་ཁམས་སླར་ཡང་སིལ་བུར་ཐོར་ཞིང༌། སིལ་བུར་ཐོར་བའི་ཉེན་ཁ་དེ་ཉིད་ཁབ་སོ་ནང་ཁུལ་གྱོ་བློན་པོ་རྣམས་ཀྱིས་ཕན་ཆུལ་ལ་འགྲན་འཛུགས་པ་དང༌།་ཕན་ཚུལ་ལ་ཕྲག་དོག་བྱེད་པ། ཕན་ཚུན་ལ་གུས་བཀུར་མེད་པ། ཕན་ཞུལ་ཁས་མི་ལེན་པ་བཅས་ཀྱི་བསམ་འཁྱེར་དང་སཔྱོད་པ་ངན་པས་བསུས་པ་ཤ་སྟག་ཡིན་ཞིང༌། མཐར་རྒྱལ་པོ་ལའང་དུག་དྲངས་རེ་འཇིག་རྟེན་ཕྱི་མའི་གཟིགས་མོར་བཀོད། དེ་ལྟར་ས་ཡི་དབང་ཕྱུག་གནམ་རི་སྲོང་བཙན་ཉི་མོར་བྱེད་པའི་དཔལ་དང་དེ་ཉིད་ནུབ་ཕྱོགས་ཆུ་ལྟའི་ཕང་པར་མནལ་བས་བོད་འབངས་མུན་པའི་གདུང་བས་མནར་མོད། སྲོང་བཙན་སྒམ་པོ་འོད་དཀར་འཛིན་པ་དབང་ཕྱུགས་ལྷུན་པོའི་སྤོ་ནས་ལྷགས་པས། ཕན་བདེའི་ཀུན་ད་བཞད་པའི་ཚུལ་སྐབས་དོན་དང་འབྲེལ་མི་ཆེ་བས་རེ་ཞིག་རྫོགས་པར་བྱས་སོ།།  །།

 

ཡོང་ཁུངས། [1] ཤེས་བྱ། བོད་རྒྱལ་ལོ་ ༢༡༡༧ ཕྱི་ལོ་ ༡༩༩༠ ཕྱི་ཟླ་བཞི་པ། ཤོག་གྲངས་

བརྒྱུད་སྐུལ།

མཆན་སྤེལ།