དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག་གི་མིང་།

དཔའ་ཐང་། སྤང་སྒལ་སྟོད། འབོད་མཐོང་། ཁྲལ་སོ། གྲོང་འདབ། མཚོ་མགོ། དེའུ་ལུང་། འདུ་མདོ། དུ་མ། སྡུག་གྲགས། དགའ་ཐང་། སྐར་རོང་། གོ་སྟོད། ཀེ་རེ་སྟོད། ཀེ་སྲིབ་སྨད། སྐུ་ཚེ། འཇའ་ཟམ་ཁ། རྒྱ་ཤིང་། འཇོ་མདའ། བྱེ་ཆབ། གྱིང་། སྤྱི་མདའ། མཁར་གསུམ་མདོ། གླ་རུ། ལེབ་མ། གླང་དཀར། སྣང་ས། ལུང་ཐད། ནུབ་མ་རི། ནག་སྒང་།

གནམ་གསལ། གཉའ་གད། ཉིན་པ། རབ་མདོ། རིག་འཛིན་མདོ། རོང་གསུམ། ས་སྔོན། ས་དཀར། ས་སྲིབ། ཟོང་ཆེན་ན། གསོག་རུག ཝ་ར། དཔོན་པོ་སྟོད། དབང་སྒེར། ཨུད་པལ། འོག་ཚང་། དབུ་རྐང། འདན་ཁོག་ནུབ་མ། ཤར་རླུང་། བཤན་པ་ཐང་། ཞོ་ཁ། རྫ་སྨད། འབྲུམ་པ། གྲོང་གསར། འབྲུག་ལ། རྫི་སྒར། འཛོམས་རི།[1] གཞན་ཡང་རྨི་སྐྱིད། སྲ། ཞྭ་ངར། འོ་པ་རྫོང་། སྟི་ལུང་། གོ་གྲོང་། སྐུ་ཇོ་ནང་། སྤང་དཀར། གོར་རི་ནང་། གླང་རུ་གྲོང་། འཇུས་གོང་གྲོང་། རྨི་རིས། ཞབས་ས། མི་རོལ། ཞང་གས་སྒང་། དུས་དགོན། ཅི་ནང་། རྐང་ནང་། དབུ་ནང་། འཁྲོག་ནང་། ཚ་ལུ་ནང་། འབུམ་ཆུང་དཀར་མོ། ཅང་རྒྱུས། གྲུབ་ནུས། སྟག་པོ། བཅའ་ཞིང་། མེ་འདུས་སྒང་། དཔང་ངར། སྙེ་ཕུ། དཔའ་ངར་རི་ཁྲོད།[2]

 

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

         གྱིང་ལྷ་གངས་དཀར་རི། རྡོ་རྗེ་འཕགས་མོ་རི། ། ཡར་ཀླུང་དབུ་རྩེ། རྒྱལ་པོ་ལ། ནོར་བུ་མགུ་རི། སྙིང་པོ་རི། སྦན་རྟ་ལ། འཁྲོག་ལ། སྔས་ལ། ཀོང་པོ་སྦ་ལ། བྲག་རི། བྱེ་རི། རི་ཆེན་པོ། དཀར་ལ་ལྕགས་རི། ཞོལ་པ་རི་གསུམ། འབྲོང་རྩེ་རི། ཉི་རི། བད་ཀ་རི། ཤྭ་ཕོ་རི། སྤང་ཁ་ཤི་རི། གྲང་རི། རྡོ་རྗེ་བྲག་བཙན་རི། དགའ་པོ་རི། གསང་ལ་རི། དགྲ་གཡུལ་རི། སྟབས་བདེ་རི། སྐམ་རི། མར་ཆུང་གདོང་རི། ནོར་བུ་གུང་རུ་རི། ཆུ་མདོ་རི། དཔལ་ལུང་ནང་། སྤང་རྩེ་སྐོང། གྲོང་ཕུ། དགའ་མོ་རོང་། སྐྱིད་བདེ་རི། ང་ཕོད་རི། དཔའ་ནང་། དཔལ་ལ་སྐོ། བྲག་སྒང་། གྲིབ་ཕུ། དགོན་པ་ཕུ། གྱིང་ཕུ། གད་སྟེང་ལུང་པ། ལྷ་ལུང་ཕུ། ཉི་རུ་རོང་། སྲིན་མོ་ནང་། བདེ་སྐྱིད་ནག་ཁྲ། མགོ་དཀར། སྤྱན་ལྔ་རི། རྒྱབ་རི། སྨད་རི། དཔའ་ནང་ལ། རྔམ་བཟང་ལ། ཨ་ཀྱོག་དཔའ་ལ། འཕྲང་མོ་ལ། གཡས་ཕུ་ལ། འདམ་ལ། ལྕང་དཀར་ལ། ལོ་ཆུང་ལ། ཁུ་ལི་ལ། མཉེས་འོ་ལ། ཆུ་ལུང་ལ། འབྲུག་ལ། འདམ་ལ། སྟེང་ཆེན་ལ། མེ་ལུང་ལ། བེའུ་ནང་ལ། གཡག་རྒོད་ལ། ཁྲོ་ལ། རྒྱ་མདོང་ལ། མ་གཞུང་ལ། ཕ་ལ། སོག་བྱི་ལ། ཤིང་རྩེ་ལ། ཇོ་ལ། འུག་དགའ་ལ། ཡང་གོ་ལ། བྲག་ལ། སྐྱིད་ལ། སྐོ་ཆུང་ལ།  ཨ་རྩ་ལ། ལ་ལུང་། རྡོ་དཀར་ལ། ལྕགས་ནག་ལ། མི་ཆུང་ལ། ཇག་རོང་ལ། མཐུ་མོ་ལ། དབུ་མ་ལ། ཡིད་ཆེས་ལ། སྐྱིད་ལུང་ལ། སྟེང་ལ། རྒྱ་མ་ལ། ལུག་རྭ་ལ། བུ་ལུང་ལ། རེའུ་ལ། དྭངས་བ་ལ། ཤིང་མདའ་ལ། བྲག་ཆུ། མྱང་ཆུ། ཉང་ཆུ། པད་ཆུ། པ་རྣམ་ཆུ། ལོ་རྒྱལ་ཆུ། སྤེན་ན་ཆུ། འབྲས་ཆུ། ལོ་རྗེ་ཆུ། ཉང་ཆུ། དཔལ་ནང་ཆུ། སྔོན་མོ་ནང་ཆུ། སྲིན་མོ་ནང་ཆུ། མཚོ་ཆུ། མཚོ་ནག་ནང་། མཚོ་འགོ མཚོ་ཕུ། གནམ་མཚོ་ཀྱོག་མོ། བྲག་གསུམ་མཚོ། ཤིང་མཚོ། སྨད་ནང་མཚོ། རྡོ་སྒོར་མཚོ། སྨན་རྒྱལ་མོ་མཚོ། གྲོང་ཚོ་ལུང་པ་མཚོ། གནས་མཚོ་སོགས་ཡོད་དོ། །

དེ་དག་ལས་བྲག་གསུམ་མཚོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་ཕྱོགས་སུ་གནས་ཤིང་མཚོའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༨ དང་ཚྭ་མེད་མཚེའུ་ཁོངས་སུ་གཏོགས། མཚེ་དེའི་མཐའ་འཁོར་དུ་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་ལ་ས་ཞིང་འདེབས་ལས་བཟང་། དེ་བཞིན་རྫོང་གི་ཤར་ཕྱོགས་སུ་རྒྱུག་པའི་བྲག་ཆུ་ནི་ཉང་ཆུའི་ཆུ་ལག་ཅིག་ཡིན་ཞིང་། ཆུ་ངོགས་སུ་ནགས་ཚལ་ཐོན་ཁུངས་དང་ཞིང་ས་གཤིན་པོ་ཡོད། ཉང་ཆུ་ནི་རྫོང་གི་ལྷོ་ཤར་རྒྱུད་ཉིང་ཁྲིར་རྒྱུག་རྗེས་ཡར་ཀླུང་གཙང་པོར་འདུ། གཙང་ཆུ་དེའི་རིང་ཚད་སྤྱི་ལེ་ ༢༨༦ དང་རྒྱུག་ཁུལ་དུ་རང་བྱུང་འབྲོག་ས་དང་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་མཆིས། དེ་མིན་རྒྱ་མདའ་རྫོང་གི་གླང་རུ་དགོན་པའི་ཕྱོགས་བཞིའི་རི་མགོར་ཆུ་མིག་བཞི་ཡོད་པར་ཤར་ནས་སེེངྒེ་ཁ་བབས་དང་། ལྷོ་ནས་གླང་ཆེན་ཁ་བབས། ནུབ་ནས་རྟ་མཆོག་ཁ་བབས། བྱང་ནས་རྨ་བྱ་ཁ་བབས་ཅེས་འབོད་སྲོལ་མཆིས། དེ་མཚུངས་ལུང་མགོར་བླ་མཚོ་འདྲ་མིན་ཡོད་པ་ལས་ལྷ་མོའི་བླ་མཚོ་ཞེས་པ་དེ་སྐུ་མདོག་ལྗང་དཀར་དང་། མཚོ་ནག་ཅེས་པ་དེ་སྐུ་མདོག་མཐིང་ནག་ཅན། མཚོ་དཀར་ཞེས་པ་སྐུ་མདོག་ངང་སེར། མཚོ་སྦི་ཁ་ཞེས་པ་མཚོ་བདག་ལྷ་ཀླུ་གཉན་གསུམ་ཧ་ཅང་བཀའ་གཉན་པས་རང་གར་མཇལ་དཀའ་བ། མཚོ་རགས་པ་ཞེས་པ་དེ་ནས་སྔ་དུས་མཚོ་གླང་དང་། མཚོ་ལུག མཚོ་རྟ་སོགས་ཀྱང་ཐོན་མྱོང་བར་གྲགས།[3]

 

ས་བཅད་བཞི་པ། ཞིང་ལས་ཐོན་ཁུངས།

ཀོང་པོ་རྒྱ་མདའ་རྫོང་གི་དཔལ་འབྱོར་འབྲོག་ལས་གཙོ་བོ་ཡིན་ཞིང་། ཞིང་ལས་དང་། འབྲོག་ལས། ནགས་ལས་། ཞོར་ལས་བཅས་ལས་རིགས་བཞི་འཛོམས་ཡིན་ཞིང་། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༥ ཡི་ནང་ལོ་ཏོག་གཙོ་བོ་ནས་དང་། དགུན་གྲོ དཔྱིད་གྲོ སྲན་མ་སོགས་ཐོན་སྐྱེད་འདེབས་ལས་བྱེད། སྒོ་ཕྱུགས་སུ་ནོར་དང་། མཛོ། བ་ཕྱུགས། ར། ལུག རྟ། ཕག་པ་སོགས་གསོ་ཚགས་བྱེད། རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་ ༡༧.༢ ནགས་སའི་རྒྱ་ཁྱོན་མུའུ་ཁྲི་ ༢༣༤ བཅས་ཡོད། རྫོང་དེར་སྐྱེས་པའི་རང་བྱུང་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སྐྱེ། ཞིང་འབྲོག་གི་ལས་ཀའི་ལག་ཆ་ཁག་ནི་ས་གནས་རང་ནས་བཟོ་སྐྲུན་དང་ཉེ་འཁོར་དབུས་གཙང་གི་རྫོང་གཞིས་ཁག་ནས་ཉོ་སྒྲུབ་བྱེད། རྫོང་དེའི་ཐུན་མིན་ཐོན་ལས་གཙོ་བོ་ཀོང་པོའི་རྟ། གླ་རྩི། དབྱར་རྩྭ་དགུན་འབུ། སྙི་བ། ཡུ་གུ་ཤིང་། གངས་ལྷ་མེ་ཏོག མྱང་རྩི་སྤྲས་དང་། ཤིང་འབྲས་སྣ་ཚོགས་ཤིག་མཆིས་ལ། ཤ་མར་ཕྱུར་སོགས་འབྲོག་ལས་ཐོན་རྫས་ཀྱང་མི་དམན་པ་ཡོད།

 

ས་བཅད་དྲུག་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

         རྒྱ་མདའ་རྫོང་ཁོངས་སུ་རི་སྐྱེས་སྲོགས་ཆགས་ཕ་ཝང་དང། གཟིག་ཁྲ་ཐིག་ཅན། གསའ། ཤྭ་བ་སེར་ཆེན། དོམ། དྲེད་མོང་། ཆུ་སྲམ། སྤྲེའུ། སྤྱང་ཀི རི་ཞིམ། གཡི་དང་། སྲ། ཕག་རྒོད། ས་མཐོའི་རི་བོང་དང་བོད་ཀྱི་བྱི་བ་སོགས་དང་། འདབས་ཆགས་ཀྱི་རིགས་སུ་ཁྲུང་ཁྲུང་མགོ་ཁྲ་དང། འཇོལ་དཀར། བྱ་དགག ཐང་དཀར་རྒོད་པོ། ལྷ་བྱ་གོང་མོ་སོགས་ཡོད།[4] རྩི་ཤིང་དང་སྨན་རྩྭའི་རིགས་ལ་དབྱར་རྩྭ་དགུན་འབུ། སྙི་བ། ཡུ་གུ་ཤིང་། གངས་ལྷ་མེ་ཏོག་སོགས་རིགས་བརྒྱ་ལྷག་སྐྱེ་བ་ར་བཤད། བསང་གི་རིགས་ལ་ཤུག་པ་དང་། བ་ལུ། སུ་ལུ། གཡའ་ཚན། གངས་དཀར། ཤ་ཕྲུག འཁན་པ། ཆུ་ཤིང་འོམ་བུ། བསང་སྣ་ཉི་ཤུ་རྩ་གཅིག་སྐྱེ།[5] ཤིང་སྣར་ཐང་ཤིང་དང་། སྟག་པ། བླ་མ་ཤིང་། མཛོ་མོ་ཤིང་། ཚར་མ་ཤིང་། གདུང་ཤིང་། གླང་མ་དང་། སྦྱར་དཀར། མྱང་རྩི་སྤྲས། སྡོང་ཕུང་། མེ་ཏོག་གི་རིགས་བ་ལུའི་མེ་ཏོག སུ་ལུའི་མེ་ཏོག ཚར་མའི་མེ་ཏོག ཁྲག་ཤ་མེ་ཏོག སེར་ཆེན་མེ་ཏོག ཧ་ལོའི་མེ་ཏོག སྤང་རྒྱན་མེ་ཏོག ཁྱུང་ལུང་མེ་ཏོག སྐལ་བཟང་མེ་ཏོག ཞོ་སྟོན་མེ་ཏོག འབྲས་སིལ་མེ་ཏོག གོས་ཆེན་མེ་ཏོག གང་ཟང་མེ་ཏོག དཀར་ཡོལ་མེ་ཏོག་དང་། རང་བྱུང་ཟ་ཆའི་རིགས་ཟྭ་ཚོད། སྔོ་ཚལ་གླེས། འཛིམ་བུ། ཆུ་དཀར། སྒོག་པ་བླ་མ། སྐྱ་སྒོག རི་སྒོག གྲོ་མ། སེར་ཤ།སྤང་ཤ དབྱར་རྩྭ་དགུན་འབུ། རྩི་དཀར། སྨུག་རྩི། སྤང་སྤོས། ཆུ་ཤ ཆོ་ལོ་སོགས་སྐྱེ། གཏེར་ཁ་གཙོ་བོ་ལྕགས་རིགས། ཟངས་རིགས། ཞ་ཉེ། མདོ་ཆུ་ཚན། ལྕགས་མཁར་ཆུ་ཚན་བཅས་རང་བྱུང་ཆུ་ཚན་གྱི་གཏེར་ཁུངས་ཀྱང་ཁ་ཤས་མཆིས། །

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

(1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༨

[2]  གནའ་རབས་བོད་ཀྱི་གླུ་གར་ལོ་རྒྱུས་ཕྱོགས་བསྡེབས། ངག་རྒྱུན་ལོ་རྒྱུས། ༣༢། བོད་ཀྱི་དཔེ་མཛོད་ཁང། ཕྱི་ལོ་ ༢༠༡༣ ཤོག ༡༦༣།

[3] གནའ་རབས་བོད་ཀྱི་གླུ་གར་ལོ་རྒྱུས་ཕྱོགས་བསྡེབས། ངག་རྒྱུན་ལོ་རྒྱུས། ༣༢། བོད་ཀྱི་དཔེ་མཛོད་ཁང། ཕྱི་ལོ་ ༢༠༡༣ ཤོག ༡༦༧།

[4] http://baike.baidu.com/view/1049310.htm

[5] བོད་ཀྱི་ཡུལ་ལུང་ཁག་གཅིག་གི་ལོ་རྒྱུས་ཕྱོགས་བསྡེབས། ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༢༩། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ། ༢༠༡༢། ཤོག ༡༩༡།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།