ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།
ལེ་ཚན་དང་པོ། དགོན་སྡེ།
| ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
| ༡ | བདེ་ཆེན་དགོན། | ཨུ་རྒྱན་བསམ་གཏན་གླིང་པ། | རྙིང་མ། | |
| ༢ | ཉོས་ནང་བདེ་ཆེན་དགོན། | རང་བྱུང་དྲུག་ ༦། ༡༩། | ཨུ་རྒྱན་བསམ་གཏན་བདེ་ཆེན་གླིང་པ། | རྙིང་མ། |
| ༣ | མཚན་གསུམ་དགོན། | རྙིང་མ། | ||
| ༤ | ལྷ་ལུང་དགོན། | རྙིང་མ། | ||
| ༥ | བྲག་དཀར་དགོན། | དུས་རབས་ ༡༥། | ཀརྨ་ཆོས་གྲགས་རྒྱ་མཚོ། | བཀའ་བརྒྱུད། |
| ༦ | འབུམ་ཆུང་དཀར་མོ་དགོན། | དུས་རབས་ ༡༥། | རྐམ་ཆོས་གྲགས་རྒྱ་མཚོ། | བཀའ་བརྒྱུད། |
| ༧ | མཛོད་ནག་དེའུ་འབུར། | བཀའ་བརྒྱུད། | ||
| ༨ | བྱེ་ཚང་དགོན། | བཀའ་བརྒྱུད། | ||
| ༩ | དགོན་གསར་རི་ཁྲོད། | བཀའ་བརྒྱུད། | ||
| ༡༠ | བཀྲ་ཤིས་ཆོས་གླིང་དགོན། | དུས་རབས་ ༡༥། | རྒྱལ་བ་འཕགས་པ་ལྷ། | དགེ་ལུགས། |
| ༡༡ | བྲག་དཀར་ལྷ་ཆུ། | དུས་རབས་ ༡༨། | ཉང་ཏིང་འཛིན་བཟང་པོ། | དགེ་ལུགས། |
| ༡༢ | རི་ཁ་དགོན། | དུས་རབས་ ༡༠། | པོ་ཏོ་བའི་སློབ་མ་རི་ཁ་བ་ཆེན་པོ། | དགེ་ལུགས། |
| ༡༣ | དཔུང་དཀར་དགོན། | རྒྱ་ནང་པ་དྲུང་རྒྱལ་མཆོག། | དགེ་ལུགས། | |
| ༡༤ | བ་རི་གླང་ཚལ། | དྲུང་རྒྱལ་མཆོག། | དགེ་ལུགས། | |
| ༡༥ | གླང་རུ་དགོན། | གླང་རུ་པ་སེམས་དཔའ་ཆེན་པོ། | དགེ་ལུགས། | |
| ༡༦ | ཉང་པོ་སང་སིང་སྒང་ཐེག་ཆེན་ཆོས་འཁོར་གླིང་དགོན། | གླང་རུ་པ་སེམས་དཔའ་ཆེན་པོ། | དགེ་ལུགས།
|
|
| ༡༧ | བྲག་གསུམ་འབྲི་བང་དགོན། | དགེ་ལུགས། | ||
| ༡༨ | ཉན་ཁ་བདེ་ཆེན་གླིང་། | ཕྱི་ལོ་ ༡༥༧༩། | ཨྱོན་བསམ་གཏན་གླིང་པ། | |
| ༡༩ | ནགས་ཕུ་དགོན། | དུས་རབས་ ༡༤། | རྗེ་རང་བྱུང་རྡོ་རྗེ། | |
| ༢༠ | ལྷ་ཆུ་དགོན། | ཉང་ཏིང་འཛིན་བཟང་པོ། | ||
| ༢༡ | མཆོད་ཁང་རྩེ། | སངས་རྒྱས་བཀྲིས། | ||
| ༢༢ | ཨོལ་ལྟག་དགོན། | སངས་རྒྱས་དཔལ། | ||
| ༢༣ | ཐེལ་ལྟག་དགོན། | བྱང་སེམས་ཆོད་ཉིད་རང་གྲོལ། | ||
| ༢༤ | ཐང་ཁྲ་དགོན། | འཕགས་པ་ལྷ། | ||
| ༢༥ | རྨེ་ཕུ་དགོན། | སེམས་དཔའ་ཆེན་པོ། | ||
| ༢༦ | བཀྲ་ཤིས་ཆོས་ལུང་། | འཕགས་པ་ལྷ་དཔལ་བཟང་པོ། | ||
| ༢༧ | སང་དོ་བོ་འགོ། | འབྲི་གུང་ཆོས་སྒོ་བ་དཔལ་འབྱོར་བཟང་པོ། | ||
| ༢༨ | ལོང་པོ་ཀཿཐོག་དགོན་ནི། | |||
| ༢༩ | བཀྲ་ཤིས་འབྲས་སྤུངས་དགོན། | |||
| ༣༠ | སྤང་མད་རི་ཁྲོད། |
ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།
| ཨང་། | མཚན། | འཁྲུངས་ཡུལ། | འཁྲུངས་འདས། | མཆན། |
| ༡ | ཨྱོན་བསམ་གཏན་གླིང་པ། | ལོང་པོ་འཇིམ་གང་། | རབ་བྱུང་ ༡༦། | གཏེར་སྟེན་བརྒྱ་རྩའི་ཡ་གྱལ།ཉང་ཁ་བདེ་ཆེན་གླིང་དགོན་ཕྱག་བཏབ་པོ། |
| ༢ | གཏེར་སྟོན་འཇའ་མཚོན་སྙིང་པོ། | ཝ་རུ་ན་ཚལ། | ༡༥༨༥-༡༦༥༦ | གཏེར་སྟོན་ལས་འཕྲོ་གླིང་པ། སྔགས་འཆང་ཧཱུཾ་ནག་མེ་འབར་ཡང་ཟེར། |
| ༣ | སྤྲུལ་སྐུ་བསྟན་འཛིན་པདྨ་རྒྱལ་མཚན། | ཉང་ཁག་གཞུང་། | ༡༧༧༠-༡༨༢༦ | བཀའ་བརྒྱུད་པའི་སྐྱེས་ཆེན་ཞིག |
| ༤ | ཞྭ་དམར་ཆོས་དཔལ་ཡེ་ཤེས། | བྲག་མདོ་ལུང་པ། | ༡༤༠༦- | ཞྭ་དམར་སྐུ་ཕྲེང་གསུམ་པ་ཡིན། |
| ༥ | ཀརྨ་དེ་བཞིན་གཤེགས་པ། | ཉང་པོ་ཁོང་ཉང་འདམ། | ༡༣༨༤-༡༤༡༥ | ཀརྨ་སྐུ་ཕྲེང་ལྔ་པ་ཡིན། |
| ༦ | འཕགས་པ་ལྷ་མཐོང་བ་དོན་ལྡན། | ལོང་པོ་སྟོད། | ༡༥༦༧-༡༦༠༤ | འཕགས་པ་ལྷ་སྐུ་ཕྲེང་གསུམ་པ། |
| ༧ | ལྕགས་སྤྲུལ་ངག་དབང་བཟང་པོ། | ལོང་པོ། | ༡༥༩༢-༡༦༠༦ | ལྕགས་སྤྲུལ་སྐུ་ཕྲེང་གསུམ་པ། |
| ༨ | ལྕགས་སྤྲུལ་ངག་དབང་འཕྲིན་ལས་བཟང་པོ། | ལོང་པོ་སྟོད། | ༡༦༠༧-༡༦༦༧ | ལྕགས་སྤྲུལ་སྐུ་ཕྲེང་བཞི་པ། |
| ༩ | ལྕགས་སྤྲུལ་ངག་དབང་བསྟན་འཛིན་ལྷུན་གྲུབ། | ལོང་པོ་སྟོད། | ༡༦༧༡-༡༧༢༧ | ལྕགས་སྤྲུལ་སྐུ་ཕྲེང་ལྔ་པ། |
| ༡༠ | ཀོང་རོང་སྨན་བླ་དོན་གྲུབ། | ཀོང་སྟོད་བཀྲིས་འབྲས་སྤུངས། | ༡༦༧༥- | གསོ་རིག་མཁས་ཅན་ཞིག་ཡིན། |
| ༡༡ | སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན། | ཉང་པོ་རྒྱ་ནང་། | ༡༧༡༤-༡༧༦༢ | སྟག་ཕུ་སྐུ་ཕྲེང་བཞི་པ་ཡིན། |
| ༡༢ | རྒྱལ་བ་འཕགས་པ་ལྷ། | ལོང་པོ། | ༡༤༣༩- | འཕགས་པ་ལྷ་སྐུ་ཕྲེང་དང་པོ་ཡིན། |
| ༡༣ | དྲུང་པ་ཆོས་བཟང་ཉི་མ། | གྲོང་གསར་ཤང་། | ༡༤༥༢-༡༥༢༡ | ཉོས་བདེ་ཆེན་བསམ་གཏན་གླིང་ཕྱག་འདེབས་པོ། |
| ༡༤ | དཀོན་མཆོག་འཕྲིན་ལས་བཟང་པོ། | ལོང་པོ་གླང་གྲོང། | ༡༦༥༦- | བཀའ་བརྒྱུད་པའི་སྐྱེས་ཆེན་ཞིག༸གོང་ས་ལྔ་པ་ཆེན་པོ་བཤེས་སུ་བསྟེན། |
| ༡༥ | ཀོང་པོ་དཔལ་ལྡན་གྲགས་པ། | ཉང་པོ་རྒྱ་ནང་། | རབ་བྱུང་ ༡༩། | བློ་གསལ་གླིང་གི་མཁན་རབས་ཉི་ཤུའི་ཁྲིར་ཕེབས། |
| ༡༦ | སྟག་ཕུ་གར་དབང་བློ་བཟང་ཆོས་ཀྱི་དབང་ཕྱུག། | ཉང་པོ་མིང་ཕུ་གཡུ་ལུང་། | ༡༧༦༥-༡༨༡༣ | སྟག་ཕུ་སྐུ་ཕྲེང་ལྔ་པ་ཡིན། |
| ༡༧ | ཀུ་ཅོར་རྟགས་ལྡན་སངས་རྒྱས་དཔལ་བཟང་། | ཉང་པོ་ཀུ་ཅོ། | ༡༣༨༦-༡༤༤༥ | རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྟོགས་ལྡན་ལྔ་ཞེས་གྲགས་པའི་ནང་ཚན་ཞིག་གོ། |
| ༡༨ | ཞི་བ་ལྷ་ཞི་བ་བཟང་པོ། | དགོན་ཕུག | ༡༦༢༥-༡༧༡༧ | ཞི་བ་ལྷ་སྐུ་ཕྲེང་གསུམ་པ། |
| ༡༩ | ལྕགས་སྤྲུལ་ཆོས་རྗེ་སངས་རྒྱས་དཔལ་འབྱོར། | ༡༤༤༩-༡༥༢༤ | ལྕགས་སྤྲུལ་སྐུ་ཕྲེང་དང་པོ། | |
| ༢༠ | ལྕགས་སྤྲུལ་ངག་དབང་བསྟན་འཛིན། | ལོང་སྟོད། | ༡༦༧༡-༡༧༢༧ | ལྕགས་སྤྲུལ་སྐུ་ཕྲེང་ལྔ་པ། |
| ༢༡ | ཆོས་རྗེ་མི་ཕམ་བཀྲ་ཤིས། | ཉང་ཁ། | ༡༥༧༥-༡༦༣༤ | བཀའ་བརྒྱུད་པའི་བླ་ཆེན་ཞིག། |
| ༢༢ | སློབ་དཔོན་ནམ་མཁའ་རྒྱ་མཚོ། | བྲག་ལྕི་ཡུ | ༡༥༤༡-༡༦༠༡ | ཁོང་ནི་གསང་སྔགས་རྙིང་མ་ལ་ཤིན་ཏུ་མཁས་ཤིང་ནུས་པ་ཐོན་པ་ཞིག་སྟེ།སྤོ་བོ་ཕྱོགས་སུ་ཕྲིན་ལས་ཆེ་བ་བྱུང་། |
| ༢༣ | སློབ་དཔོན་དགེ་ལེགས་རྒྱ་མཚོ། | ཉང་པོ་རི་ཁ། | ༡༥༣༣- | རྒྱལ་བ་བསོད་ནམས་རྒྱ་མཚོའི་ཞལ་སློབ་ཡིན། |
| ༢༤ | ཀོང་པོ་འབྲུག་རྒྱལ་དབང་ཆོས་རྗེ། | ང་ཕོད། | ༡༨༠༦-༡༨༦༢ | མཉམ་མེད་ལྷ་བརྩེ་བའི་ཞལ་སློབ་ཡིན། |
| ༢༥ | འཕགས་པ་ཆོས་ཀྱི་རྒྱལ་པོ། | ལོང་པོ། | ༡༦༠༥-༡༦༤༣ | འཕགས་པ་ལྷ་སྐུ་ཕྲེང་བཞི་པ་ཡིན། |
| ༢༦ | དེ་མོ་དཔལ་འབྱོར་བཀྲ་ཤིས། | ཉང་འཕྲང་ཁ་གདོང་། | ༡༤༤༤-༡༥༡༧ | དེ་མོ་སྐུ་ཕྲེང་གཉིས་པ་ཡིན། |
| ༢༧ | དེ་མོ་ལྷ་དབང་བསྟན་པའི་རྒྱལ་མཚན། | བྲག་ལྕི་ཡུལ་སྨད། | ༡༦༣༡-༡༦༦༨ | དེ་མོ་སྐུ་ཕྲེང་བཞི་པ་ཡིན། |
| ༢༨ | དེ་མོ་ངག་དབང་ནམ་མཁའ་འཇམ་དབྱངས། | སྤྲ་སྐྱ་གྲོང་། | ༡༦༦༩-༡༧༢༢ | དེ་མོ་སྐུ་ཕྲེང་ལྔ་པ་ཡིན། |
| ༢༩ | དེ་མོ་བློ་བཟང་འཇམ་དཔལ་ལུང་རྟོགས་བསྟན་འཛིན་རྒྱ་མཚོ། | ང་ཕོད་ཀླུ་སྡིང་། | ༡༩༠༡-༡༩༧༣ | དེ་མོ་སྐུ་ཕྲེང་བཅུ་པ་ཡིན། |
| ༣༠ | ཞི་བ་ལྷ་དཔལ་ལྡན་མཆོག་གྲུབ། | ཉང་ལྕིབ། | ༡༤༥༤-༡༥༢༣ | ཞི་བ་ལྷ་སྐུ་ཕྲེང་དང་པོ། |
| ༣༡ | འཕགས་པ་མཐོང་བ་དོན་ལྡན། | ལོང་པོ་སྟོད་པ། | ༡༥༦༧-༡༦༠༤ | འཕགས་པ་ལྷ་སྐུ་ཕྲེང་གསུམ་པ་ཡིན། |
| ༣༢ | མཁན་ཆེན་ཡེ་ཤེས་བསྟན་པའི་སྒྲོན་མེ། | ཉང་ཁ་ལྷ་དགའ། | ༡༧༠༥- | འབྲུ་ལ་མཁན་ཆེན་སྐུ་ཕྲེང་བཞི་པ་ལགས། |
| ༣༣ | སྟག་ཕུ་བློ་བཟང་ཆོས་ཀྱི་དབང་ཕྱུག | ཉང་པོའི་གྱིང་ཕུ་གཡུ་ལུང་། | ༡༧༦༥-༡༧༩༢ | |
| ༣༤ | སློབ་དཔོན་ཪིན་པོ་ཆེ་དགེ་ལེགས་རྒྱ་མཚོ། | ཉང་པོ་རི་ཁ། | ༡༥༣༣- | |
| ༣༥ | ཆོས་ཀྱི་གྲགས་པ། | ཉང་རྒྱ་ནང་། | ༡༤༣༧- | |
| ༣༦ | མཁས་གྲུབ་འཇམ་དབྱངས་གཞོན་ནུ། | ཉང་རྒྱ་ནང་། | ༡༤༣༧- | |
| ༣༧ | བླ་མ་རིན་པོ་ཆེ་སཱུརྱ་ཙཎྜ་རསྨི། | ལོང་པོ་རྩི་དཀར། | ཁོང་གླང་རུས་ཀྱི་རྒྱུད་པ་ཡིན། | |
| ༣༨ | བླ་མ་དགེ་སློང་ཤེས་རབ་འབྱུང་གནས། | ལོང་པོ་ཉགས། | མཚུངས་མེད་བསྟན་འཛིན་རྡོ་རྗེའི་ཞལ་སློབ་ཡིན། | |
| ༣༩ | དུང་དཀར་ཚངས་དབྱངས་འབྲུག་གྲགས། | རྒྱ་མདའ། | རྒྱལ་མཆོག་ལྔ་པའི་སྐུ་ཚབ་མཛད་དེ་རྒྱ་ནག་ཏུ་གོང་མ་མཇལ་བར་ཕེབས་ཡོང། | |
| ༤༠ | ལོ་སེམས་པ་ངག་དབང་ཆོས་ཀྱི་རྒྱ་མཚོ། | ཉང་པོ་གྲབས། | ལོ་སེམས་པ་སྐུ་ཕྲེང་བཞི་པ། | |
| ༤༡ | དུང་དཀར་ཉི་མ་འབྲུག་གྲགས། | ལོང་པོ་ཅི་ཐར། | དུར་དཀར་སྤྲུལ་སྐུ་སྐུ་ཕྲེང་དང་པོ། | |
| ༤༢ | དུང་དཀར་དོན་གྲུབ་རྒྱ་མཚོ། | གནས་མདའ། | དུང་དཀར་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ། | |
| ༤༣ | སྤྲུལ་སྐུ་རིག་འཛིན་ཀརྨ་རྣམ་རྒྱལ། | རྒྱ་མདའ། | ལྷ་གསོལ་གླིང་དགོན་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ། | |
| ༤༤ | སྤྲུལ་སྐུ་རྣམ་རྒྱལ་བཀྲ་ཤིས། | ཀོང་པོ། | ལྷུན་རྩེ་སྔགས་གྲྭ་སྐུ་ཕྲེང་དང་པོ། | |
| ༤༥ | དགེ་བཤེས་འོད་ཟེར་དཔལ། | ལོང་པོ་རྩི་དཀར། | དགེ་ལུགས་པའི་སྐྱེས་ཆེན་ཞིག་ཡིན། | |
| ༤༦ | ཇོ་བསྟན་རབ་འབྱམས་ཤཱཀྱ་རྒྱལ་མཚན། | ལོང་པོ་དཀའ་ཐོག | རྗེ་དགེ་འདུན་རྒྱ་མཚོའི་ཞལ་སློབ་ཡིན། | |
| ༤༧ | སྤྲུལ་སྐུ་སངས་རྒྱས་དཔལ་ལྡན། | གཏེར་ཆེན་སངས་རྒྱས་གླིང་པ་སྐུ་ཕྲེང་གསུམ་པ་ཡིན། | ||
| ༤༨ | མཚོ་མགོ་སྟག་རྒྱལ། | བྲག་གསུམ་ཁུལ་གྱི་ཕྱུག་བདག་ཁྱིམ་དུད་དུ་གྲགས། | ||
| ༤༩ | ཨ་ཕོ་དྲོང་སྲོང། | བྲག་གསུམ་ཁུལ་གྱི་ཕྱུག་བདག་ཁྱིམ་དུད་དུ་གྲགས། | ||
| ༥༠ | ཀརྨ་གླིང་པ། | པན་ཀོད། | ||
| ༥༡ | གྲོམ་པ་ཉི་ཟླ་སངས་རྒྱས། | པན་ཀོད། | ||
| ༥༡ | ཀརྨ་བསྟན་པའི་རྒྱལ་མཚན་ཆོས་ཀྱི་རྒྱ་མཚོ། | ཀོང་པོ་རྒྱ་ལ་སྒོ། | ||
| ༥༢ | བཞི་པ་ཆོས་ཀྱི་རྒྱལ་པོ། | |||
|
ལེ་ཚན་གསུམ་པ། གནའ་ཤུལ། |
||||
| མཁར།བང་སོ། དུར། གནས། | ས་གནས། | མཆན། | |
| མཁར། | ཕུ་སྤུ་མཁར་རྫོང་། | ཕུ་སྤུ་གྲོང། | ཉང་ཆུའི་ལྷོ་ཕྱོགས་ཀྱི་དཔག་མདའི་ཕུ་སྤུ་ཀོའོ་གྲོང་དུ་གནའ་བའི་མཁར་རྫོང་ཞིག་ཡོད་པ་དེ་ཡིན།མཁར་རྫོང་དེའི་ལོ་རྒྱུས་སོགས་གང་ཡང་མ་མཇལ། |
| མཁར། | ང་ཕོད་གཞིས་ཀ | གཞིས་ཀ་དེ་ནི་སྐུ་དྲག་ཆེ་གྲས་ཤིག་ཡིན་པ་མ་ཟད།ཤོད་རྒྱུན་དུ་བོད་བཙན་པོའི་གདུང་རྒྱུད་ཡིན་ཞེས་གྲགས། | |
| གནས། | ཁྱི་ར་མགོན་པོ་རྡོ་རྗེའི་རང་བྱོན། | གླང་དཀར་འཕྲང། | རྗེ་བཙུན་མི་ལའི་ཞལ་སློབ་ཁྱི་ར་བ་མགོན་པོ་རྡོ་རྗེའི་རང་བྱོན། |
| གནས། | ལྷ་མགོ་འཕྲང། | པཎ་ཀོང་གྲོང་། | པན་ཀོད་གྲོང་ནས་ཡར་ལམ་བྲག་ལྡེབས་སུ་ལྷ་སྐུའི་བྲག་བརྐོས་མང་པོ་ཡོད་པ་དེ་དག་ལ་ལྷ་མགོ་འཕྲང་ཞེས་བརྗོད། |
| གནས། | ལྷ་འདྲེའི་ས་ཁྲ། | ལྷ་ལུང་ཁུལ། | ཕ་བོང་ནར་མོ་ཞིག་གི་སྟེང་དུ་རྡོ་དཀར་གྱིས་རི་བོའི་གཟུགས་བརྙན་བྲིས་ཡོད་པ་དེར་ཟེར། |
| གནས། | བཞུགས་ཁྲི་ཕ་ཝཾཾ་སྤུས་དག། | པན་ཀོད། | སློབ་དཔོན་རིན་པོ་ཆེའི་བཞུགས་ཁྲི་ཡིན་པར་གྲགས། |
| གནས། | སྨིན་གླིང་དུར་ཁྲོད་ལྷ་མོའི་མགོན་ཁང་། | ང་ཕོད། | ང་ཕོད་དགེ་སྦྱོང་བློ་གསལ་རྒྱ་མཚོས་བཞེངས། |
| གནས། | གླང་སྨད་ཡིག་དྲུག་རང་བྱོན། | གླང་སྨད། | གླང་སྨད་བྲག་ལྡེབས་སུ་ཡོད་པའི་ཡིག་དྲུག་རང་བྱོན། |
| གནས། | ལུང་མདོའི་མཆོད་རྟེན། | ལུང་མདོ། | སློབ་དཔོན་རིན་པོ་ཆེས་བཞེངས་སྐད། |
| གནས། | འགྲམ་གྲོང་པའི་མཆོད་ཁང་། | འགྲམ་གྲོང་པ། | སྲོང་བཙན་སྐབས་ཀྱི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གི་གྲལ། |
| གནས། | གནས་ཆེན་བྲག་དཀར། | ཀོང་སྦ་ལ། | དེ་ནི་རྗེ་བཙུན་རྡོ་རྗེ་ཕག་མོའི་རང་བྱུང་བྲག་རི་ཞིག་ཡིན། |
| གནས། | ཀརྨ་ཆོས་གྲགས་རྒྱ་མཚོའི་ཞབས་རྗེས། | ཡོད་དེ་འོང་། | ཀརྨ་སྐུ་ཕྲེང་སྐུ་ཕྲེང་རིམ་བྱོན་ལས་བདུན་པ་ཆོས་གྲགས་རྒྱ་མཚོའི་ཞབས་རྗེས་ཡིན། |
| གནས། | བྲག་དཀར་ལྷ་ཆུའི་ཡིག་དྲུག་རང་བྱོན། | བྲག་དཀར་ལྷ་ཆུ། | ཀརྨ་པ་ཆོས་གྲགས་རྒྱ་མཚོས་བྲག་ལ་མ་རེག་ཙམ་དུ་བྲི་བ་ལྟར་མཛད་པ་ན།ཡིག་དྲུག་མ་འབུར་དོད་དུ་ཁྱུར་གྱིས་བྱུང་བར་གྲགས། |
| གནས། | གནས་སྤང་ཁ། | པན་ཀོད་གྲོང། | ཁུལ་དེར་སངས་རྒྱས་ཚེ་དཔག་མེད་རང་བྱོན་དང་།བྲག་ཕུགཚེ་ཆུའི་ཐིགས་པ།དུར་ཁྲོད་སོགས་མཇལ་རྒྱུ་ཡོད། |
| གནས། | ཆོས་ཁང་རྩ། | དེར་མཆོད་ཁང་དམར་གདུང་དང་བཅས་པ་རིག་གསར་བར་དུ་ཡོད་སྐད། | |
| གནས། | ཆུ་མིག་འགོ་པའི་ཁྱིམ་དུད། | དེ་ནི་མི་ཚང་སྒེར་པ་ཞིག་ཡིན་ཡང་རྒྱུ་དངོས་ཐོག་ནས་བཤད་ན་ང་ཕོད་གཞིས་ཀ་ལས་ཕྱུག་པར་བཤད།ཁྱིམ་དུད་དེའི་མི་རྣམས་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བ་གཟུགས་བཟང་བ་སོགས་ཡོད་ཟེར། | |
| གནས། | ཛམབྷ་ལའི་རང་བྱོན། | ||
| གནས། | ཀརྨ་པའི་ཞབས་རྗེས། | ||
| གནས། | ལོང་པ་བཀྲ་ཤིས་ཚེ་བརྟན་གྱི་གཏེར་གནས་དང་།གུ་རུའི་སྒྲུབ་ཕུག། | བྲག་རྟ་ཕུར། | |
| གནས། | ཕ་མཆོག་མངྒ་ཨ་ཡུའི་འཁྲུངས་ཁྱིམ། | བྲག་རྟ་མདར། | |
| གནས། | ཀརྨ་པའི་མཛོད་ནག་དེའུ་འབུར། | གནམ་ཐོས་ཚལ། | |
| གནས། | བྱ་ཁྱུང་གི་རང་བྱོན་ཕ་བོང་ཆེན་པོ། | གནམ་ཐོས་ཚལ། | |
| གནས། | བ་རི་གླང་ཚལ་དགོན་ཤུལ། | གནམ་ཐོས་ཚལ། | |
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།