དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོ་ཞོ་ཁ་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོ་ཞོ་ཁ་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ།

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ལེ་ཚན། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
༡ བྲག་གསུམ་མཚོ་རྫོང་དགོན། དུས་རབས་ ༡༤ ཙམ། གཏེར་ཆེན་སངས་རྒྱས་གླིང་པ། རྙིང་མ།
༢ བང་རི་དགོན།     རྙིང་མ།
༣ གནམ་ཚལ་དགོན་པ།     རྙིང་མ།
༤ འབྲུག་ཆོས་སྡིང་དགོན།   རྒྱལ་དབང་ཆོས་རྗེ་རིན་པོ་ཆེ། བཀའ་བརྒྱུད།
༥ རྡོ་ཆེན་དགོན་པ།     བཀའ་བརྒྱུད།
༦ འབྲུ་ལ་བཀྲ་ཤིས་བདེ་ཆེན་དགོན། དུས་རབས་ ༡༥། ཇོ་སྟན་མཁན་ཆེན་ཟླ་བ་བཟང་པོ། དགེ་ལུགས།
༧ གྲིབ་དཔང་དགོན།     དགེ་ལུགས།
༨ སྤུངས་དཀར་དགོན་པ།     དགེ་ལུགས།
༩ སྦི་ཝང་དགོན།     དགེ་ལུགས།
༡༠ བང་རི་བཀྲ་ཤིས་འོད་འབར། དུས་རབས་ ༡༦ ཙམ། གཏེར་སྟོན་འཇའ་ཚོན་སྙིང་པོ།  
༡༡ མཚོ་རྫོང་དགོན།   གཏེར་ཆེན་སངས་རྒྱས་གླིང་།  
༡༢ ལས་རི་དགོན་པ།      
༡༣ སྤེ་ལ་དགོན།      
༡༤ མདོ་ཆེན་དགོན།      
༡༥ ཀལ་དགོན་པ།      
༡༦ སྤང་དགོན།      
༡༧ སྟོད་སྨད་རི་ཁྲོད།      

ལེ་ཚན། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།  
༡ ཀོང་པོ་ཡེ་ཤེས་ཐར་འདོད། བྲག་གསུམ། ༡༧༥༦-༡༨༢༩ ཁོང་ནི་དགའ་ལྡན་ཁྲི་རབས་དོན་གཅིག་པ་ཡིན།  
༢ གཏེར་ཆེན་སངས་རྒྱས་གླིང་པ། བྲག་གསུམ། ༡༣༤༠-༡༣༩༦ རྙིང་མའི་གཏེར་ཆེན་གྲགས་ཅན་ཞིག  
༣ གཏེར་སྟོན་རྡོ་རྗེ་ཐོགས་མེད། བྲག་གསུམ། ༡༧༤༥-༡༧༩༡ གཏེར་སྟོན་བརྒྱ་རྩའི་ཡ་གྱལ།  
༤ མཆོག་སྤྲུལ་འཛམ་གླིང་ནོོར་བུ་རྒྱན། བྲག་གསུམ། -༡༦༣༣ བཀའ་བརྒྱུད་པའི་སྐྱེས་ཆེན་ཞིག་ཡིན།  
༥ གཏེར་སྟོན་རིན་ཆེན་གླིང་པ། བྲག་གསུམ།   གཏེར་སྟོན་བརྒྱ་རྩའི་ཡ་གྱལ།  
༦ མཆོག་སྤྲུལ་འཛམ་གླིང་ནོར་བུ་རྒྱན། བྲག་གསུམ། རབ་བྱུང་ ༡༠།    
༧ མཁན་ཆེན་ཟླ་བ་བཟང་པོ། བྲག་གསུམ། དུས་རབས་ ༡༥། འབྲུ་ལ་མཁན་ཆེན་སྐུ་ཕྲེང་དང་པོ་ལགས།  
༨ མཚོ་མགོ་སྟག་རྒྱལ།     བྲག་གསུམ་མཚོ་འགོར་ཆགས་པའི་ཕྱུག་བདག་ཞིག་  
༩ ཟ་ལ་ཨ་ཕོ་དྲང་སོང་།     བྲག་གསུམ་མཚོ་འགོར་ཆགས་པའི་ཕྱུག་བདག་ཞིག  
༡༠ འབྲུ་ལ་དབང་རྒྱལ། འབྲུ་ལ། ཕྱི་ལོ་ ༡༩༢༩། བོད་ལུགས་གསོ་རིག་གི་མཁས་དབང་ཞིག  

ལེ་ཚན་གསུམ་པ། གནའ་ཤུལ།

མཁར།བང་སོ། དུར།གནས། ས་གནས། མཆན།
གནས། བྲག་གསུམ་དྭངས་མ་མཚོ། བྲག་གསུམ། བྲག་གསུམ་ཞེས་པ་ནི་རིགས་གསུམ་མགོན་པོའི་གནས་རི་ཡིིན།
གནས། ཨར་རྩ་མཚོ། བྲག་གསུམ། རྩྭ་ཐང་དབུས་ཆགས་པའི་གནས་མཚོ་ཞིག
གནས། ཀྱུ་མ་གནས། རྒྱ་ར་གདང་ཀ་ལ་བར། འཇམ་དཔལ་དབྱངས་ཀྱི་གནས་རིར་རྩིས་ནས་བསྐོར་བར་འགྲོ་སྲོལ་མཆིས།
གནས། གེ་སར་མདའ་གཞུའི་ཤུལ། ཆམ་ནག་གྲོང་། གླིང་གེ་སར་གྱི་མདའ་གཞུའི་རྗེས་ཤུལ་ལགས།
གནས། གེ་སར་དམ་ཕྲུག ཆམ་ནག་གྲོང། ཆམ་ནག་ཡོད།
གནས། མཚོ་མགོ་ཆུ་མིག་དྭངས་མ། མཚོ་འགོ། ཆུ་དེར་ཐུན་མིན་བྲོ་བ་ལྡན་ལ་དབྱར་དགུན་འགྱུར་བ་མེད་ཅིང་ལུས་ལ་ཕན།
གནས། བདུད་རྩི་སྨན་ཆུ། ར་མདའ། མིག་ནད་དང་རྐང་ལག་ན་བར་ཤིན་ཏུ་ཕན་སྐད།
གནས། གསེར་གྱི་རང་འཐག་རང་བྱོན། བྱེ་པ་གྲོང་དང་ཉེ་བར། དེ་རང་འཐག་རང་བྱོན་ཞིག་ཡིན་པ་ཙམ་ལས་ལོ་རྒྱུས་ཞིབ་པ་མ་མཇལ།
གནས། བར་དོ་འཕྲང། ཆབ་ནག་གྲིབ་བཙན། ཆབ་ནག་གྲིབ་བཙན་དུ་བར་དོ་འཕྲང་ཞེས་པའི་སྡིག་ཉེས་ཆེ་ཆུང་གི་ཁུང་བུ།
གནས། བྲམ་ཟེ་རྒན་རྒོན་གྱི་ཕོ་བྲང་རྗེས་ཤུལ། སྤུའུ་དོའོ། བྲམ་ཟེ་རྒན་རྒོན་གྱི་ཕོ་བྲང་རྗེས་ཤུལ་ངོ་མཚར་ཅན་ཞིག་ཡོད་པ་དེའི་ས་ནས་གཟི་མཆོང་སོགས་ཀྱང་ལ་ལར་རྙེད་རྒྱུ་ཡོད་ཟེར།
གནས། སྒྲོལ་མ་ཆུ་མིག མཚོ་རྫོང། ཆུ་དེའི་སྒྲ་ནི་སྐྱེ་བོ་ཞིག་གིས་སྒྲོལ་མ་འདོན་པའི་དབྱངས་དང་མཚུངས།
གནས། ལྡས་སྨད་བྱམས་པ། མཚོ་འགོ་དང་སྨན་ཚོ། རྒྱལ་བ་བྱམས་པ་རང་བྱོན་ཐོག་བརྩེགས་གསུམ་ཙམ་མཇལ་དུ་ཡོད།
གནས། ཨོ་རྒྱན་སྦས་ལུང་། སྨན་ཚོ་མོ། སྣང་གོ་གུ་རུ་ཞེས་ཨོ་རྒྱན་རིན་པོ་ཆེའི་རང་བྱོན་ཤིན་ཏུ་གསལ་བ་ཞིག་ཡོད།
གནས། ཞུ་མོ་སྟག་བཙན། སྨན་ཚོ་མོ། སྟག་རང་བྱོན་གྱི་གནས་རི་ཁྱད་འཕགས་ཤིག་ཡོད།
གནས། བདེ་ཆེན་ཤེལ་རི། མདའ་ནང་གྲོང་ཚོ། བོད་ཟླ་ལྔ་པར་གནས་རི་བསྐོར་བ་དང་གནས་མཇལ་བྱེད།
གནས། དཔའ་ཙག་གནས་རི། སྨན་ཚོ་མོ། ས་ག་ཟླ་བའི་ཚེས་བཅོ་ལྔར་ཡུལ་ལྷ་གསོལ་མཆོད་བྱེད།
གནས། འབྲུ་ལ་མི་འདུལ་ལྷ འབྲུ་ལ། སྤྱན་རས་གཟིགས་ཀྱི་གནས་རི་དང་དེར་དཔལ་རྟ་མགྲིན་གྱི་རང་བྱོན་ཡོད།
གནས། ལྷ་བྲག་མཚེའུ། ལྷ་བྲག། མཚེའུ་དེས་མཚོ་མཇལ་ཞུ་རྒྱུ་མཆིས།
གནས། མཚོ་མགོ་དར་ཆེན། མཚོ་སྒོ། རྗེ་མི་ཉག་རིན་པོ་སྐུ་གདུང་རྐྱེན་དབང་དུ་ཤོར་བའི་བཀའ་ཆད་ཀྱི་ཚུལ་དུ་མི་རྣམས་ཀྱིས་ལོ་གསུམ་རེ་མཚམས་བསྒྲེངས་འཛུགས་བྱེད།
གནས། གནས་ནང་བྱམས་པ། སྨན་ཚོ་མོ། བྱམས་པའི་སྐུ་བརྙན་གྱི་གནས་རི་དེར་བོད་ཟླ་ལྔ་པའི་ནང་རི་སྐོར་རྒྱག
གནས། གྲང་ཇོ་བོ། གྲང་ཁུལ། བྲག་ལྡེབས་སུ་ཇོ་བོའི་རང་བྱོན་ཡོད་པར་ལྔ་པའི་བཅོ་ལྔར་རི་སྐོར་བྱེད།
གནས། བྱ་དགའ་གནས།    
གནས། མཚོ་དྲུག་མཚོ་བསྐོར། ཕུ་ཆུ་ནང་།  
གནས། ལེའུ་མཚོ་བསྐོར། ཟེ་ཕུའི་ནང།  

ས་བཅད་བརྒྱད་པ། དམངས་སྲོལ།

༡ བྲག་གསུམ་མཚོའི་དར་ཆེན་སྐུ་བཞེངས།

རྫོང་དེར་དམངས་སྲོལ་དུས་སྟོན་དུ་བུ་གྲོགས་པོ་ཞེས་པ་ཉིན་ལྔའི་རིང་ལ་ཡུལ་སྡེ་ཆབ་འབངས་ཡོད་ཚད་དགའ་སྟོན་ཐུགས་སྤྲོ་གཏོང་སྲོལ་ཡོད་ཅིང་། སྤྲོ་སྐྱིད་དེའི་ཐོག་མར་ཆོས་ཕྱོགས་དང་འབྲེལ་བའི་བྱེད་སྒོར་ལྷ་གསོལ་དང་། དེ་རྗེས་གར་འཆམ་གྱི་སྟོན་མོ་འཁྲབ་སྟོན་དང་བྲག་གསུམ་མཚོ་འཇལ་གྱིས་དར་ལྕོག་བསྒྲེངས་བཙུགས་བྱེད། སྤྱིར་བྲག་གསུམ་མཚོའི་དར་ཆེན་དེ་བཞིན་ལོ་གསུམ་རེར་ཐེངས་རེར་གསར་རྙིང་བརྗེ་ལེན་བྱེད་ཅིང་། དེ་ཡང་། ཀོང་པོའི་ལོ་གསར་ཚེས་གསུམ་ནས་ཚེས་བཅོ་ལྔ་བར་སྐུ་བཞེངས་བྱེད། དེ་སྔ་མཚོ་མགོའི་དར་ཤིང་རིང་དྲགས་པས་དབུས་གཞུང་ནས་གྲྭ་བཞི་དམག་མི་བཏང་མྱོང་བའི་ལོ་རྒྱུས་ཡོད་པར་བཤད། དར་ཆེན་སྐུ་བཞེངས་ཀྱི་བྱེད་སྒོ་དེ་བཞིན་ཞོ་ཁ་རྫོང་ཙམ་མ་ཟད་ཀོང་པོ་སྤྱི་ཡོངས་སུ་སྲུང་བརྩི་བྱེད་པའི་དུས་ཆེན་སྐད་གྲགས་ཆེ་ཤོས་བརྩི་ལམ་ལྟར། ཀོང་ཡུལ་སྟོད་སྨད་བར་གསུམ་ནས་བྲག་གསུམ་དར་ཆེན་སྐུ་བཞེངས་ལ་ཡོང་སྲོལ་ཡོད་འདུག[1]

༢ མཚོ་རྫོང་དགོན་གྱི་གིང་འཆམ།

བྲག་གསུམ་མཚོ་རྫོང་འདི་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་སྒྲུབ་གནས་དང་། དེར་གུ་རུ་ཉིད་ཀྱིས་བཞེངས་པའི་བུམ་པ་དང་ཞབས་རྗེས་མཇལ་རྒྱུ་ཡོད།[2] རྫོང་དེའི་མཚོ་རྫོང་གི་གིང་འཆམ་ཞེས་པ་ཡང་གནས་དེར་བཏབ་པའི་མཚོ་རྫོང་དགོན་པ་ནས་རིམ་བཞིན་དམངས་ཁྲོད་དུ་དར་ཁྱབ་བྱུང་བས་རྒྱ་ཁྱབ་འཁྲབ་སྲོལ་ཡོད་པའི་ཞབས་བྲོའི་རིགས་ཤིག་ཡིན། དེ་ཡང་། དེ་སྔའི་ཞོ་ཁ་རྫོང་འོག་མཚོ་རྫོང་དགོན་དུ་དར་བའི་གིང་འཆམ་གྱི་རྩ་བའི་སྟངས་སྟབས་ནི་ཕོ་མོ་ཟུང་གྲལ་གཉིས་ཁ་གཏད་དུ་བསྒྲེངས་ནས་འཆམ་འགྲོས་གར་སྟབས་དང་བསྟུན་ཕན་ཚུན་འཆམ་གྲལ་སྤེལ་རེས་དང་།  དེ་བཞིན་མི་གཉིས་ཁ་གཏད།  མི་བཞི་རྐྱང་འཁྲབ།  བརྐྱངས་གཅིག་རྒྱ་ནག་ལྕགས་རི་སོགས་འཁྲབ་ཚུལ་མི་འདྲ་བ་འགའ་ཤས་ཤིག་མཆིས། གར་འཆམ་དེ་རིགས་ནི་ཡུལ་མི་ཚོས་ས་གནས་རང་ཁོངས་ཀྱི་རྒྱུན་སྲོལ་གྱི་ཆོས་ཀྱི་བྱེད་སྒོ་དང་བསྟུན་ནས། ཞིང་ལ་ཆར་ཆུ་བཟང་ཞིང་ལོ་ཕྱུགས་ལེགས་པ། ཡུལ་ལ་ནད་ཡམས་མུ་གེ་མེད་པར་འཆམ་མཐུན་བཀྲ་ཤིས་ཕུན་ཚོགས་ཡོང་སླད་འཁྲབ་སྲོལ་ཡོད།[3]

༣ འབྲུག་ལ་བཀྲིས་བདེ་ཆེན་དགོན་གྱི་འཆམ།

ཞོ་ཁ་རྫོང་གི་འབྲུག་ལ་བཀྲིས་བདེ་ཆེན་གྱི་གར་འཆམ་ལ་སྔ་འཆམ་དང་ཕྱི་འཆམ་ཞེས་རིགས་གཉིས་འཁྲབ་སྲོལ་ཡོད་ཅིང་། དང་ཐོག་འཆམ་སྣ་ཡོངས་རྫོགས་སྡེབ་ཐོན་གྱིས་གཟིགས་མོ་བར་ངོ་སྤྲོད་རེ་བྱེད་པ་དང་། དེ་རྗེས་འཆམ་ཚན་རེ་རེ་བཞིན་སརྒ་འཆོལ་མེད་དུ་འཁྲབ་རྗེས་སླར་ལོག་འཆམ་སྐབས་སྡེབ་གཅིག་ཏུ་འཁྲབ་སྲོལ་ཡོད། གར་འཆམ་དེར་ཁྱོན་ལེ་ཚན་ཁག་སུམ་ཅུ་སོ་གཉིས་དང་ལྷན་རོལ་མོའི་རྣམ་གྲངས་ལ། རྔ་བརྒྱད། སྦུབ་གཉིས། དུང་ཆེན་ཆ་གཉིས་བཅས་ལས་གྲུབ་པ་ཡིན།[4]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཀོང་པོ་དབུ་ལ་ཚེ་དབང་ལ་བཅར་འདྲི་ཞུས་པའི་ཟིན་ཐོ། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༧ ཉིན། རྡ་རམ་ཤཱ་ལ།

[2] བཀའ་བརྒྱུད་གསེར་ཕྲེང་རྣམ་ཐར་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ། སྟོད་ཆ། ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༤། ཤོག ༥༠༦།

[3] བསོད་ནམས་བཀྲིས། ཀོང་པོའི་ལོ་རྒྱུས་དང་གནས་བཤད་གྱེན་དུ་འཕྱུར་བའི་ལྷག་བསམ་གངས་ལྷ་མེ་ཏོག བོད་གཞུང་ཤེས་རི་དཔར་ཁང། ཕྱི་ལོ་ ༢༠༡༡ ། ཤོག ༣༩༥ །

[4] ངག་དབང་གསུང་རབ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ཕྱི་ལོ་ ༡༩༩༠།༡ བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ། ཤོག ༤༢ །

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།