ཕྱི་ལོ་ ༡༩༢༡ ལོར་བཙུགས་པའི་པུ་ལི་སིའི་ལས་ཁུངས།

ཕྱི་ལོ་ ༡༩༢༡ ལོར་བཙུགས་པའི་པུ་ལི་སིའི་ལས་ཁུངས།
པུ་ལི་སི་ (ཉེན་རྟོག་པ) འདི་ནི་དེ་སྔ་བོད་གཞུང་གི་བདེ་སྲུང་ཉེན་རྟོག་གི་དམག་དཔུང་ལྟ་བུ་ཞིག་ཡིན་ཞིང་། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ (༡༩༢༡) ལོར་དབྱིན་ཁོངས་བོད་མི་ལེགས་ལྡན་ས་ཧེབ་བྱ་བའི་བཀོད་ཇུས་འོག་བཙུགས། དེའི་ནང་ཐོག་མར་ལྷ་སར་བཅའ་སྡོད་ཝ་གླིང་སོགས་ཁ་ཆེའི་གཞོན་ནུ་ལས་མེད་ཅིང་། དལ་སྡོད་ཁག་གཅིག་བསྡུས་ཏེ་དམག་ཁྲིམས་དང་། འོས་འགན་བྱེད་སྒོ་ཁག་སློབ་སྦྱོང་བྱས་རྗེས་མི་དཔོན་གྱི་བཀོད་འདོམས་འོག་འགན་དབང་ལག་བསྟར་བྱེད།
དེ་རྗེས་རིམ་བཞིན་ཤེལ་དཀར་དང་ལྷ་རྩེ་སོགས་ནས་བསྡུས་པའི་དིང་རི་དམག་སྒར་གྱི་ཁོངས་ནས་གསར་སྐོང་བྱས་པ་དང་། ཡང་ས་བྱི་ (༡༩༤༨) ལོར་དེ་དག་ཀྱང་ཕྱིར་སློག་སྟེ་ཆ་དང་དམག་སྒར་གྱིས་ཉེན་རྟོག་བདེ་སྲུང་གི་ལས་འགན་འཁུར་ཞིང་། བཀོད་འདོམས་དབང་ཆ་མདའ་དཔོན་དང་ལྷ་སའི་མི་དཔོན་ཟུང་འབྲེལ་གྱིས་སྤྱོད་པ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས།

གངས་ལྗོངས་བོད་ཆོས་སྲིད་གཉིས་ལྡན་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་སའི་གྲོང་ཁྱེར་གྱི་བདེ་འཇགས་པུ་ལི་སིའམ་ཉེན་རྟོག་པའི་འགོ་བྱེད་དང་བཅས་པ་ལྷན་ཞུགས།

པར་གཉིས་པའི་འགོ་བྱེད་མི་སྣ། Abbildung 2: Sitzend: བསོད་ནམས་དབང་འཕེལ་ལེགས་ལྡན། S.W. Laden La (links) und sein Assistent སྨོན་གྲོང་མཁྱེན་རབ་ཀུན་བཟང་། Mondrong Khenrab Kunsang.

བླ་ཕྱག་རྩིས་དཔོན་ཞྭ་སྒབ་པ། Nach Tsipon Shakabpa (2012, vol. 2, S. 812) and རྒྱལ་སྲས་རྣམ་རྒྱལ་དབང་འདུས། Gyaltse Namgyal Wangdue (vol. 2, 2010, S. 39) lauten die Namen der fünf dahinter stehenden Offiziere wie folgt: མདོ་མཁར་སྲས་ཕུན་ཚོགས་རབ་རྒྱས། Dhokar Sé Phuntsok Rabgye , ལྷ་སྡིངས་སྲས། Lhading Sé , མི་དཔོན་རྒྱལ་གྲོང་ནང་སོ། Mipon Gyaldrong Nangso , རྩེ་དྲུང་མཁྱེན་རབ་ཚུལ་ཁྲིམས། Tsedrung Khenrab Tsultrim and ཤོད་དྲུང་བྱིངས་པ་ཟུར་པ། Shodrung Jingpa Surpa .
(Rhodes, 2006, plate 22)
ཡོང་ཁུངས། སྔ་མོའི་བོད་དང་བོད་མིའི་ངོ་དེབ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།