དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
རྫོང་ཆུང་སྟེང་། འཕྲུལ་ཞིག་གཡུང་དྲུང་ཚུལ་ཁྲིམས། བོན།
སྟག་རྩེ་གཡུང་དྲུང་གླིང་། ཕྱི་ལོ་ ༡༦༢༠ ཙམ་ལ། སྡོང་སྒོམས་བསྟན་པ་ལྷུན་གྲུབ། བོན།
སྟག་བྲོ་གཡུང་དྲུང་ཚལ། སྐུ་མདུན་སྨོན་ལམ་བཀྲ་ཤིས། བོན།
རྒྱབ་རིང་ལྷ་རི་གྱང་ཏོ་དགོན། རྗེ་རི་མི་འགྱུར་རྒྱལ་མཚན། བོན།
དགོན་པ་སྟེང་། ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས། བོན།
སྲིད་རྒྱལ་དགོན་ཆེན། ཕྱི་ལོ་ ༡༣༣༠ ཙམ། རི་པ་འབྲུག་གསལ་ཀྱིས་ཕྱག་བཏབ། བོན།
སྒྱེལ་རི་དགོན། བློ་ལྡན་སྙིང་པོ། བོན།
ཀོང་རེ་སྟེང་དགོན། རྙིང་མ།
རྡོ་རྗེ་དབུས་གཙང་དགོན། རྙིང་མ།
༡༠ སྒྲུབ་ཆོས་ལྡན་དགོན།གཤམ་གྱི་ཀོང་པོ་འབྲུག་ཆོས་སྡིངས་མིན་ནམ་སྙམ རྙིང་མ།
༡༡ ཆུ་ཇོ་བོ་ལྷ་ཁང་། རྙིང་མ།
༡༢ རྩེ་ལྷས་ལྷ་ཁང་། རྙིང་མ།
༡༣ སྟག་རྩེ་རྣམ་རྒྱལ་སྒང་དགོན། ཕྱི་ལོ་ ༡༣༧༣། ཞྭ་དམར་མཁའ་སྤྱོད་དབང་པོ། བཀའ་བརྒྱུད།
༡༤ དགའ་ལྡན་མ་མོ་དགོན། ཕྱི་ལོ་ ༡༣༨༦། ཞྭ་དམར་མཁའ་སྤྱོད་དབང་པོ། བཀའ་བརྒྱུད།
༡༥ རྒྱ་མཚོ་དགོན། རབ་བྱུང་ ༩། འཛི་སྒར་བསོད་ནམས་རྒྱ་མཚོ། བཀའ་བརྒྱུད།
༡༦ མཆོད་ཁང་རྩེ། དུས་རབས་ ༡༥། རྣལ་འབྱོར་པ་སངས་རྒྱས་བཀྲ་ཤིས། བཀའ་བརྒྱུད།
༡༧ ཐེལ་ལྟག་དགོན་ནི། བྱང་སེམས་ཆོས་ཉིད་རང་གྲོལ། བཀའ་བརྒྱུད།
༡༨ ཨོལ་ལྟག་དགོན། སངས་རྒྱས་དཔལ། བཀའ་བརྒྱུད།
༡༩ ཀོང་པོ་འབྲུག་ཆོས་སྡིངས། བཀའ་བརྒྱུད།
༢༠ དེ་མོ་དགོན། དགེ་ལུགས།
༢༡ བཀྲ་ཤིས་ཕན་བདེ་དགོན། དུས་རབས་ ༡༦། ཡབ་རྗེ་སངས་རྒྱས་བཀྲ་ཤིས།
༢༢ ཐོད་པ་དགོན། དུས་རབས་ ༡༧ ཙམ། རིག་འཛིན་ཚེ་དབང་ནོར་བུ།
༢༣ མཐའ་རྩའི་དགོན་བསམ་གཏན་གླིང་། ཚེ་དབང་འོད་ཟེར།
༢༤ བྲག་དཀར་ཞབས་རྗེས་དགོན།
༢༥ ཕུ་དགོན་པ།
༢༦ ཕུག་གུ་དགོན།

 

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
ཟླ་བ་དོན་གྲུབ། བྲག་ཡིབ། དུས་རབས་ ༢༠། དུས་རབས་ཉི་ཤུ་པའི་ནང་གསར་དུ་ཕྱུག་བདག་ཏུ་གྱུར་པ་ཞིག་ཡིན།
དྭགས་པོ་འཇམ་དཔལ་ལྷུན་གྲུབ། ཀོང་སྟོད། ༡༨༤༥-༡༩༡༩ དྭགས་པོ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ཡིན།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། ཇོ་མོ་གྲོང་སྡེ། ༡༩༢༧-༡༩༩༧ དུས་རབས་ཉི་ཤུ་པའི་ནང་བྱོན་པའི་མཁས་དབང་གྲགས་ཅན་ཞིག།དུང་དཀར་ཚིགས་རྩོམ་པ་པོ།
དཀོན་མཆོག་བསྟན་འཛིན་འཕྲིན་ལས། ཀོང་པོ་མྱང། ༡༧༧༠- འབྲི་གུང་གདན་རབས་ཉེར་བརྒྱད་པ་ཡིན།
སྟག་ཕུ་སྤྲུལ་སྐུ་བློ་བཟང་ཆོས་ཀྱི་དབང་ཕྱུག་གམ་གར་གྱི་དབང་པོ། ཉང་པོའི་གྱིང་ཕུ་ལུང་། ༡༧༦༥-༡༧༩༢ སྟག་ཕུ་སྐུ་ཕྲེང་ལྔ་པ་ཡིན།
ལྷ་དབང་ཕྱོགས་ལས་རྣམ་རྒྱལ། གཉའ་ཁྲི། ༡༥༢༧-༡༦༢༢ དེ་མོ་སྐུ་ཕྲེང་གསུམ་པ་ཡིན།
ཀརྨ་དེ་བཞིན་གཤེགས་པ། ཉང་པོའི་མྱང་འདམ། ༡༣༨༤-༡༤༡༥ ཀརྨ་སྐུ་ཕྲེང་ལྔ་པ། ཏཱ་མིང་གོང་མའི་དབུ་བླ་གནང་མྱོང་དང་སོགས་རྒྱ་ཕྱོགས་སུ་འགྲོ་དོན་ཆེ།
ཀུན་གཟིགས་ཆོས་ཀྱི་སྣང་བ། ཀླུ་སྡིངས། ༡༧༦༨-༡༨༢༢ འབྲུག་པ་སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་ཡིན།
སྤྲུལ་སྐུ་རིག་འཛིན་ཀུང་བཟང་རང་གྲོལ། འོ་ཐང་རྒྱལ། སྦ་ཁ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་ཡིན།
༡༠ རྗེ་བཙུན་ཀུན་དགའ་བཟང་མོ། སྲིན་མོ་གཉན་ཁྲི། རྡོ་རྗེ་ཕག་མོ་སྐུ་ཕྲེང་གཉིས་པ།
༡༡ མཁའ་སྤྱོད་དཔལ་མོ། ཀརྨ་གྲོང་གསར། རྡོ་རྗེ་ཕག་མོ་སྐུ་ཕྲེང་ལྔ་པ།
༡༢ སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན། ཀོང་སྟོད་ཉང་པོ་རྒྱ་ནང་། ༡༧༡༤-༡༧༦༢
༡༣ ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ། ཉང་རྒྱ་ནང་། ༡༣༨༦-༡༤༤༥ རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྟོགས་ལྡན་ལྔ་ཞེས་གྲགས་པའི་ནང་ཚན་ཞིག་ཡིན།
༡༤ ཆོས་ཀྱི་གྲགས་པ། ཉང་རྒྱ་ནང་། ༡༤༣༧-
༡༥ འགྲོ་མགོན་ཤེས་རབ་བཟང་པོ། ཀོང་པོ་དེ་མོ།

 

ལེ་ཚན་གསུམ་པ། གནའ་ཤུལ།

མཁར།བང་སོ། དུར།གནས།

ས་གནས། མཆན།
 

དུར།

ཉིང་ཁྲིའི་མིའི་རུས་པ་དང་དུར་ས། ཉིང་ཁྲི་རྫོང། ཉིང་ཁྲི་རྒྱུད་ཀྱི་ཉང་ཆུའི་འགྲམ་ངོགས་གད་སྟེགས་ནས་དུར་ས་ཁག་མི་འདྲ་བ་ལྔ་ཙམ་བརྙེད་པ་དང་། དུར་ས་ནས་ཐོན་པའི་མིའི་རུས་པ་དེ་དག་རྡོ་ཆས་གསར་མའི་དུས་སྐབས་ཀྱི་ཡིན་པ་གནའ་རྫས་རྟོག་ཞིབ་པས་འགྲེལ།
རྡོ་རིང། ཀོང་པོ་དེ་མོའི་བྲག་བརྐོས། གཡུང་དྲུང་འཛིན་གྲོང། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཀོང་རྗེ་དཀར་པོར་ཀོང་པོ་ས་ཁོངས་ཀྱི་བདག་དབང་དང་།དེ་ཁུལ་ལ་ཁྲལ་སོགས་མི་དགོས་པའི་བཀའ་རྒྱ་གནང་བ་བྲག་ལ་བརྐོས་ཡོད།
གནས། འགྲོ་མགོན་དུང་མཚོ་རས་པ། ཕུ་དགོན་པ། རྒྱ་གི་པཎྜི་ཏ་ལོ་ཙཱ་བ་ཞིག་གིས་གཏེར་ནས་བཞེས་པའི་བདེ་མཆོག་ཡབ་ཡུམ་གྱི་སྐུ་ཚད་ཁྲུ་གཉིས།
གནས། སྨོན་ལམ་མཚོ་མོ། ཕུ་དགོན་པའི་མདུན། ཚྭ་གཏེར་ཡོད་སྐད།
གནས། དུང་མཚོ་རས་པའི་གདུང་རྟེན། ཕུ་དགོན་པའི་མདུན། འགྲོ་མགོན་དུང་མཚོ་རས་པའི་གདུང་རྟེན།
གནས། ཞལ་སྤྲོད་ལ། ཕུ་དགོན་པའི་འགྲམ། སྤྱན་རས་གཟིགས་དང།རྒྱལ་བ་བྱམས་པ་གཉིས་ཀྱི་བྲག་ལྷ།
གནས། ཚེ་ཆུ་སྒྲུབ་ཕུག ཕུ་དགོན་པའི་འགྲམ། སློན་དཔོན་རིན་པོ་ཆེའི་ཚེ་ཆུ་སྒྲུབ་ཕུག་ཡིན།
གནས། ཐོད་དགུ་མཁར། ཕུ་དགོན་པའི་འགྲམ། ཟེར་སྲོལ་བྱང་ཤར་ཐོད་པའི་སྐུ་མཁར་ཡིན་ལུགས།
གནས། ཀོང་པོ་དཔལ་རི། ཉིང་ཁྲི། ཉིང་ཁྲི་ཁུལ་དུ་ཡོད་ཅིང་གནས་མཆོག་ཟངས་མདོག་དཔལ་རིའི་གནས་རིའི་གྲས་ཤིག་ཡིན།
གནས། མཆོད་རྟེན་དཀར་པོ། ཉིང་ཁྲི། ཀོང་པོའི་ནད་ཡམས་སེལ་ཆེད་དུ་བཞེངས་པར་གྲགས།
གནས། ཕོ་དུང་རི་བོའི་རྩེ་དང་།མོ་དུང་རྒྱ་མཚོའི་འགྲམ། ཕུ་དགོན་པའི་འགྲམ། བྲག་གི་དུང་དཀར་གཟུགས་ཆེན་པོ་དེ་གཉིས་པོར་ཕུ་འདེབས་ས་ཡོད་པ་དང་།ཕུ་འདེབས་ན་སྐད་སྒྲ་སྒྲོག་པར་གྲགས།
གནས། རྟ་ཕྱག་ཁྱུང་གསུམ་གྱི་རང་བྱོན། ཀོང་སྟོད། གནས་རི་དེ་ནི་ཀླུ་གཉན་འདུལ་བའི་གཉེན་པོར་བཤད།
གནས། ལྷ་དགའ་གྲོང་སྡེ། ཉིང་ཁྲི། སྔར་ཉང་བཙན་རྒྱལ་པོའི་གནས་ཡུལ་ཡིན།
གནས། ཚོང་དཔོན་ནོར་བཟང་གི་དྲེལ་རང་བྱོན་དང་བང་མཛོད། རྡོ་ཕུག་གྲོང། ཚོང་དཔོན་ནོར་བཟང་ནི་བོད་སིལ་བུའི་སྐབས་བྱོན་ཞིང་།ཁུལ་དེར་ཚོང་དཔོན་ནོར་བཟང་གི་དྲེལ་ཐིམ་པའི་རང་བྱོན་དང་།ས་འབུར་ཐོག་བརྩེགས་གཉིས་གསུམ་ཙམ་ཡོད་པའི་ས་འབུར་དེ་བང་མཛོད་དུ་གྲགས།
གནས། རྣམ་སྲས་རྟ་བརྒྱད་རང་བྱོན།
གནས། དབུས་ཕུག། ཀོང་དཔལ་རིའི་རྒྱབ།
གནས། ཡང་དབེ།
གནས། བྱ་དེ་ཕུག
གནས། ཉི་མ་ཕུག
གནས། ཐུགས་དཀར་ཕུག

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།