ས་བཅད་བཞི་པ། ཞིང་ནགས་ཐོན་སྐྱེད་དང་ཐུན་མིན་ཐོན་ལས།
པདྨ་བཀོད་དམ་མེ་ཏོག་རྫོང་ནི་ཞིང་ལས་དང་ནགས་ལས་གཉིས་གཙོ་བོ་གཉེར་བའི་ཁུལ་ཞིག་ཡིན་ཞིང་། ཞིང་ལས་ཐད་རྨོ་ཞིང་མུའུ་ཁྲི་ ༡.༦ ཡོད་པ་ནང་ལོ་ཏོག་གཙོ་བོ་འབྲས་ཆེན། འབྲས་ཆུང་། མ་རྨོས་ལོ་ཏོག གྲོ ནས། སྲན་མ། སྲན་ཆུང་། སྲན་སེར། ཁྲེ། ཙེ་ཙེ། མོན་རྒྱགས། བྲ་མོ། པད་ཁ། སི་པན། བ་དམ། ཏིལ། བུར་ཤིང་། ཞོག་ཁོག་མངར་མོ། ལ་ཕུག ཉུང་མ་སོགས་ཚལ་རིགས་ཀྱང་ཐོན་སྐྱེད་འདེབས་ལས་བྱེད།
ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༣༩༤.༨ དང་ནགས་ཚལ་ཟིན་ཚད་བརྒྱ་ཆ་བདུན་བཅུ་ཡོད་པར།[1] ཤིང་སྣ་གཙོ་བོ་གསོམ་ཤིང་དང་། ཐང་ཤིང་། སྟག་པ་དཀར་པོ། ཙན་དན་དཀར་མ། སྦ་ཤིང་། སྨྱུག་ཤིང་། ཟངས་ཤིང་། བེ་ཤིང་། ལྕང་རིགས་སོགས་སྐྱེ་ལ། རང་བྱུང་བཟའ་ཆ་དང་ཤིང་འབྲས་ལའང་སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ། ཀུ་ཤུ། རྒུན་འབྲུམ། ཁམ་བུ། སྟར་ག ལི། ཤིང་དམར་སོགས་ཐོན། དེ་བཞིན་ཞིང་ནགས་ཀྱི་ཐོན་སྐྱེད་འདེབས་ལས་ཀྱི་ལག་ཆའང་ས་གནས་རང་ནས་ཤིང་ལྕགས་གཉིས་ལས་གྲུབ་པའི་ས་ཞིང་རྨོ་བྱེད་དུ་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་སྐབས་ལྕགས་ཁྱེམ་དང་། ཏོག་རྩེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ་སོགས་ཤིང་ལས་ལག་ཆ་བཟོ་སྐྲུན་བྱེད་པ་ཡིན།
རྫོང་དེའི་ཐུན་མིན་གྲགས་ཅན་ཐོན་རྫས་གཙོ་བོ་རི་སྐྱེས་འབྲས་ལྡན་རིགས་དང་། སྡོང་ཕུང་། ཡུ་གུ་ཤིང་། ཤྭ་བའི་ཁྲག་རྭ། གླ་རྩི། ཤ་མོ་སྤྲེལ་མགོ་མ། དབྱར་རྩྭ་དགུན་འབུ་སོགས་ཡིན། རྫོང་དེ་ནས་སྨྱུག་མ་དང་ཤིང་ལས་གྲུབ་པའི་ཉེར་མཁོའི་ཐོན་རྫས་ཀྱི་རིགས་སྣ་ཚོགས་ཤིག་བཟོ་སྐྲུན་བྱེད་ཅིང་། ལྷག་པར་རྫོང་དེ་ཁོ་ནར་ཐུན་མིན་ལག་ཤེས་ཀྱི་བཟོ་སྐྲུན་ལྡན་པའི་རྡོ་ཁོག་ཅེས། ས་ཆ་དེ་རང་ནས་ཐོན་པའི་རྡོ་རིགས་ལས་བྱས་པའི་ཁ་ཟས་གཡོ་སྦྱོར་བྱ་སའི་སྣོད་ཆས་དམིགས་བསལ་ཅན་ཞིག་ཡིན། དེ་ཡང་། རྡོ་རིགས་དེའི་རང་བཞིན་སོབ་སོབ་ཡིན་པས་སེན་མོས་བྲད་ཀྱང་གོག་ནུས། འོན་ཏེ་ཐབ་ལ་བཀལ་རྗེས་རྡོའི་ངོ་བོ་མཁྲེགས་པོར་གྱུར་བས། དེའི་ནང་འབྲས་དང་། ཤ་དེ་བཞིན་ཚལ་རིགས་འདྲ་མིན་བཙོ་ཆོག་ཅིང་བྲོ་བ་ཤིན་ཏུ་ཞིམ་ལ། རྒྱུན་དུ་རྡོ་ཁོག་ནང་བཙོས་པའི་ཟས་རིགས་བཟས་ཚེ། ཁྲག་ཤེད་མཐོ་བ་དང་། སྙིང་གི་ན་ཚ་སོགས་ལ་བདེ་སྲུང་གི་ནུས་པ་ཐོན་གྱི་ཡོད་པའི་སྐོར་ཤོད་སྲོལ་འདུག[2]
ས་བཅད་དྲུག་པ། སྲོག་ཆགས་དང་། སྐྱེས་དངོས། གཏེར་ཁ།
གཅན་གཟན་རི་དྭགས་ལ་སྟག་དང་། གཟིག དོམ། གླ་བ། དྲེད། མི་རྒོད། གསའ་གཟིག གཡི། ཨོག་དཀར། རྒྱ་གོར། ར་རྒོད། ཙི་ཉག གླ་བ་དཀར་ནག ཝ་མོ། སྲམ། སྤྱང་ཀི སྤྲེའུ་མཇུག་རིང་། ཤྭ་བ་མཆུ་དཀར་སོགས་མང་དུ་ཡོད། སྐྱེ་དངོས་སྨན་རྫས་སུ་གངས་ལྷ་མེ་ཏོག སྡོང་ཐུང་རྩི་ཤིང་། ངག་ལག ཚ་ལུ་མ། རྡོ་ཐ། ཇ་ཤིང་། དེ་མིན་གླ་རྩི་དང་། ཤྭ་བའི་ཁྲག་རྭ། སྡོང་ཕུང་། ཡུ་གུ་ཤིང་། ཨ་རུ། སྐྱུ་རུ། བ་རུ། ཛ་ཏི། ཐིང་ལེབ། ཡང་ཙམ་ཏ། སྤྲེའུ་མགོ་ཞེས་པའི་སྨན་རྫས་དང་རི་ཟས་སོགས་སྨན་རྩྭ་སྣ་ཚོགས་དང་། བསང་གི་རིགས་ལ་ཤུག་པ། བ་ལུ། སུ་ལུ། གཡའ་ཚན། གངས་དཀར། ཤ་ཕྲུག འཁན་པ། ཆུ་ཤིང་འོམ་བུ་སོགས་དང་། ཤིང་སྣར་ཡང་ཐང་ཤིང་དང་། སྟག་པ། བླ་མ་ཤིང་། ཤུག་པ་ལྷ་ཤུག་དང་། འདྲེ་ཤུག མཛོ་མོ་ཤིང་། ཚར་མ་ཤིང་། གདུང་ཤིང་། གླང་མ་དང་། ལོ་སྐྱུར་ཐང་ཤིང་། སྡོང་རིང་ཐང་ཤིང་། སྦྱར་དཀར། མྱང་རྩི་སྤྲས། སྡོང་ཕུང་། སྒ་སེར། ཤིང་ཚོས་རམ་སོགས་སྐྱེ་ཞིང་། རང་བྱུང་མེ་ཏོག་གི་རིགས་ལ་བ་ལུའི་མེ་ཏོག སུ་ལུའི་མེ་ཏོག ཚར་མའི་མེ་ཏོག ཁྲག་ཤ་མེ་ཏོག སེར་ཆེན་མེ་ཏོག ཧ་ལོའི་མེ་ཏོག སྤང་རྒྱན་མེ་ཏོག ཁྱུང་ལུང་མེ་ཏོག སྐལ་བཟང་མེ་ཏོག ཞོ་སྟོན་མེ་ཏོག འབྲས་སིལ་མེ་ཏོག གོས་ཆེན་མེ་ཏོག གང་ཟང་མེ་ཏོག དཀར་ཡོལ་མེ་ཏོག་དང་། རང་བྱུང་ཟ་ཆའི་རིགས་ཟྭ་ཚོད། སྔོ་ཚལ་གླེས། འཛིམ་བུ། ཆུ་དཀར། སྒོག་པ་བླ་མ། སྐྱ་སྒོག རི་སྒོག གྲོ་མ། སེར་ཤ།སྤང་ཤ དབྱར་རྩྭ་དགུན་འབུ། རྩི་དཀར། སྨུག་རྩི། སྤང་སྤོས། ཆུ་ཤ ཆོ་ལོ་སོགས་སྐྱེ་བ་ཡིན་ནོ།།
ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།
ལེ་ཚན། དགོན་སྡེ།
ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
༡ | རི་ཆེན་དཔུང་དགོན། | སྤྲུལ་སྐུ་ཨོ་རྒྱན་འགྲོ་འདུལ་གླིང་པ། | རྙིང་མ། | |
༢ | བཀའ་དམ་དགོན། | རྙིང་མ། | ||
༣ | པདྨ་འོད་གླིང་དགོན། | རྙིང་མ། | ||
༤ | བདེ་ཀུན་དགོན། | རྙིང་མ། | ||
༥ | མ་རི་སྒང་དགོན། | རྙིང་མ། | ||
༦ | རྩལ་མཆོག་དགོན། | རྙིང་མ། | ||
༧ | ལྷོ་སྤང་དགོན། | རྙིང་མ། | ||
༨ | རལ་པ་ལྷ་ཁང་། | རྙིང་མ། | ||
༩ | ཞིང་ཁམས་ལྷ་ཁང་། | རྙིང་མ། | ||
༡༠ | ཚང་གྲུབ་ལྷ་ཁང་། | རྙིང་མ། | ||
༡༡ | སྟོད་འདུས་གླིང་ལྷ་ཁང་། | རྙིང་མ། | ||
༡༢ | གདམ་ངག་ལྷ་ཁང་། | རྙིང་མ། | ||
༡༣ | སྤང་མགོ་ལྷ་ཁང་། | རྙིང་མ། | ||
༡༤ | ཀློ་སྟོད་བྲག་ལྡེམ་དགོན་པ། | སྤྲུལ་སྐུ་ཨོ་རྒྱན་འགྲོ་འདུལ་གླིང་པ། | ||
༡༥ | ཕུར་པ་རོང་དགོན། | སྤྲུལ་སྐུ་ཨོ་རྒྱན་འགྲོ་འདུལ་གླིང་པ། | ||
༡༦ | མཎྜལ་སྟེང་དགོན། | སྤྲུལ་སྐུ་ཨོ་རྒྱན་འགྲོ་འདུལ་གླིང་པ། | ||
༡༧ | གཏེར་བུ་དགོན། | འཕགས་པ་ལྷ་བདེ་ཆེན་རྡོ་རྗེ། | ||
༡༨ | དངུལ་བླ་དགོན། | རྒྱལ་བ་རྒོད་ཚང་པ། | ||
༡༩ | དབུ་རྣ་དགོན། | སྔགས་འཆང་བླ་མ་པདྨ་དབང་འདུས། | ||
༢༠ | བློ་སྤང་དགོན། | ཨོ་རྒྱན་འགྲོ་འདུལ་གླིང་པ། | ||
༢༡ | མཎྜལ་ལྡེམ་དགོན། | ཨོ་རྒྱན་འགྲོ་འདུལ་གླིང་པ། | ||
༢༢ | བུདྷ་ཚེ་ཕུག་བདེ་ཆེན་ལྡེམ་དགོན། | རྒྱལ་སྲས་བདེ་ཆེན་གླིང་པའི་བུ། | ||
༢༣ | མར་སྤུང་དགོན། | སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། | ||
༢༤ | མནར་སྟོང་དགོན། | བླ་མ་བཀྲ་ཤིས། | ||
༢༥ | ཤེལ་ཀོང་དགོན། | བླ་མ་བསྟན་པ། | ||
༢༦ | དགྱེས་གླིང་ཨོ་རྒྱན་སྨིན་གླིང་དགོན། | གྲུབ་ཐོབ་བླ་མ་བཀྲི་ཤིས་ནོར་བུ། | ||
༢༧ | དགྱེས་གླིང་སྔགས་ཚང་དགོན། | |||
༢༨ | བྱ་འབྱོར་དགོན། | |||
༢༩ | དཔལ་སྟེང་དགོན། | |||
༣༠ | སྤོ་གདུང་དགོན། | |||
༣༡ | གཏེར་བསྐུངས་བདེ་ཆེན་གླིང་དགོན། | ཀ༔ཐོག་བླ་མ་ནོར་བུ། | ||
༣༢ | ཧ་ཞིང་དགོན། | བླ་མ་པདྨ་འོད་ཟེར། | ||
༣༣ | ཤེལ་རང་དགོན། | བླ་མ་བསོད་ནམས་རིན་ཆེན། | ||
༣༤ | ལྡེའུ་གདུང་དགོན། | |||
༣༥ | ཁེན་ཁེན་དགོན། | མཁྱེན་བརྩེ་འོད་དཀར། | ||
༣༦ | ཀློ་སྟོད་བྱ་སྤུང་དགོན། | ཆོས་གླིང་གར་དབང་ཀུན་བཟང། | ||
༣༧ | བོད་ལུང་དགོན། | སྤྲུལ་སྐུ་བསྟན་འཛིན་ཉི་མ། | ||
༣༨ | གོང་ལྡེམ་གསང་སྔགས་ཆོས་གླིང། | སྤྲུལ་སྐུ་བསྟན་འཛིན་ཉི་མ། | ||
༣༨ | བཙན་ཕྱུག་དགོན། | སྤྲུལ་སྐུ་རྡོ་རྗེ་དྲག་སྔགས། | ||
༣༩ | རྡོ་རྗེ་དབྱིངས་རྫོང་དགོན། | སྤྲུལ་སྐུ་རྡོ་རྗེ་དྲག་སྔགས། | ||
༤༠ | སྤྱན་འབྲུག་དགུ་ཐང་དགོན། | སྤྲུལ་སྐུ་རྡོ་རྗེ་དྲག་སྔགས། | ||
༤༡ | སྤྱན་འབྲུག་ཤིང་ཀི་དགོན། | ཨ་འཛོམས་འབྲུག་ཆེན། | ||
༤༢ | ཉ་པ་དགོན། | སྤང་ལེབ་སྤྲུལ་སྐུ། | ||
༤༣ | བྱ་ཁྱུང་དགོན། | འཕགས་པ་ལྷ་བེད་ཆེན་རྡོ་རྗེ།ཆོས་གླིང་སྤྲུལ་སྐུ་རྟ་མཆོག་རྡོ་རྗེ།ནང་ཆེན་གཏེར་སྟོན་ངག་དགེ་གང་རུང། | ||
༤༤ | དྷེ་བཱི་ཀོ་ཊ་ཐེག་ཆེན་ཆོས་གླིང་དགོན། | གཏེར་སྟོན་ངང་དགེ། | ||
༤༥ | མཧཱ་ཀོ་ཊ་དགོན། | གཏེར་སྟོན་ངང་དགེ། | ||
༤༦ | ཤིས་སྨོན་གླིང་དགོན། | གཏེར་སྟོན་ཆོས་རྗེ་གླིང་ལྔ་པ་ཀརྨ་འཕྲིན་ལས་འགྱུར་མེད། | ||
༤༧ | དཔལ་དབྱིངས་ལྡེམ་དགོན་ཨེ་ཝཾ་མཁྱེན་བརྩེ་འོད་དཀར་གླིང། | ཟླ་སྤྲུལ་འཇིགས་མེད་སེངྒེ། | ||
༤༨ | དགེ་གླིང་དགོན། | བླ་མ་པདྨ་ཡེ་ཤེས། | ||
༤༩ | མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན། | ཕྱི་ལོ་ ༢༠༡༠། | དཔལ་ཡུལ་མཁན་ཆེན་ཚེ་རིང་རྡོ་རྗེ། | |
༥༠ | ནོར་བུ་ཨ་ཏི་འོད་གསལ་གླིང་། | |||
༥༡ | སྦི་ཤིང་དགོན་པདྨ་ཆོས་གླིང་། | |||
༥༢ | སྤོ་གདུང་དགོན་བཀྲི་ཤིས་ཆོས་གླིང་། | |||
༥༣ | ལྷ་གླིང་དགོན་ཨོ་རྒྱན་ཕན་བདེ་གླིང་། | |||
༥༤ | སྨྱུག་ཁག་དགོན་དུང་དཀར་ཆོས་གླིང་། | |||
༥༥ | ཉེ་རིང་དགོན། | |||
༥༦ | ཀོ་པུ་དགོན་པདྨ་འོད་གླིང། | |||
༥༧ | བོ་ན་དགོན། | |||
༥༨ | ལར་མི་གླིང་དགོན། |
ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།
ཨང་། | མཚན། | འཁྲུངས་ཡུལ། | འཁྲུངས་འདས། | མཆན། |
༡ | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། | པདྨ་བཀོད། | ༡༩༠༤-༡༩༨༧ | རྙིང་མའི་བླ་ཆེན་གྲགས་ཅན་ཞིག་ཡིན། |
༢ | སྐྱབས་རྗེ་ཆོས་ཉིད་ཀློང་གྲོལ། | གཏེར་ཁོག་གྲོང། | ༡༩༢༢- | ལྷ་ས་གཙུག་ལག་ཁང་ཞིག་གསོ་མཛད། |
༣ | ཨོ་རྒྱན་གར་དབང་བསྟན་པའི་ཉི་མ། | སྐུ་ཡུལ། | གཏེར་སྟོན་ཞིག་ཡིན། | |
༤ | གཏེར་སྟོོན་གར་དབང་འཆི་མེད་རྡོ་རྗེ། | སྐུ་ཡུལ། | གཏེར་སྟོན་བརྒྱ་རྩའི་ཡ་གྱལ། |
ལེ་ཚན་གསུམ་པ། གནའ་ཤུལ།
མཁར།བང་སོ། དུར། གནས། | ས་གནས། | མཆན། | |
གནས། | གནས་མཆོག་ཙ་རི། | ཙ་རི། | དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཡ་གྱལ་དང་། དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་ཡིན། |
གནས། | མཁའ་འགྲོ་འབུམ་འདུས། | མཁའ་འགྲོ་འབུམ་འདུས་ལུང་། | གནས་འདི་ནི་བྲག་གསུམ་གཏེར་སྟོན་རྡོ་རྗེ་ཐོག་མེད་ཀྱིས་གནས་སྒོ་ཕྱེས། གནས་འདིར་མཁའ་འགྲོ་སྐུ་བརྙན་འབུམ་ཕྲག་ཉིས་བརྒྱ་སོགས་ཡོད་པར་གསུངས། |
གནས། | བུདྷ་ཚེ་ཡི་ཕུག་ཆེན། | སློབ་དཔོན་རིན་པོ་ཆེས་ལོ་གསུམ་ཟླ་གསུམ་བཞུགས་པའི་གནས་ཡིན། | |
གནས། | ཀུན་འདུས་རྡོར་སེམས་ཀྱི་གནས། | གནས་རི་འདི་ནི་ནང་ལྟར་ཀུན་ཏུ་བཟང་པོའི་གནས་དང་།གསང་བ་ལྟར་རྣམ་པར་སྣང་མཛད།ཕྱི་ལྟར་ཞི་བ་རྡོ་རྗེ་སེམས་པའི་གནས་ཡིན་པར་གསུངས། | |
གནས། | རྨི་ལམ་ལུང་བསྟན་གྱི་གནས། | སློབ་དཔོན་རིན་པོ་ཆེས་རྟ་མཆོག་གི་སྒྲུབ་པ་སོགས་མཛད་ས་དང་།ཁུལ་དེར་ལིང་ཚེ་འཁོར་ལོ་བཅུ་གསུམ་གྱི་བཀོད་པ་ཡོད། |
ས་བཅད་བརྒྱད་པ། དམངས་སྲོལ།
བོད་སྐད་ཀྱིས་ལྷོ་པ་རིགས་དང་མོན་རིགས་ཀྱི་སྐད་ལ་ཤུགས་རྐྱེན་ཤིན་ཏུ་ཆེ། ལྷག་པར་དུ་ཆབ་སྲིད། ཆོས་ལུགས། གནམ་དཔྱད། ལག་རྩལ་སོགས་ཀྱི་ཐ་སྙད་ཕལ་ཆེ་བ་བོད་སྐད་གཡར་སྤྱོད་བྱེད། རིགས་གཉིས་ཀར་རང་ཉིད་ཀྱི་སྐད་ཡོད་ཅིང་། རང་ངོས་ཀྱི་ཡུལ་སྐད་དང་ལུང་སྐད་ཚུད། འོན་ཀྱང་གཉིས་ཀར་རང་ངོས་ཀྱི་ཡི་གེ་མེད།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 155.
[2] ཀྲུང་གོའི་བོད་ལྗོངས། ཕྱི་ལོ་ ༢༠༡༣།༣ སྤྱི་དེབ་གྲངས་ ༡༢༠། ཟླ་ ༣། ཤོག ༥༨།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།
འདི་ནས་ཀོང་པོའི་ལོ་རྒྱུས་སྐོར་ཆ་ཚང་སྡེ་ཚན་སོ་སོར་ཕྱེ་ནས་འཇུག་འགོད་ཞུས་ཟིན་ལགས།