དབུས་གཙང་ལོ་རྒྱུས་ཆེན་མོ་ལས། འཕྱོངས་རྒྱས་རྫོང་གི་གཞུང་སྒེར་ཆོས་གསུམ་དང་། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། འཕྱོངས་རྒྱས་རྫོང་གི་གཞུང་སྒེར་ཆོས་གསུམ་དང་། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ།

རྫོང་དེའི་མངའ་ཞབས་སུ་གཏོགས་པའི་གཞུང་སྒེར་ཆོས་གསུམ་ཞིབ་ཁྲའི་ས་རིས་བདག་ཐོབ་ཁ་གྲངས་ལ་མཚོན་ན། འཕྱོང་རྒྱས་རྫོང་ཞབས་ཀྱི་གཞུང་རྒྱུག་ཏུ་ཤར་ཁ། འཕྲེང་དཀར། དར་རྒྱས་རབ་བརྟན། གཡོ་བྱེད། ལྡིང་བུ། སྦམ་སོ་གཞུང་རྒྱུག་རྒྱལ་ཆེན་ཁོ་ཚང་པ། ཤ་བསེས་སྨད། ཆགས་མ། ཁུ་མི། ལྡིང་ཆ་ཤར་ནུབ། ཞུན་པ། ལྡུམ་པ། ཉང་ཆུང་པ།  སྒང་དང་། སེ་ལ་སྨད། ཡང་པོ་བྱང་།

བདེ་སྐྱིད་གླིང་། ཡང་ལྷོ། ལྡན་མ། མཉོས་པ། རྒྱ་རབ། འཕྲེ། དགེ་འཕེལ་བ། དཔལ་གཡང་ལྡིང་། ལྟོལ་པོ་རྒྱ་གྲོང་། རྔང་ནམ་པ། དཔལ་མངའ་བ། གསར་གནང་སྤུན་བདུན། ཁང་རྒྱབ་ཁྱིམ་ཆུང་པ། ལུག་ར་བ་རྐང་གཅིག ལབ། མདའ་སྐྱོར། སྨོག་དང་ཉ་མོ། སྦས། སྒོ་རྒྱབ་པ། ཐང་པོ་ཆེ། འཕྱིང་སྔ་ནས་མདའ་དཔོན་པ་དང་། ཁང་གོང་། མར་པོ་བ། ནང་ཤར། རྐེད་སྒོ་བ། གུས་ཁྱིམ་པ། ཕོ་བྲང་པ། བྱང་སྒོ་སྟེང་པ། ནང་གོང་། གྲོ་ལུང་འབྲོག་པ། སྤང་མཁར་འབྲོག་པ། རི་རོ་འབྲོག་པ། ཤིང་རོ། བྲག་རྩ། སྟག་རུ་འབྲོག་པ། ཅུ་མཚོ། བྲག་རྩ། ཟུང་མ་འབྲོག དགོན་གསར་འབྲོག་པ། ལ་མ་འབྲོག་པ་བཅས་ཡོད།

རྫོང་དེའི་མངའ་ཞབས་སྒེར་ཁག་ནི་སྒེར་སྟག་རུ་བ། སྒེར་ཞོལ་ཁང་པ། སྒེར་འཕེང་ང་ཆེ་བ། སྒེར་ངར་འདུན་པ། ཀླུ་རྩེ་ཆུ་སྐོར་བ། སྒེར་ལྐོག་གྲོང་པ། སྒེར་བསེ་རུ་བ། སྒེར་གཡར་སྦུག་པ། ལྡུམ་ཁང་བ། བྱ་གདང་ཆུ་སྐོར་བ། བཀྲ་ཤིས་མཐོང་སྨོན་པ། སྒེར་རྔ་མོང་པ། སྒེར་སྤོ་ཤོད་པ། སྒེར་མཁར་ལྡན་པ། སྒེར་གླིང་སྟོད་པ། ཁང་གསར། གོང་མ་ཁོ་ཚང་། སྒེར་འབུམ་ཐང་པ། ལྒང་ཕུ་བ། སྤེལ་ཞུབ་པ། སྒེར་བཀྲ་ཤིས་དཔལ་ར་བ། ན་ར་བ་རྟ་པ་དོང་རྐྱང་། སྒེར་ཐ་བ་ཁ་པ། དྲུང་གོང་བློ་དངོས་གྲུབ། ཁང་སྐྱ་གོང་འོག སྒེར་མེར་མོ་བ། རྒྱལ་རབ་བཀྲིས་རབ་ལྡན་པ། སྒེར་དགོན་ཐང་པ། སྒེར་འཕྲེང་སྨད་པ། སྒེར་བཀྲ་ཤིས་མཐོང་སྨོན་པ། རྣམ་རྒྱལ་སྒང་པ། བསམ་མཁར་བ། དགོན་པ་སྟེང་ཁང་པ། སྒེར་སྲང་སྟོད་པ། མཁར་ཆེན་པ། སྒེར་ཆང་ཁྱིམ་པ། མཆོག་སྣ་བྱེ་འོག སྒེར་སྤོ་ར། སྒེར་སྨན་ཁབ་པ། སྒེར་ཕུ་ལུང་པ། སྒེར་ཕུན་ཚོགས་རབ་བརྟན་པ། སྒེར་བཙན་སྤྲོ་བ། བཀྲ་ཤིས་སྦུག་པ། བྱང་ས་བ་རྟ་པ། སྒེར་ཕུ་ལུང་པ། སྒེར་དགོན་ཐང་། སྒེར་བྱིང་དཔལ་གྲོང་རྒྱལ་རབ་སྒང་། སྒེར་སྤོ་ར་བ། སྒེར་འཁྱམས་སྟོད་པ། སྒེར་ཆུ་མིག་སྦུག་པ། སྒེར་ཐང་སྲས་བཀྲ་ཤིས་རབ་བརྟན་པ། ལྡུམ་ར་ཁང་གསར་བ། རྣམ་སྲས་པ་བཅས་སྒེར་གྲས་དང་། ཆོས་གཞིས་ཁག་གི་གཞིས་ཀར་ཡང་རི་བོ་བདེ་ཆེན་གྱི་ཆོས་གཞིས་རྒྱལ་གྲོང་པ། རི་བདེའི་ཆོས་གཞིས་སྤུན་གསུ་པ། རི་བོ་བདེ་ཆོས་ཀྱི་ཆོས་གཞིས་སྲིད་སྣ། མཐོང་དགའ། སྒོ་སྤེ། སྔ་ཐོག རྟ་ར། ཐོབ་རྒྱལ། སྨིན་གླིང་ཆོས་གཞིས་སྤོས་སྐྱང་ཤར་སྟོད་དང་ཤར་སྨད། དཔལ་རི་ཆོས་གཞིས་སྦུལ་ཁྱིམ་པ། དཔལ་རིའི་ཆོས་གཞིས་སྟེང་པ། སྤྱན་གཡས་པའི་ཆོས་གཞིས་རྒྱལ་སྒོ་ནང་པ། སྤྱན་གཡས་པའི་ཆོས་གཞིས་སྦལ་ཅན། འབྲས་བློ་གླིང་ཆོས་གཞིས། བཀྲ་ཤིས་བདེ་ཆེན་པའི་ཆོས་གཞིས་བསམ་གྲུབ་སྟེང་པ་དང་རྔང་ཁང་གསར་པ་ཅན། སྒེར་རྒྱལ་པའི་ཆོས་གཞིས་བསམ་མཁར་ལྷོ་བྱང་། འབྲས་བསམ་བློའི་ཆོས་གཞིས་གྲུབ་རྒྱལ་གླིང་པ་བཅས་སོ།

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག

འཕྱོངས་རྒྱས། འཕྱོངས་པོ། ལྷ་ཆུང་། དོན་མཁར། རོལ་མ་སྒང་། ཆུ་འགོ་སྟང། ཆང་ཁྱིམ། བད་ན། སྡེ་པ་གླིང་། ཤ་གསོས། བཀྲ་ཤིས་དཔལ་ར། ཐང་པོ་ཆེ། སྦས་སྣ། དཔལ་རི། སྤུན་གསུམ། སྟོད་པ། རྒྱས་སྨན། སྤྱན་གཡས། དམར་པོ། ཆོས་འཁོར་སྟེང་། ཆུ་མགོ འཕྱོས། ཆུ་ཤར། ལྡུམ་པོ། ཀླུང་མཁར་ཤར། དཔོན་གསུམ། འཕྲེང་འགོ། འཇུ། རྫིང་ཁ། རྫིང་ཁ། བཀྲས་གླིང་། གྲོང་བདུན།[1]

 

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

ཡར་ལྷ་ཤམ་པོ་རི། གད་རུ་སྤང་རི། གཞས་པ་བྲག་སྒོར་རི། བཟང་དབང་རི། ཆུ་བོ་སྤང་རི། དགོན་སྟོད་རི། གཡང་བྲག་རི། ལྷ་ཁང་རི། སྤང་རི། བདེ་ཆེན་ཆུ་འགོ་རི། སྤྱི་ཟས་རི། གྲ་མ་རི། སྤང་རི། བྲག་སྒོར་རི། རྒྱལ་པོ་རི། མཐའ་བཟང་རི། ཤྭ་མདའ་ནང་། དྲོད་ཆེན། ལམ་མོ་ནང་། རྫ་རི་ནང་། འཁོན་པ་ནང་། མདུན་སྦུག་ཤར། རོང་མོ། གཡའ་ནང་ཕུ། ནོར་རི་ནང་། ལྷ་ཁང་། ཁྲ་སྐད། བྱང་ནང་། རྫ་མོ་ལྕོག་ཆེན། ཤུལ་ཕུ་ནང་། རྫ་ནང་ཕུ། གད་རུ་ཕུ། གཞས་པ་ལུང་། ཤྭ་མདའ་ལ། ཁྲ་སྐད་ལ། སྤང་རི་ལ། བྱེ་ལ། འཁོན་སྤོ་ལ། རི་དཀར་ལ། མཚོ་ལ། སེར་ལ། བྲག་རི་ལ། སྨད་དགོན་ལ། ལུ་གུ་ལ། འཕྱོང་རྒྱས་གཙང་པོ། གྲམ་པ་གཞུང་ཆུ། འཕྱོངས་འགོ་ཆུ་སོགས་མཆིས།

གངས་རི་ཡར་ལྷ་ཤམ་པོ་ནི་འཕྱོངས་རྒྱས་རྫོང་ཁོངས་ཀྱི་ཡར་ལུང་ཕུ་རུ་ཆགས། གངས་རི་དེར་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ ༦༠༠༠ ལྷག་ཙམ་དང་། ལོ་རྒྱུས་ཐོག་དེ་ནི་སྲིད་པ་ཆགས་པའི་ལྷ་སྐུ་དང་རྗེ་ཡི་མགུ་ལྷ་བཅུ་གསུམ་གྱི་གྲས་ཤིག་ཡིན་པར་གྲགས་པས། ཡུལ་མི་རྣམས་ཀྱིས་ལྷ་རུ་བསྟེན་ནས་ཡར་ལྷ་ཞེས་འབོད། དེ་ཡང་། སྤྱན་རས་གཟིགས་ཉིད་འགྲོ་བའི་དོན་དུ་ལྷ་དབང་ཕྱུག་ཆེན་པོའི་རྣམ་པར་བྱོན་པ་ཞིག་ཡིན་པས། དེར་ཐོག་མར་བདེ་འབྱུང་ངམ་དབང་ཕྱུག་གི་སྐད་དོད་ཤམ་བྷ་ཞེས་བརྗོད་པ་ཡིན་ཞིང་། ཕྱིས་སུ་ཤམ་བྷ་ཞེས་པ་ཟུར་ཆག་ནས་ཤམ་པོ་དང་ཤམ་བུ་ཞེས་སྣ་ཚོགས་བརྗོད་པ་ལ་བརྟེན་ནས། ད་ལྟའི་ཡར་ལྷ་ཤམ་པོ་དང་ཡར་ལྷ་ཤམ་བུ་སོགས་སྣ་ཚོགས་བརྗོད་སྲོལ་བྱུང་བར་གྲགས། ཡར་ལྷ་ཤམ་པོའི་མཐའ་འཁོར་ན་འབྲོང་ཆུང་དམར་མས་རྭ་སྟག་གོམས་པའི་ཛ་རི་དང་། ཤྭ་བ་སྨུག་ཆུང་སྐྱིད་ཉལ་རྒྱག་སའི་སྤང་རི། ཐང་དཀར་རྒོད་པོའི་བློ་གཏད་བཅོལ་སའི་བྲག་རི་སོགས་རི་ཆེན་དང་རི་ཕྲན་དུ་མས་མཐའ་བསྐོར་ཞིང། རི་བོ་དེ་དག་གི་སུལ་ནས་ལྷུང་ལྷུང་དུ་འབབ་པའི་གངས་ཆུ་དང་། རྫ་ཆུ། གཡའ་ཆུ་རྣམས་ནི་ཡན་ལག་བརྒྱད་ལྡན་གྱི་སྨན་ཆུར་བརྩི་སྲོལ་ཡོད་པའོ།།[2]

 

ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།

འཕྱོངས་རྒྱས་རྫོང་ཁུལ་ནི་ཞིང་ལས་གཙོ་གཉེར་གྱི་རྫོང་ཞིག་ཡིན་ཞིང་རྨོ་ཞིང་མུའུ་ཁྲི་ ༢.༩༤ ཡོད་པའི་ནང་། ལོ་ཏོག་གཙོ་བོ་ནས་དང་། དགུན་གྲོ དཔྱིད་གྲོ སྲན་མ། པད་ཁ་བཅས་འདེབས་པའི་ཞོར་ལ། ལ་ཕུག ཞོ་ཁོག པད་ཚལ་སོགས་ཚལ་རིགས་ཀྱང་ཐོན་སྐྱེད་བྱེད། རྫོང་དེའི་རྩྭ་རའི་རྒྱ་ཁྱོན་ལ་མུའུ་ཁྲི་ ༡.༣ ཡོད་པར་ནོར་དང་། མཛོ། བ་ཕྱུག ལུག ར། རྟ། བོང་བུ་སོགས་ཟོག་སྒོ་ཕྱུགས་ཀྱི་རིགས་ཀྱང་གསོ་ཚགས་འཚོ་སྐྱོང་བྱེད། དེ་བཞིན་ནགས་ཚལ་རྒྱ་ཁྱོན་མུའུ་ ༡༥༠ ཡོད་པའི་ཁྲོད་དུ་ཤིང་འབྲས་ཀྱི་རིགས་ཀུ་ཤུ་དང་། ལི། ཁམ་བུ་སོགས་ཀྱང་གཞི་རྒྱ་མི་ཆུང་བར་ཐོན་པ་ཡིན།[3] ད་དུང་རང་བཞིན་བཟའ་བཅའི་རིགས་ལ་སེ་ཤ་དང་། དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས། རི་ཀླུང་ཁག་ཏུ་རང་བྱུང་གིས་སྐྱེ་འཕེལ་ཧ་ཅང་འབེལ། ཞིང་འབྲོག་ཐོན་སྐྱེད་ཀྱི་ལག་ཆ་ལ་ཆ་མཚོན་ན། ས་གནས་རང་ནས་ཤིང་དང་ལྕགས་བཅས་ལས་བཟོ་བསྐྲུན་བྱས་པའི་ཞིང་འབྲོག་ཐོན་སྐྱེད་ཀྱིས་ཡོ་བྱད་སྣ་ཚོགས་ཤིག་བཟོ་སྐྲུན་བྱེད།  

གཞན་ཡང་། འཕྱོངས་རྒྱས་རྫོང་ཁུལ་ནི་ཞོར་ལས་ལག་ཤེས་ཀྱི་ཆ་ལའང་དར་སྲོལ་ཧ་ཅང་ཆེ་བས། ས་གནས་རང་ནས་ཐུན་མིན་ཤིང་བཟོའི་ཐོན་རྫས་ཆུ་ཟོམ་དང་། ཆུ་དམ། ཆ་སྒམ། ཇ་ཕོར། ལག་གདུབ། སྤོས་གཞོང་སོགས་སྤུས་ལེགས་མཁོ་སྐྲུན་བྱེད་ལ། གསེར་དངུལ་གྱི་བཟོ་ལས་ཐད་ལའང་སྐེ་རྒྱན་སོགས་ཕོ་མོའི་རྒྱན་ཆའི་རིགས་དང་། མཆོད་ཀོང་དང་མཆོད་ཏིང་སོགས་མཆོད་རྫས་ཀྱི་རིགས་༢༥༠ ཙམ་ལས་སྣོན་ཐོན་སྐྱེད་བྱེད། དེ་བཞིན་འཕྱོངས་རྒྱས་རྫོང་གི་རྫ་བཟོའི་ལག་ཤེས་ཀྱང་ཁུལ་དེ་དག་ཏུ་སྙན་གྲགས་མི་དམན་པ་མཆིས་སོ།།

 

ས་བཅད་དྲུག་པ། སྲོག་ཆགས། སྐྱེས་དངོས། གཏེར་ཁ།

འཕྱོངས་རྒྱས་རྫོང་ཁུལ་དུ་གཅན་གཟན་གཙོ་བོ་སྤྱང་ཀི དྲེད་མོང་། སྲམ། ཕ་ར། གཡི། དོམ། རི་ཞིམ། ཁྱི་གཟིག གཟིག ཝ་མོ། གྲུམ་པ། དྲེད་མོང་། ཁྱི་སྤྱང་སོགས་མཐོང་དུ་ཡོད་ལ། རི་དྭགས་རྐྱང་དང་། གཉན། དགོ་པ། གླ་བ། གནའ་གཡག གཙོད་སོགས་སྣ་ཚོགས་ཤིག་ཡོད། དེ་བཞིན་འདབས་ཆགས་ཀྱི་རིགས་ལའང་ལྷ་བྱ་གོང་མོ་དང་། སྲེག་པ། ཁྲུང་ཁྲུང་སྐེ་ནག ཆུ་སྲམ། ངང་པ། བྱ་རྒོད། ངང་ངུར་སོགས་དང་། སྐྱེས་དངོས་གཙོ་བོ་གངས་ལྷ་མེ་ཏོག་དང། དབྱར་རྩྭ་དགུན་འབུ། སྙི་བ། མཚེ་ལྡུམ་སོགས་སྐྱེ་ཞིང་། གངྒཱ་ཆུང་། ཨ་བི་ཤ སྲོ་ལོ་དམར་པོ། སྤང་རྒྱན་སྔོ་དཀར་ཁྲ་གསུམ། བོང་ང་། ཨ་ཀྲོང་། སྤང་སྤོས། འཁན་པ། གསེར་སྐུད། རི་བཙོང་། སེར་ཤ དཀར་ཤ སྤ་མ། སུ་རུ། སྤེན་མ། སོ་མ། སེ་བ། ཚེར་མ། གླང་མ་སོགས་སྨན་རྩྭའི་རིགས་ཀྱང་མི་ཉུང་བ་ཞིག་སྐྱེས། རྫོང་དེའི་གཏེར་ཁའི་ཐོན་ཁུངས་གཙོ་བོར་ཆུ་ཤེལ་རྡོ། གཡང་ཊི། ཀེ་ལྕགས་སོགས་ཡོད་དོ།།

 

དཔྱད་གཞིའི་ཡིག་ཆ།

[1](1)武振华,西藏地名.国家测绘局地名研究所编.中国藏学出版社.1995.北京.

(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིར་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༠༧།

[2] གྱང་ཤོད་བྱམས་པ་བསྟན་འཛིན། ཡར་ལྷ་ཤམ་པོའི་གནས་ཡིག་དྭངས་གསལ་མེ་ལོང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༠། ཤོག ༡༨།

[3]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 82.

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།