དབུས་གཙང་ལོ་རྒྱུས་ཆེན་མོ་ལས། འཕྱོངས་རྒྱས་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། འཕྱོངས་རྒྱས་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ།

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
ཐང་པོ་ཆེ་དགོན། ཕྱི་ལོ་ ༨༥༧། གྲུ་མེར་སོགས་མཆེད་བརྒྱད། བཀའ་གདམས།
ཚེ་རིང་ལྗོངས། དུས་རབས་ ༡༧། ཀུན་མཁྱེན་འཇིགས་མེད་གླིང་པ། རྙིང་མ།
དཔལ་རི་དགོན། ཕྱི་ལོ་ ༡༥༧༡། གཏེར་སྟོན་ཤེས་རབ་འོད་ཟེར། རྙིང་མ།
བྲ་གོར་དགོན། དུས་རབས་ ༡༤། གཉལ་སྟོན་ཆོས་འབར། བཀའ་གདམས།
སྤྱན་གཡས། དུས་རབས་ ༡༡ མཇུག གཏེར་སྟོན་གྲྭ་པ་མངོན་ཤེས། དགེ་ལུགས།
དཔའ་བོ་དགོན།   ཀུན་བཟང་ཆོས་དབྱིངས་རང་གྲོལ། བཀའ་བརྒྱུད།
ལམ་རིམ་དགོན།   ཚུལ་བཟང་གྲགས་པ། དགེ་ལུགས།

 

རི་བོ་བདེ་ཆེན།   ཉི་ཁྲི་འཛིན་པ་བློ་གྲོས་དཔལ་བཟང་། དགེ་ལུགས།
བཀྲ་ཤིས་ཆོས་སྡེ།   ཚར་ཆེན་བློ་གསལ་རྒྱ་མཚོ། ས་སྐྱ།
༡༠ སྲོང་བཙན་ལྷ་ཁང་། ཕྱི་ལོ་ ༦༥༠།   རྙིང་མ།
༡༡ བོ་དོང་བའི་དགོན་ཆུང་།      

 

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
༸གོང་ས་ལྔ་པ་ཆེན་པོ། འཕྱིང་དབར་སྟག་རྩེ། ༡༦༡༧-༡༦༨༢ རྒྱལ་མཆོག་སྐུ་ཕྲེང་ལྔ་པ།
འགོས་ལོ་གཞོན་ནུ་དཔལ། པ་རིའི་གྲོང་ནག་མེ་དགུ། ༡༣༩༢-༡༤༨༡ དེབ་ཐེར་སྔོན་པོ་རྩོམ་པོ།
ཀུན་མཁྱེན་འཇིགས་མེད་གླིང་པ། དཔལ་རི་ཆོས་སྡེ། ༡༧༢༩-༡༧༩༨ གསང་སྔགས་སྔ་འགྱུར་གྱི་མཁས་པ།
བཀྲས་ཁང་བྱམས་པ་ཐུབ་དབང། ཆང་ཁྱིམ་གྲོང་། -༡༩༢༢ ༸གོང་ས་བཅུ་གསུམ་པའི་བླ་སྨན།
ཁྲི་ཐོག་རྗེ་བཙན། འཕྱོངས་རྒྱས། དུས་རབས་ ༣། བཙན་པོ་ཉེར་བདུན་པ།
རྒྱ་ཚ་གཞོན་ནུ་གྲགས་པ། སྨན་ཤང་། དུས་རབས་ ༡༢། སྤྱན་གཡས་དགོན་གྱི་མཁན་པོ་གནང་མྱོང་།
བཅོམ་ལྡན་རིག་པའི་རལ་གྲི། ཕུ་ཐང་། ༡༢༢༧-༡༣༠༥ བཀའ་བསྟན་དཀར་ཆག་ཉི་མའི་འོད་ཟར་བརྩམས།
འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ། འཕྱོངས་རྒྱས་གྲོང། ༡༧༩༣-༡༨༢༧  
གཉགས་ལོ་ཡེ་ཤེས་གཞོན་ནུ། ལྷ་ཡུལ་ཤང་། དུས་རབས་ ༨། མཚན་གཞན། ཛཉཱ་ན་ཀུ་མཱ་ར།གཉགས་ལོ་ཙཱ་བ་ཡེ་ཤེས་གཞོན་ནུ། ཡེ་ཤེས་གཞོན་ནུ།
༡༠ གཉལ་སྟོན་སངས་རྒྱས་གྲགས། སྨན་ཤང་། དུས་རབས་ ༡༢། མདོ་རྒྱུད་ལས་མཁས་པ།
༡༡ རྒྱལ་བ་ཐམས་ཅད་མཁྱེན་པ། སྨན་ཤང། དུས་རབས་ ༣། མདོ་སྔགས་རིག་གནས་ལ་མཁས་པ།
༡༢ གཡའ་བཟང་ཆོས་ཀྱི་སྨོན་ལམ། དམར་མོ། ༡༡༦༩-༡༢༣༣ གཡའ་བཟང་བཀའ་བརྒྱུད་སྲོལ་གཏོད་པོ།
༡༣ འཕྱོངས་རྒྱས་ཟླ་བ་སྒྲོལ་མ། འཕྱོངས་རྒྱས་ཞོལ། དུས་རབས་ ༡༦། གཞོན་ནུ་མ་གྲགས་ཅན་ཞིག།
༡༤ ཀུན་མཁྱེན་འཇིགས་མེད་གླིང་པ། འཕྱོངས་རྒྱས། ༡༧༢༩-༡༧༩༨ སྔ་འགྱུར་གྱི་སྐྱེས་ཆེན་ཞིག
༡༥ རྒྱལ་སྨན་པ་སངས་རྒྱས་གྲགས། རྒྱལ་སྨན།   རྡོ་ཐོག་ཐེལ་དགོན་ཕྱག་འདེབས་པོ།
༡༦ ངག་དབང་བཟང་པོ། འཕྱོངས་རྒྱས། ༡༥༤༦-༡༦༡༥ བདེ་ཆེན་ཆོས་འཁོར་ཡོངས་འཛིན་དང་པོ།
༡༧ དཔག་བསམ་དབང་པོ། འཕྱོངས་རྒྱས། ༡༩༥༣-༡༦༤༡ འབྲུག་ཆེན་སྐུ་ཕྲེང་ལྔ་པ།

 

ལེ་ཚན་གསུམ་པ། གནའ་ཤུལ།

མཁར། བང་སོ། དུར། གནས། ས་གནས། མཆན།
བང་སོ། བཙན་པོའི་བང་གསོ། འཕྱོངས་རྒྱས། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ནས་འུ་དུམ་བཙན་པོ་བར་གྱི་བང་སོ་མཆིས།
བང་སོ། ལུང་ཁྲིའི་བང་སོ་ཚོ། ལུང་ཁྲི་གྲོང། བང་སོ་དེ་རྣམས་དེ་སྔོན་ལྷོ་ཁའི་ཞིབ་འཇུག་གནང་མཁན་དེས་རྒྱའི་ཡིག་ཆ་ཞིག་ལ་གཟིགས་ནས་བཀོད་པས་མཆན་འདེབས་བྱུང་མ་སོང།
བང་སོ། ཞང་མདའི་བང་སོ། ཞང་མདའ་གྲོང། བང་སོ་དེ་ནི་བཙན་པོ་འབྲོང་གཉན་ལྡེའུ་བཙན་གྱི་ཡིན་པར་གྲགས།
བང་སོ། དབུ་རྨོག་བང་སོའི་ཚོ། དབུ་རྨོག་གྲོང།  
བང་སོ། ཞོལ་ཁང་རྡོ་སྒམ་གྱི་བང་སོ། ཞོལ་ཁང་གྲོང།  
བང་སོ། དཔལ་རི་བང་སོའི་ཚོ། དཔལ་རི་གྲོང།  
བང་སོ། སྤྱི་འཇུག་ལུང་གི་བང་སོའི་ཚོ། སྤྱི་འཇུག་ལུང།  
བང་སོ། ཕྱིང་བ་སྟག་རྩེའི་བང་སོ། ཕྱིང་བ་སྟག་རྩེ།  
བང་སོ། ལྷ་ལུང་བང་སོའི་ཚོ། ལྷ་ལུང་།  
རྡོ་རིང། འཕྱོངས་རྒྱས་ཟམ་སྣེའི་རྡོ་རིང། འཕྱོངས་རྒྱས། ཁྲི་སྲོང་ལྡེའུ་བཙན་སྐུ་ཚེའི་སྨད་ཙམ་ལ་བཙུགས་པའི་རྡོ་རིང་ཞིག།
མཁར། འཕྱིང་དབར་སྟག་རྩེ། འཕྱོངས་རྒྱས། ཟ་ཧོར་རིགས་རིམ་བྱོན་འཕྱོངས་རྒྱས་སྡེ་པའི་གཟིམ་ཁང་དུ་གྱུར།
གནས། བདེ་ཆེན་དང་དགོན་ཤུལ། ལྷ་ཡུལ་པད་ནག། ལོ་རབས་སོགས་ད་ལྟར་རྟོག་ཞིབ་བྱེད་བཞིན་པར་བཤད།
གནས། སྤང་དཀར་གྲོང་ཚོའི་དགོན་རྗེས། སྤང་དཀར་གྲོང་། ལོ་རབས་སོགས་ཞིབ་ཕྲའི་གནས་ཚུལ་མི་གསལ།
གནས། ཤར་མདའ་མཆོད་རྟེན་ཞིག་རོ། འཕྱོངས་རྒྱས། ཞིབ་ཕྲའི་གནས་ཚུལ་མ་རྙེད།
རྡོ་དངོས། ཆད་ཀའི་རྡོ་སེངྒེ། འཕྱོངས་རྒྱས། བཙན་པོའི་སྐབས་སུ་བཞེངས་པའི་རྡོ་སེངྒེའི་འདྲ་གཟུགས་ཡིན།

ས་བཅད་བརྒྱད་པ། དམས་སྲོལ།

གཅིག འཕྱོངས་རྒྱས་གཞས་མ་བྲོ།

གཞས་མ་བྲོ་ཞེས་པའི་དམངས་ཁྲོད་བྲོ་གར་གྱི་སྒྱུ་རྩལ་དེ་ནི་ལྷོ་ཁ་ཁུལ་གྱི་རྫོང་སྒོ་དགུ་ཙམ་དུ་འཁྲབ་སྲོལ་དར་ཁྱབ་ཡོད་འདུག་ཅིང་། སྦ་བཞེད་སོགས་སྔ་མོའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་བསམ་ཡས་དགོན་གྱི་ལྡེབས་རིས། དེ་བཞིན་བྲོ་གར་དེ་ཉིད་ཀྱི་གཞས་ཚིག་དང་སྟངས་སྟབས། འཁྲབ་ཆས་སོགས་ལས་རྟོག་དཔྱོད་ཀྱི་ཤེས་པ་ཐུབ་ཞིག་ནི། རྔ་བརྡུང་རོལ་རྩེད་སོགས་བྲོ་གར་གྱི་རྣམ་པ་དང་ལྡན་པའི་སྒྱུ་རྩལ་དེ་བཞིན། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་དགོན་གསར་དུ་ཕྱག་བཏབ་པའི་དགའ་སྟོན་མཛད་སྒོར་འཁྲབ་ཡོད་པ་རྟོགས་ནུས་པས། ད་ལྟ་ནས་བརྩིས་ན་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད་འདུག དེ་བཞིན་འཕྱོངས་རྒྱས་རྫོང་གི་གཞས་མ་བྲོར་ཡང་དེ་ལྟའི་ལོ་རྒྱུས་ཡུན་རིང་ལྡན་ཡོད། སྔ་མོའི་འཕྱོངས་རྒྱས་རྫོང་གི་བྲོ་གར་དེ་ཉིད་རྫོང་སྡོད་གསར་རྙིང་འཕོ་ལེན་མཛད་སྒོའི་སྐབས་གཙོ་བོར་འཁྲབ་སྟོན་བྱེད་སྲོལ་དང་། དེ་མཚུངས་ཚོང་འདུས་ཁག་དང་འོང་བསྐོར། ལོ་གསར་བཅས་སྤྱི་ཚོགས་དམངས་སྲོལ་དུས་སྟོན་དུ་འཁྲབ་སྲོལ་མཆིས། གཞན་ཡང་། ཕྱི་ལོའི་དུས་རབས་ཉི་ཤུའི་ནང་བོད་ཀྱི་རྒྱལ་ཚ་ར་སྒྲེང་རིན་པོ་ཆེས་བསམ་ཡས་དགོན་གཙུག་ལག་ཁང་ཉམས་བཟོ་དང་། ཁམས་གསུམ་ཟངས་ཁང་གླིང་གསར་སྐྲུན་གྲུབ་པའི་རྟེན་འབྲེལ་མཛད་སྒོར། དུས་སྐབས་དེའི་ལྷོ་ཁའི་རྫོང་ཁག་བཅོ་བརྒྱད་ཀྱི་བྲོ་གཞས་འགྲན་བསྡུར་བྱས་པའི་ལོ་རྒྱུས་ཡོད་པའང་། ཁམས་གསུམ་ཟངས་ཁང་གླིང་གི་ལྡེབས་རིས་ཐོག་ཏུ་ཡི་གེར་འཁོད་པར་གཞིགས་ན། ཉིན་དེར་སྣེ་གདོང་བྲོ་པ་བཅུ། བཀྲ་ཤིས་སྤུན་བདུན་པ། བསམ་ཡས་བྲོ་པ་བདུན། བཀྲིས་ཞོལ་པ། རྡོའི་བྲོ་པ་དགུ། རྒྱ་རིའི་བྲོ་པ་དགུ། གྲ་ནང་བྲོ་པ་བཅུ་རབས་ཡངས་སྤུན་བདུན་པ། འོན་གྱི་བྲོ་པ་ལྔ། འཕྱོངས་རྒྱས་ཀྱི་ཕོ་གཞས་ལྔ་དང་མོ་གཞས་གསུམ། སྣེ་གདོང་གི་ཕོ་གཞནས་བདུན་དང་མོ་གཞས་ལྔ། བསམ་ཡས་ཀྱི་ཕོ་གཞས་ལྔ་དང་མོ་གཞས་གསུམ། རྒྱ་རིའི་ཕོ་གཞས་ལྔ་དང་མོ་གཞས་གསུམ། གྲ་ནང་གི་ཕོ་གཞས་བདུན་དང་མོ་གཞས་ལྔ། འོན་གྱི་ཕོ་གཞས་ལྔ་དང་མི་གཞས་གསུམ། གྲ་ཕྱིའི་ཕོ་གཞས་ལྔ་དང་མོ་གཞས་གསུམ་བཅས་རྟེན་འབྲེལ་བྱེད་སྒོར་མཉམ་བཞུགས་བྱས་ཡོད་འདུག

སྤྱིར་བྲོ་གར་དེའི་འཁྲབ་སྟོན་མི་སྣར་བྲོ་དཔོན་གཉིས་དང་། བྲོ་པ་བཅུ། ཨ་ར་བ་གཉིས་བཅས་ཁྱོན་བྲོ་མཁན་བཅུ་བཞི་ཙམ་འཛོམས་དགོས་ཤིང་། ཨ་ར་བ་གཉིས་པོས་བྲོའི་གཞུང་བཤད་སྐྱོར་བཞིན་བྲོའི་རུ་མཐའ་དབུས་ནས་ཡར་འཛུལ་མར་ཐོན་གྱིས་སྐོར་བྲོའི་དལ་མགྱོགས་སོགས་ཀྱི་ཚོད་འཛིན་བྱེད། བྲོ་དཔོན་གཉིས་པོས་རང་གི་མགོ་བོའི་སྐྲ་གཞུག་གི་སྟུང་སྐུད་གསུམ་སྦྲེལ་དེ་དབྱུགས་ཏེ་རྔ་སྒྲ་དྲུག་རེ་བྱས་པ་ཐེངས་གསུམ་བརྡུངས་རྗེས། བྲོ་པ་བྱིངས་དེའི་རྗེས་ཟློས་སུ་བྲོ་རྔ་བརྡུང་ཞོར་བྲོ་དཔོན་གྱི་སྣེ་འཁྲིད་འོག་བྲོ་གར་འཁྲབ། སྤྱིར་གཞས་མ་བྲོ་དེར་ཕོ་གཞས་དང་མོ་གཞས་ཞེས་རང་སར་ལངས་ཏེ་གཞས་གཏོང་བ་དང་། ཚིག་རྒྱག་གཏོང་བ་སོགས་བྱེད་སྲོལ་འདུག་མོད། འཕྱོངས་རྒྱས་རྫོང་ཁུལ་ནི་ཕོ་གཞས་ཁོ་ན་ཡིན་པ་མ་ཟད། གཞས་པའི་ཆས་གོས་ཀྱང་གཞན་དང་མི་འདྲ་བར་མི་རེས་རྒྱ་དཀར་པོ་བཙུགས་པའི་འབག་དཀར་པོ་རེ་མགོ་ལ་གྱོན་སྲོལ་འདུག བྲོ་པ་འཁྲབ་རོལ་ཆར་རྔའི་པགས་པའི་ངོས་གཅིག་ལ་མེ་ཏོག་པདྨའི་རི་མོ་དང་། ངོས་གཞན་དེར་ནོར་བུ་མེ་འབར་གྱི་རི་མོ་བྲིས་ཞིང་། རྔའི་མཐའ་རིས་མེ་ཏོགས་སྣ་ཚོགས་ཀྱིས་རྒྱན་པ། རྔ་ཤིང་གི་ལྡེབས་ལ་ལྕག་གི་ཨ་ལོང་གཉིས་བསྒར་ཡོད་ཅིང་། མཐོ་ཙམ་ཡོད་པའི་ཨ་ལོང་གི་ཐག་པ་སྐེད་པར་འདོགས་པ་དང་། འོག་ཏུ་དམའ་ཙམ་ཡོད་པའི་ཨ་ལོང་གི་ཐག་པ་རྐང་པ་གཡོན་མའི་བརླ་ཤར་འདོགས།

བྲོ་པའི་འཁྲབ་ཆས་སུ་ཨ་སི་སྤ་རེ་ཞེས་པའི་ཞྭ་མོ་དང་། རྣ་ལྕོག་གཡས་ལ་གཡུ་དང་གཡོན་ལ་སོག་བྱིལ་འདོགས་ལ། ལུས་སུ་འོག་ཕྱུག་དཀར་པོའི་སྟེང་སླར་འོག་ཕྱུག་དམར་པོའི་སྐེ་འཆིང་དང་། སྟོད་གོས་སུ་གོས་ཆེན་སྔོ་ནག་གི་གོང་བར་ཁ་དོག་དམར་སེར་ལྗང་གསུམ་གྱི་འཇའ་བསྒྲིགས་ལྡན་པ། ཕུ་ཐུང་གི་སྣེ་ལའང་འཇའ་གསུམ་བསྒྲིགས་དང་སྒལ་གཞུང་དུ་འབྱུང་བ་ལྔའི་མཚོད་དོད་དུ་ཚོན་སྣ་ལྔའི་ཁ་བཏགས་ཀྱིས་བརྒྱན་པ་གྱོན་སྲོལ་མཆིས། དེ་བཞན་སྨད་ལ་སྨད་གཡོག་ཁྲ་ཁྲ་དང་དེའི་སྟེང་བཙུན་པའི་ཤམ་ཐབ་ལྟར་གྱིས་ཐེར་མ་ནག་པོ་ལྟེབ་རྩིག་བཅོ་བརྒྱད་ལྡན་པ། རྐང་པར་སྒ་ལྷམ་ཞེས་ཀོ་མཐིལ་ཅན་གྱི་ལྷམ་རྩེ་གཉི་འཇའ་བསྒྲིགས་དང་། ལྷམ་སྒྲོག་ཏུ་གཡེར་ཁས་བརྒྱན་པ་གྱོན་སྲོལ་ཡོད་བཅས། མདོར་ན་བྲོ་གར་དེར་སྦྱོར་དངོས་རྗེས་གསུམ་འཐུས་པའི་ལེའུ་བཅོ་བརྒྱད་ཙམ་ཡོད་པར་ཉིན་གང་འཁྲབ་སྲོལ་ཡོད་པར་བཤད་དོ།།[1]

 

གཉིས་པ། འཕྱོངས་རྒྱས་འཇུ་པའི་བྲོ།

འཕྱོངས་རྒྱས་རྫོང་འཇུ་པའི་གྲོ་ནི་བོད་ཀྱི་བྲོ་བཅོ་བརྒྱད་ནང་གི་ཡ་གྱལ་ཞིག་རེད། འཇུ་བྲོ་ནི་བྲོ་པའི་རྐེད་པར་རྔ་ལེབ་བཏགས་ནས་འཁྲབ་པའི་ཞབས་བྲོ་ཞིག་ཡིན་ཞིང་། བྲོའི་འགྱིངས་ཉམས་དེ་བྱ་རྒོད་ཀྱིས་གཤོག་རྩལ་ངོམས་པར་དཔེ་བལྟས་ནས་བཟོས་པར་གྲགས། དེ་ཡང་། འཇུ་བྲོ་ནི་བྲོ་པ་བཅུ་གྲངས་ལས་འགྲུབ་ཅིང་རྐང་ལག་གི་འགྱིང་སྟབས་གཅིག་གྱུར་ཐོག གཞས་གཏོང་གིན་ཞབས་བྲོ་རོལ་བ་དང༌། ཕན་ཚུན་གཅིག་མཐུན་ངང་དལ་བ་ནས་རིམ་བཞིན་མགྱོགས་སུ་གཏོང་བ་དང༌། དལ་བའི་སྐབས་འགྱིང་སྟབས་བབ་བརླིང་བརྗིད་ཉམས་ལྡན་པ་དང་། མགྱོགས་པའི་སྐབས་སུ་འགྱིང་སྟབས་བློ་གཤོག་ཆེ་ལ་སྤྲོ་སྣང་གིས་ཁེངས་ཁར། འཁྲུག་ཤོས་ཀྱི་སྐབས་སུ་ཞབས་བྲོའི་འགྱིང་སྟབས་ཀྱིས་ལྟད་མོ་བར་མིག་འཁྲུལ་གྱི་སྣང་བ་སྐྱེས་ནུས་པ་སོགས་ཀྱི་སྒྱུ་རྩལ་ལྡན། དེ་ནི་འཛམ་གླིང་མི་རིགས་ཞབས་བྲོའི་ཁྲོད་ནས་དར་སྔ་ཤོས་ཀྱི་གྲས་ཤིག་ཀྱང་རེད། འཇུ་བྲོའི་མིང་གཞན་ལ་རྔ་གཞས་ཀྱང་ཟེར། རྔ་ནི་བོད་ཀྱི་གནའ་རབས་ཀྱི་རོལ་ཆའི་གྲས་ཤིག་ཡིན་ལ་དམངས་ཁྲོད་དུས་སྟོན་སྐབས་མེད་དུ་མི་རུང་བའི་རོལ་ཆ་ཞིག་ཡིན། འཕྱོངས་རྒྱས་ཀྱི་འཇུ་བྲོར་ལོ་ངོ་ ༡༣༠༠ ལྷག་གི་ལོ་རྒྱུས་ལྡན་པར་གྲགས་ཅིང་། དུས་ཡུན་དེ་དག་གི་རིང་དུས་རིམ་མི་འདྲ་བ་ཁག་གསུམ་རྒྱུད་མྱོང་བ་སྟེ། དུས་རབས་བརྒྱད་པ་ནས་དུས་རབས་དགུ་པའི་འཕྱོངས་རྒྱས་འཆིང་བ་སྟག་རྩེ་ཕོ་བྲང་དང་བསམ་ཡས་སོགས་སུ་འཁྲབ་སྟོན་བྱེད་མྱོང་བ་དང་། དུས་རབས་བཅུ་གཉིས་ནས་དུས་རབས་བཅུ་བདུན་པའི་བར་ཕོ་བྲང་ལྷ་རྒྱ་རིར་འཁྲབ་སྟོན་བྱེད་མྱོང་བ། དུས་རབས་བཅུ་བདུན་ནས་དུས་རབས་ཉི་ཤུའི་བར་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་པར་འཁྲབ་པའི་ལོ་རྒྱུས་ལྡན།

 

གསུམ་པ། འཕྱོངས་རྒྱས་ཀྱི་བུ་མོ་སྤུན་བདུན་དང་གཞས་ཆེན།

བུ་མོ་སྤུན་བདུན་ཞེས་པའི་ལྷ་མོའི་འཁྲབ་གཞུང་དེ་ནི་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ཕྱི་ལོའི་དུས་རབས་བཅུ་བཞི་པར་བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་གཞས་མ་གཏམ་འབྲས་དཀར་གྱི་རྨང་གཞིིའི་ཐོག་གསར་གཏོད་བྱས་པ་ཞིག་རེད། གྲུབ་ཐོབ་ཐང་རྒྱལ་པོས་ལྕགས་ཟམ་བཟོ་སྐྲུན་གྱི་འགྲོ་གྲོན་ཞལ་འདེབས་སློང་ཆེད། ཐོག་མར་འཕྱོངས་རྒྱས་ཡུལ་ནས་སྐྱེས་འབྲས་མཚར་ཞིང་གཟུགས་བྱད་ལེགས་པའི་བུ་མོ་བདུན་བདམས་རྗེས། དེ་དག་ལ་ཁོང་རང་ཉིད་ཀྱིས་དམངས་སྒྲུང་རྨང་གཞིར་བྱས་པའི་འཁྲབ་གཞུང་དང་། འབྲས་དཀར་རྨང་གཞིར་བྱས་པའི་འབག་དང་། ཁ་བཤད། མདའ་འཕེན་པ་དང་། སྤུན་འཁེལ་བ། མ་ཎི་བསྐོར་བཅས་ཀྱི་རྨང་གཞིར་བྱས་པའི་སྟངས་སྟབས་གསར་རྩོམ་གནང་བ་དང་དུས་མཚུངས་ནང་སྦྱོང་གཟབ་ནན་གྱིས་འཁྲབ་སྟོན་ཐེངས་དང་པོ་གནང་དུས་མི་ཚང་མ་ཧང་སང་ནས། ཨ་ཙི། ནམ་མཁའི་ལྷ་མོ་ས་གཞིར་བྱོན་པ་མིན་ནམ་ཞེས་སྨྲས་པས། འཁྲབ་སྟོན་གྱི་སྒྱུ་རྩལ་འདིའི་མིིིང་ལའང་ལྷོ་མོ་ཞེས་ཕ་གཏམ་བུ་འཇགས་སུ་གྱུར་བར་གྲགས།[2] དེ་བཞིན་ཟློས་གར་དེའི་མིང་ལ་འཕྱོངས་རྒྱས་བཀྲ་ཤིས་ཞོལ་པ་སྦས་སྣ་སྤུན་བདུན་ཡང་འབོད་ཅིང་། འཕྱོངས་རྒྱས་རྫོང་ཁུལ་སྦས་སྣ་ཟེར་བ་ཁྱིམ་ཚང་གཅིག་ལ་བུ་མོ་སྤུན་བདུན་ཡོད་པ་དེ་རྣམས། གྲུབ་ཐོབ་ཀྱིས་བསྐུལ་ཏེ་མི་གཉིས་ཀྱིས་རྔོན་པ། གཉིས་ཀྱིས་རྒྱ་ལུ། གཉིས་ཀྱིས་ལྷ་མོ། གཅིག་གིས་སིལ་དཀྲོལ། གྲུབ་ཐོབ་རང་གིས་རྔ་རྡུང་གནང་སྟེ་ཟློས་གར་སྒོ་ནས་སློང་མོ་མཛད་པ་ནས་བཟུང་བོད་ཀྱི་ཟློས་གར་ལྷ་མོ་འཁྲབ་སྲོལ་རིམ་བཞིན་དར་ཞེས་ཀྱང་ཟེར་ཡོད་སྐད།

འཕྱོངས་རྒྱས་གཞས་ཆེན་ནི་སྔོན་ཆད་དཔོན་ཆེན་ཁྲི་འདོན་དང་སྤྲུལ་སྐུ་གསེར་ཁྲི་མངའ་གསོལ། ཁང་གསོལ། མནའ་མ་སྟེར་ལེན་སོགས་ཀྱི་མཛད་སྒོ་ཆེན་གྲས་སུ་འཁྲབ་སྲོལ་ཡོད་པས་བཀྲ་ཤིས་གླུ་གར་ཞེས་ཀྱང་འབོད། འཕྱོངས་རྒྱས་ཀྱི་གཞན་ཆེན་དེ་ནི་དུས་རབས་བརྒྱད་པའི་སྐབས་སུ་བྱུང་ཞིང་། གཞས་པ་ཚོས་གཞུང་འབྲེལ་ཞབས་སྡོད་པའི་ཆས་འབོག་ཐོ་སོགས་གྱོན་ཞིང་། གཞས་མས་མགོ་ལ་གཡུ་བྱུར་གྱི་སྤ་ཕྲུག་སོགས་བཏབ་ནས་འཁྲབ་སྲོལ་ཡོད་དོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གཞས་མ་བྲོ་དེའི་ལེའུ་རིམ་པ་དང་གཞས་ཚིག གདངས་དབྱངས། དེ་བཞིན་བྲོ་དཔོན་དང་ཨ་ར་བ་བཅས་ཀྱི་འཁྲབ་ཆས་དང་རྣམ་པ་སོགས་ཞིབ་པར་ལྷོ་ཁ་རྩོམ་རིག་སྒྱུ་རྩལ། ཕྱི་ལོ་ ༡༩༨༤། འདོན་ཐེངས་༡-༢ གཟིགས་འཚལ།

[2] མཁས་གྲུབ། ལྷོ་ཁའི་ཆོས་འབྱུང་སྐྱེས་མའི་ནུ་རིན། མི་རིགས་དཔེ་སྐྲུན་ཁང། ཕྱི་ལོ་ ༢༠༠༥། ཤོག༣༣།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།