དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣ་དཀར་རྩེ་རྫོང་གི་གཞུང་སྒེར་ཆོས་གསུམ་དང་། ཡུལ་སྡེ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣ་དཀར་རྩེ་རྫོང་གི་གཞུང་སྒེར་ཆོས་གསུམ་དང་། ཡུལ་སྡེ།

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ།

          སྣ་དཀར་རྩེ་རྫོང་གི་གཞུང་སྒེར་ཆོས་གསུམ་གྱི་ས་རིས་ཆ་བགོས་ཁ་གྲངས་ལ་གཞིགས་ན། རྫོང་དེའི་གཞུང་རྒྱུག་ཏུ་སྣང་རྩེ་ཞོལ་པ། གྲམ་མདའ། སྦ་ལུང་། ན་དམར། ཕྱུག་གྲོང་པ། སྙེ་མ་ལུང་། དོ་རི། ཁམ་ར། ཤར་རི་དོ། ཡང་འགོ ནེ་སེར། ཉ་སྡེ་ཁྱུང་འབྲུག ཉ་སྡེ་དཔལ་སྒང་པ། ཁྱུང་རྡོ། གྲམ་སྣ། ཤར་རི་བཀྲས་སྒང་། ཁྱུང་དོ། སྒོ་ར། ཁྱི་གུ། སྟག་ལུང་མཐིལ་ཕྱག མཁར་སྟོད། དེའུ་ཤར། ཕ་གཞི། ཟ་ཧོར་ཉ་སྡེ། མཐར་མཆོད་ཚ་མ་བ། ཡར་འབྲོག་པ།

ཉ་སྡེ་སེ་དོ་བ། བྱི་ཆུང་བ། སྐྱེས་གདོང་པ། རྣམ་རྒྱལ་བ། འོང་འགོ རྒྱ་མཚོ། ཉ་སྟེ་དམར་པ། རྩེ་གནས་གྲོང་། ཉན་པ། འདབས་ལུང་། ཕུག སྐྱས། འཇམ་རྒྱུག མངོན་ཆོས་ར་ཆག་པ། ཡར་གཟིགས། ལུང་བཟང་པ། ཡུལ་ལྷ་བ། ཉ་སྡེ་ཧས་མོ། གཡག་ལུང་། མངོན་ཆོས་ཡོས་ལུང་པ། བོགས། སླུབས། བྲག་དམར། འཇིམ། ཁྲབ། མངོན་ཆོས་རྒྱན་བཅས་ཡོད། གསང་སྔགས་ཆོས་འཁོར་གླིང་པའི་ཆོས་གཞིས་ཆུ་ལུང་། ཉ་སྡེ། ཆོས་རྫོང་དགོན། ཁུད་སླེ་བ། ཆུ་ཐུག བསམ་སྡིང་ཆོས་གཞིས་བྲག་ཕྲེང་། ཐང་གྲོང་། གསེར་གླིང་། བཀྲས་གཤོངས་པ། སྨོན་མཁར་ཆོས་སྡེ་བཅས་དང་། སྒེར་གྲས་སུ་སྒེར་ཆོས་པ། སྒེར་ཀླུ་སྡིང་པ། སྒེར་བཀྲས་གཤོངས་པ། སྒེར་ཤེལ་དཀར་གླིང་པ་སོགས་མཆིས་སོ།།

 

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག་གི་མིང།

སྣ་དཀར་རྩ། འདམ་ལུང་། ཞི་འོག  བསམ་སྡིག བསྔགས་གྲགས། ཡོམ་བུ་རྡོ། ཞི་འོག ཆུ་ཐུག  དཔལ་སྡེ། ཡར་སྲིད། གྲ་མ་ལུང་། གྲམ་མདའ། ཤར་ཞེ། བན་དཀར། བྲེ་སྡག་སྒང་། ཆུ་མགོ་གྲོང་། རྫོང་རྒོད། ལྷུན་པོ་ཞོལ། མེ་རྡོ། ཁ་པར། སོ་མཁས། སྦྲག་གསོ། མཚེའུ་ལུང་། སྙིང་མ་ལུང་། དོང་རྭ། རོང་པོ། གཡས་རུ། མདོ་ཆོས། ཁ་གདོང།  སྐྱིད་རྒུ་གྲགས། རིའུ་སྦྲག གླིང། ཞབ་མདའ། སྟག་ལུང་། ཚོས་རྫོང། གདོང་པ། གདོང་དཀར། སྒ་འདྲ། ལྕང་དཀར་གཞིས་ཀ མཁར། མཁར་ལུང་། ཁུད་སླེ། སྣ་དཀར་རྩེ།  གླིང་། བར་པ། ཕུ་མ་བྱང་མ། ཁྱིའུ་བྲག རོང་མདོ། རོང་པོ། རི་བོ་བྲག སོ་མཁས། འཐུས། འོང་མགོ ཤར་བ། ཞྭ་མདའ། ཡར་གཟིགས། རྩྭ་ཐང་། འབྲེང་།[1]

 

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

ཁུལ་དེར་གཉན་ཆེན་གངས་བཟང་རི་བོ་དང། ཁ་རག་ཇོ་ཕོ་ཇོ་མོ། མང་དར་གངས་རི། བྱེ་གདོང་གངས་རི། རྒྱབ་རི། སྨུག་རྒྱབ་རི། སྙིང་རི། སེར་རི། ཆོས་འཁོར་རྒྱལ་རི། རྫ་ནག་རི། རྡོ་ཕུད་རི། རྫོང་རི། མུ་རྒྱབ་དཀར་རི། རྫ་རི། སྤ་ནག་རི། གྲ་ནང་ཕྱི་རི། སྒོག་གཏིང་རི། ལྕགས་རི། ཁེའུ་རི། ནོར་བུའི་རི། དཔལ་སྡིངས་རི། རྒྱ་ཆུ་དམར་རི། ལྷ་རི། རུ་བ་སྤང་རི། སྲས་སོ་རི། གཡང་གད་རི། གླིང་ཆེན་པོ། ན་རིས། བྱ་ཟེ་མཐོ་ཟེ། བྲག་རྒྱལ། རྒྱལ་རི་དམར། མོའོ་རི། བན་དཀར་ཤར་རི གའུ་གངས་རི། ཆུ་སྒོ་གྲོང་རྒྱབ་རི། ཟེ་ལངས་རི། སྟག་ལུང་བྲག་རི། ཁ་ཆེན་ཏང་རི། ཟངས་དམར་རི། སྡེར་རྫ་རི། རྒྱ་མ་རི། སྒང་སྤོ་རི། ས་དམར་རི། བྲག་རི། རྟ་སྒྲོ་རི། མ་རི། སྲིན་བྱ་རི། ཤར་རི། སྨུ་ཤུ་རི། རྒོད་ཚང་རི། ནག་རི། བུད་རི། བྲག་དམར་རི། གྲུམ་མགོ་རི། རྒྱལ་ལ་རི། བསམ་གྲུབ་གླིང་རི། སྨུག་མདའ་རི། སྙི་འབུར་རི། ཕྱུགས་བཟང་རི། གཉས་རི། སོ་དགུ་རི། སྟག་རི། རེང་བུ་རི། གླང་ཆེན་སྟོད་རི། གཟོང་རི། དར་མ་རི། འོག་ས་ཐེབ་རི། གླང་ཆེན་རྒྱབ་རི། ཁ་རི། མཐའ་རི། ཟངས་རི། པར་རི། འབུར་རི། ཤར་རི། གཡང་རི། གངས་རི་སྤ་ལྕོག རྒྱལ་རི། གམ་པོ་རི།

ཁ་རུབ་ཕུ། ཕུ་ལའི་རྫ། ཐང་ལྷས། སྐྱའུ། རྒྱལ་དགུ་ནང་། ཁ་ལུང་། སྙན་པ་ཕུ། གླང་པོ། བྱ་མགོ བར་སྐྱིད་ཕུ། གདོང་པ། ཁ་ཁ་ནང་ཕུ། ཚེ་དབང་། ཁྲ་ནག ལོགས་ཟུར། སྣེ་ཁང་ཕུ། དུང་དཀར་ཕུ། རྟ་བཅག་ཕུ། མཆུ་ཤོར། སེར་ལེབ། སྒོག་སྐྱ་ཕུ། གཏོར་ཆེན། བྲག་སྣ་ཟུར་སྒོར། རི་མོག སྨན་རྩྭ་ཕུ། སྤོ་ཆེ། སྡེར་མཐོ། བྲག་རྡོ། སྒོག་ལུང་། ལ་ལྕོག སྤུངས་སྟོད། བྲག་དཀར་ཕུ། ཆུ་ཉེན་ཕུ། བློན་པོ། ཇོ་མོ། ཁ་དབྲག་ཕུ། ན་ཆེན་ཕུ། སྤེན་རྩེ་གདོང་ནག ལྟག་དཀར། ཀོ་ཁ། རི་ཆེན་པོ། མི་ལ། སྤ་རི་ཆེན་མོ། དྲོ་སྐྱིད་ཤར་མ། དྲོ་སྐྱི་ནུབ་མ། བརྒྱ་ལུང་སྒང་དྲུག དཀྱིལ་ལ་དཀར་པོ། མ་མོ་རྫ། གནམ་སྒོ། ཕུག་པ་གོང་། བཟང་གྲོང་མགོ དལ་པོ་དཀར་པོ། ཤར་གྱི་གྲོག་སྦུག ཟོག་པོ། སྡེ་ཆེན། བྱང་གཤོངས། ཨར་གོང་དཀར་པོ། སྐྱིན་གྲོང་། སྨན་རྩྭ་རྩེ་ཆེན། ཤར་རི་བྲག་བཙན། ཡར་ལུང་། དྲིལ་ཕུ། ལུང་བཟང་ཕུ། ཡར་གཟིགས་ཕུ། ཇོ་པོ། ལ་ཕུ་ནང་། སྤོ་ཏེ་རྐང་ཆགས། གྲ་མ་ལུང་། གཡག་སྡེ། གཡང་སྟོད། སྦས་རོ། ལྷ་ལུང་ཤུར། ཤང་གདའ། བྲག་དཀར། གཡས་ཆེན་དཀར་པོ། བྲག་འོག རྡོ་རྒྱལ། གསེར་ཏོག ཤུར་མ། སྐྱིད་ལྡན་སྒྲོལ་མ། ཁྱི་གུ། འོང་སྟེང་། རྒྱལ་ཁང་ཟུར་གསུམ། ཁ་དཀར། གནས་དཀྱིལ་གངས་ས། མཆོང་རྩེ། དོན་སྔོན་རུ་ཟུར། གཤོངས་དགའ། མཛོ་གད། ཨང་གཡང་ཕུ། ཁ་ལྷས་ཕུ། བྲག་འོག གཡང་དབང་། ཤྭ་བ་མཐོ་པོ། སོ་ལྷས། རི་ནུབ་ན། མེ་ཏོག གླང་གོག སྤངས་ལངས། སྐྱི་མ་ལུང་། སྨོན་མཁར་ལྷའི་ལུང་། རྫ་བཟང་། བྲག་དམར་ལྷས། ལྕོག་དཀར། ཞོད་ཅན། གཡང་སྟེང་ཕུ། བུམ་ཆུང་། སྟེན་མ། རྒྱག་ནག གླང་ཏོག།གླང་གྲོག་འོག བྲག་ལྷས། དབུ་གསུམ། ཇོ་སྟོད། མུ་གཡུ། ཁྱུང་འབྲུག སྤང་གཟོང་། ཞོད་ཆུང་། དར་མ་སྤང་རྩྭ། ཀླུ་ནང་ཕུ། སྒ་འོག་ཕུ། སྨིན་ཆུང་། ཕྱི་རི་སྐེ། ཡར་ལྕོག གྲོག་མོ་ལུང་། གླང་གྲོང་ཕྲེང་། རི་དམར་ཕུ། ལ་མོ་སྣ། ཕུར་པ་གོང་། ཤེལ་ལེབ་སྤང་། སྨད་ལུང་ཕུ། གཡང་མདོ། སྤོ་མགྲོན་ཆེན། བྲག་སྣ། པ་ཅག གཉན་མོ་སྟེང་། ཉག་བྲག རྩེ་ཞྭ་དཀར་པོ། བསངས་ཤུག ཟེ་ཀླུ། གཉན་སྤོར་སྡིངས། ལ་གོང་མོ། ཅུང་སྟོད། གྲུམ་མགོ་རི་ཤར། སྦས་ཟེ། རྫ་དབུ་རྒྱན། ཕུ་ཙུབ། སྒ་མ་ཤར། སྐྱ་བོ། སྨད་ཀླུང་། ཕྱི་པ། གསུམ་སྒོར། ཤ་མོ། སྦ་ཅ་རྡོ་དམར། ཆུ་རྫིང་། བྲག་སྟེང་། ཉི་ལུང་། མངར་བྲག་ལ་ཡག ཆུ་མིག་སྦུག རྩེ་དཀར། ཆོས་རྫོང་ཕུ། སྦང་ལ་རྩེ། སྒྲ་ས་ལུང་། བཟང་སྨད། བྱང་མགོ སྤྱང་གསལ་ལ་མོ། ཞྭ་ལུང་། བརྒྱ་བདེ་ཕུ། རྒྱལ་སྟེང་། བརྒྱ་ལེབ་དགུ་སྟེང་། བྲག་ནག་སུམ་མགོ རྡོ་ཨར་ཀ་བཅས་རི་དང་།

གམ་པ་ལ་མོ། སྡིངས་ལ། ཁྱི་གཞུག་ལ། ལུམ་སྤྲིན་ལ། སྤེན་རྩེ་ལ། གདོང་འདྲེ་ལ། དཀར་ཏོག་ལ། ཁ་དབྲག་ལ། ར་ལ། དཔལ་གོང་ལ། དྲིལ་ལ། འདབ་ལུང་ལ། ལུང་གྲངས་ལ། གཡང་གས་ལ། བྲག་དཀར་ལ། དྲེལ་ལ། རྡེའུ་ལ། ཁ་དབྲག་ལ། འབྲེང་ཕུ་ལ། སིམ་ལ། གངས་ཆུང་ལ། གཡོན་ལ། དྲེལ་ལ། འཕྲེད་ལ། རྡོ་རོང་ལ། ཀོ་ཆེན་ལ། ཁ་དབྲག་ལ། ལ་ཕུག་ལ། ཁྲ་སེར་ལ། མི་ལ། ལུང་བདེ་ལ། ཕུ་གཞུང་ལ། ཀླུའི་སྟང་ལ། བན་དཀར་ལ། ན་མ་ལ། བྱེའུ་སྒོང་ལ། རྒྱལ་བཟང་ལ། ལ་ནག་ལ། སྔོ་སྡིངས་ལ། གླང་སྣ་ལ། རྫ་ལ། མཚོ་ལ། སྒོ་མོ་ལ། སྨད་རུ་ལུང་ལ། བྱང་གྲོང་ལ། སྒང་བྲག་ལ། སེར་རི་ལ། བདེ་ཆེ་ལ། ལྕགས་ལ། སྤང་བྲག་ལ། མཚོ་སྟེང་ལ། རྩེ་གོང་ལ། ཡར་ལྕགས་ལ། མདོ་སྡེ་ལ། གླིང་ལ། འགྲམ་ལ། བརྟན་སྐྱིད་ལ། ལྷོ་ལ། ར་ལ། གྲོག་ཤར་ལ། སྐྱིད་པོ་ལ། དགའ་ལ། སྨུག་ཆུང་ལ། རྡོ་རྡོག་ལ། ལྷོ་ཉག་ལ། སེར་ལེབ་ལ། རྒྱ་ལྕང་ལ། སྐྱིད་ལུང་འགྲམ་ལ། གངས་ཡར་ལ། ལུག་ལ། ཤེལ་སྒོར་ལ། འདྲེ་བདེ་ལ། གངས་རླུང་ལ། ཁང་གནིས་ལ། གཉན་ལ། ཞྭ་ལ། རྟིང་ལ། སྒང་གླིང་ལ། ཁ་སྒོར་ལ། ཁང་དམར་ལ། དོན་ལ། ཤར་ལྕོག་ལ། འབྲུག་ལ། ཁྲ་ལ། ཀོ་འཕྲང་ལ་རྩེ། མཐུད་ལ། ཁྲ་གཡུ་ལ། སྐྱུང་ལ། དཀར་གོང་ལ། ཁ་འུར་ལ། མེ་རྡོ་ལ། ཟངས་ཁྲབ་ལ། བྱ་སྡེར་ལ། སྤྲེལ་བཅས་སོ། ཡར་འབྲོ་གཡུ་མཚོ། གོང་མོ་མཚོ། གྲེམས་མཚོ། བར་ཀྱོག་མཚོ། རྒོད་རྩེ་མཚོ། རྫ་སྨུག་མཚོ། ལོང་དྲེལ་མཚོ། རྩྭ་ཐང་མཚོ། སེང་ཁང་མཚོ། ཕུ་མ་མཚོ། གྲེམས་མཚོ། མཁར་རུའི་གཞུང་ཆུ། ལྗོན་ཆུ། ལྷ་གངས་བཞུར་ཆུ། འབའ་ཆོས་ཆུ། གཡོ་རུའི་ཆུ། མ་ཆུ་ཆུ། བྲག་ནག་ཆུ། ཕྱིང་ཆུ། ཞྭ་མདའ་ཆུ། སྐྱ་ཆུ་སོགས་ཡོད་དོ།།

དེ་དག་ལས་ཡར་འབྲོག་གཡུ་མཚོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་གནས་ཤིང་།[2] རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༤༤༤༡ དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༦༣༨  མཚོ་མའི་སྤྱིའི་གཏིང་ཚད་སྨི་ ༣༠ ནས་ ༤༠ དང་གཏིང་རིངཤོས་སུ་སྨི་ ༦༠ ལྷག་དང་། མཚོ་དེའི་ཤར་ནུབ་དཀྱུས་ཀྱི་རིང་ཚད་སྤྱི་ལེ་ ༡༣༠ དང་ལྷོ་བྱང་ཞེང་གི་རིང་ཚད་སྤྱི་ལེ་ ༧༠ རེད། དབྱར་དུས་མཚོ་བྱ་ཁྱུ་ཚོགས་འདུ་ཞིང་གསེར་ཉ་ཐོན་འབོར་ཆེ། མཚོའི་ཉེ་འཁོར་དུ་རྩྭ་བཟང་བས་འབྲོག་དུད་ཕྱི་བརྒྱ་ནང་བརྒྱ་ཞེས་འབོད་སྲོལ་ཡོད་པ་ལྟར། ཞིང་འབྲོག་གི་དུད་ཁྱིམ་རིམ་པར་ཆགས་ཡོད། དེ་བཞིན་རྫོང་གི་ལྷོ་ཤར་དུ་ཡོད་པའི་གྲེམས་མཚོར་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༤༤༦༥།༧ དང་། ཤར་ནུབ་ཀྱི་ཞེང་གི་རིང་ཚད་ལ་སྤྱི་ལེ་ ༩ དང་ལྷོ་བྱང་གི་དཀྱུས་ཀྱི་རིང་ཚད་ལ་སྤྱི་ལེ་ ༡༡ རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ་ ༤༠ ལྡན་འདུག རྫོང་གི་ལྷོ་ནུབ་ཏུ་ཆགས་པའི་ཕུ་མ་གཡུ་མཚོར་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༥༠༠༨ ཡོད་ལ། མཚོའི་ཤར་ནུབ་ཀྱི་ཞེང་ལ་སྤྱི་ལེ་ ༢༩།༥ དང་ལྷོ་བྱང་གི་དཀྱུས་ལ་སྤྱི་ལེ་ ༡༤ རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ་ ༢༩༠ མཆིས།[3] དེ་མཚུངས་རྫོང་དེའི་གམ་པ་ལ་མོར་གྲགས་པའི་ལ་ཆེན་དེའི་མཐོ་ཚད་ལའང་རྒྱ་མཚོའི་ངོས་ལས་སྨི་ ༤༧༩༤ ཙམ་ཡོད་པ་ལྟར། ཁུལ་དེའི་རི་ལ་རི་རྒྱུད་མཐའ་དག་གི་མཐོ་ཚད་ཀྱང་སྨི་༤༠༠༠ཡན་ཤ་སྟག་ཡིན་ནོ།།

 

(བར་སྣང་ནས་པར་བླངས་པའི་འདབ་ལུང་གྲོང་ཚོ།)

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1](1)武振华,西藏地名.国家测绘局地名研究所编.中国藏学出版社.1995.北京.

(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༡༠།

[2] བོད་ཀྱི་སྔ་མོའི་བཤད་རྒྱུན་དུ་མཚོ་དེའི་བཟོ་དབྱིབས་སྡིག་པ་རྭ་ཅན་གྱི་གཟུགས་སུ་གྲུབ་པར་གྲགས་ཅིང་། རྭ་གཡོན་པར་ཡར་འབྲོག་དཀར་མོ་གླིང་དང་། རྭ་གཡས་པར་གཏེར་སྟོན་རཏྞ་གླིང་པས་ཕྱག་བཏབ་པའི་བྲག་རྭ་དགོན་པ་སོགས་ཡོད། གཞན་ཡང་། མཚོ་དེའི་དབུས་སུ་ཡོན་པོ་རྡོ་ཞེས་པའི་གནས་རི་བྱིན་ཅན་གྱི་ངོས་སུ་འོག་མིན་གསང་ཆེན་ཐེག་མཆོག་གླིང་ཞེས་རྙིང་མའི་དགོན་པ་ཞིག་བཏབ་ཡོད། མཚོ་སྐོར་ལ་རྟ་པའི་ཉིན་ལམ་བཅོ་བརྒྱད་དུ་གྲགས་ཀྱང་དོན་དུ་ཉིན་བདུན་ལ་འཁོར་ཞིང་། དེ་སྔ་མཚོའི་འགྲུལ་སྐྱོད་ཀོ་གྲུར་བརྟེན་པར་སོང་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་མོའི་གཞུང་དེབ་ནང་དུ། ཡར་འབྲོག་མཚོ་ལ་ཆུ་སྒྲོལ་ཀོ་གྲུ་༨༤ཡོད་ལུགས་གསལ། མཚོའི་མཐའ་སྐོར་དུ་དོ་ནང་ཕྱི་མདའ་དང་། ཁ་ལུང་། ཛིམ་པ། བཀྲས་ཁང་། མངར། བྲག་སྐྱ། སེར། བསམ་སྡིང་། འཛམ་ཆོད་སོགས་ཡུལ་དུད་བརྒྱ་སྐོར་དང་། ནང་མདར་ཡར་གཟིགས། དཔལ་དི། གྲ་མ་ལུང་། དཀར་མོ་གླིང་། ཁྱུང་པོ་དོ། ཞབས་མདའ། སྟག་ལུང་། སྣ་རྩེ། ཧའོ། འདབ་ལུང་སོགས་གྲོང་དུད་བརྒྱ་ལ་ཉེ་བ་ཆགས་ཡོད་པས། ཁ་རྒྱུན་དུ་དོ་ནང་ཕྱི་བརྒྱ་ནང་བརྒྱ་ཞེས་གྲགས་སོ།

[3] (1)武振华,西藏地名.国家测绘局地名研究所编.中国藏学出版社.1995.北京.

(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༡༠།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།