དབུས་གཙང་ལོ་རྒྱུུས་ཆེན་མོ་ལས། ཨེ་ལྷ་རྒྱ་རི་རྫོང་གི་དགོན་སྡེ་དང་གྲགས་ཅན་མི་སྣ། གནའ་ཤུལ།

དབུས་གཙང་ལོ་རྒྱུུས་ཆེན་མོ་ལས། ཨེ་ལྷ་རྒྱ་རི་རྫོང་གི་དགོན་སྡེ་དང་གྲགས་ཅན་མི་སྣ། གནའ་ཤུལ།

ས་བཅད་བདུན་པ། དགོན་སྡེ་དང་གྲགས་ཅན་མི་སྣ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
༡ རྒྱ་རི་དགོན།   རྒྱལ་བ་རིས་མེད། དགེ་ལུགས།
༢ དགའ་རྣམ་རྒྱལ་དགོན།   བྱམས་པ་ཆོས་མཆོག དགེ་ལུགས།
༣ ཀློག་ཆོས་སྡེ་དགོན།   བྱ་པའི་ཞལ་ངོ་ཡོན་ཏན། དགེ་ལུགས།
༤ ཨེ་སྒྲེ་དགོན།ཡེ་སྒྲེ་དགོན།   རྗེ་བཙུན་སྒྲོལ་དཀར། དགེ་ལུགས།
༥ སྟོད་གཟིགས་དགའ་ལྡན་རབ་བརྟན།   བྱང་སེམས་གཅེར་བུ། དགེ་ལུགས།

 

༦ རི་ཆོས་དགོན་སྡེ།   སྒོམ་ཆེན་ངག་དབང་གྲགས་པ།  
༧ མདོ་མཁར་ཆོས་སྡེ།   གནུབས་སྟོན་ཤེས་རབ་གྲགས་པ། ད་ལྟ་དགེ་ལུགས།
༨ བླ་འདྲེན་དགོན།     དགེ་ལུགས།
༩ བཀྲིས་ཤིས་ཆོས་རྫོང་དགོན།     རྙིང་མ།
༡༠ ཨྱོན་གུ་རུ་ལྷ་ཁང་།     རྙིང་མ།
༡༡ དམར་མཐའ་བལྟས་དགའ་ལྷ་ཁང་།     རྙིང་མ།
༡༢ བླ་མ་ལྷ་སྟེང་ལྷ་ཁང་།     རྙིང་མ།
༡༣ སྦས་ཡུལ་ལྷ་ཁང་།     རྙིང་མ།
༡༤ རྒྱང་ཐང་རི་ཁྲོད།     རྙིང་མ།
༡༥ རྫོང་ལུང་རི་ཁྲོད།     རྙིང་མ།
༡༦ རི་སྐོ་ཆོས་སྡེ།     དགེ་ལུགས།
༡༧ སྟོད་གཟིགས་དགོན།     དགེ་ལུགས།

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
༡ འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཨེའི་སྐྱོང་ཁ། ༡༥༦༡-༡༦༣༧ སེར་བྱེས་མཁན་རབས་བཅོ་ལྔ་པ།
༢ གངས་པ་དམུ་ཡན། ཆུ་གསུམ། དུས་རབས་ ༡༢། མ་ཅིག་ལབ་སྒྲོན་གྱི་གདུང་རྒྱུད།
༣ འཇམ་དབྱངས་འཕྲིན་ལས་དབང་པོ། ཆུ་གསུམ། ༡༧༥༧ – དྭགས་ལ་སྒམ་པོའི་གདན་ས་པ་སྙན་གྲགས་ཅན།
༤ གཏེར་སྟོན་ཆེན་མོ་ཇོ་མོ་སྨན་མོ། ཆུ་གསུམ། ༡༢༤༨-༡༢༨༣ གཏེར་སྟོན་བརྒྱ་རྩའི་ཡ་གྱལ།
༥ རྗེ་བཙུན་འཇམ་དབྱངས་ཤེས་རབ། ཆུ་གསུམ། ༡༤༥༠-༡༥༣༠ དགའ་ལྡན་ཁྲི་ཐོག་བཅུ་གཉིས་པ་ཡིན།
༦ སྙིང་པོ་གྲུབ་པ། ཁང་གསར། དུས་རབས་ ༡༡། མ་ཅིག་ལབ་སྒྲོན་ལ་སྲས་མོ།
༧ གཏེར་སྟོན་གར་དབང་ལས་འཕྲོ་གླིང་པ། ཁང་གསར། དུས་རབས་ ༡༥། གཏེར་སྟོན་སྙན་གྲགས་ཅན་ཞིག།
༨ སྟག་ཕུ་གོ་ཤྲི་དཔལ་ལྡན་དངོས་གྲུབ། ཁང་གསར། ༡༣༨༢-༡༤༦༦ རྗེ་ཙོང་ཁ་པའི་ཞལ་སློབ་སྙ་གྲགས་ཅན་ཞིག
༩ དྲུང་ཏོག་དཔལ་འབྱོར་རྒྱལ་པོ། ཆུ་གསུམ། ༡༩༠༥-༡༩༥༨ ཁོང་ནི་རི་མོའི་སྒྱུ་རྩལ་བ་གྲགས་ཅན་ཞིག།
༡༠ སྤྲུལ་སྐུ་བཟང་པོ་རྡོ་རྗེ། ཁང་གསར། དུས་རབས ༡༣། རྒྱལ་མཆོག་ལྔ་པོའི་ཞལ་སློབ་གཏེར་སྟོན་ཞིག།
༡༡ བླ་མ་བསམ་གཏན་དར། ཟིམ་ཤི་ཕུ་རུ། དུས་རབས་ ༡༣། ལྡན་མཁར་དགའ་ལྡན་ཕྱག་འདེབས་པོ།།
༡༢ མ་ཅིག་ལབ་ཀྱི་སྒྲོལ་མ། ནོར་བུ་ས། ༡༠༣༡-༡༡༢༩ ཞི་བྱེད་ཀྱི་བསྟན་པའི་སྲོག་ཤིང་བེུད་སྙན་གྲགས་ཅན།
༡༣ རྩེ་དྲུང་ལས་ཚན་ཡེ་ཤེས་རྒྱ་མཚོ། ཆུ་གསུམ། ༡༨༨༡-༡༩༤༨ འབྲས་སྤུངས་དགོན་གྱི་རི་བ་མོ་མཁས་ཅན་ཞིག།
༡༤ གཡེ་པ་སྨོན་ལམ་ཚུལ་ཁྲིམས། ཆུ་གསུམ། དུས་རབས་ ༡༡ ། བླ་མ་ཁུ་ཤེས་རབ་བརྩོན་འགྲུས་ཀྱི་ཞལ་སློབ
༡༥ ལས་ཚན་ཚེ་རིང་དོན་གྲུབ། ཆུ་གསུམ། ༡༩༠༢-༡༩༤༧ རི་མོའི་སྒྱུ་རྩལ་མཁས་ཅན་ཞིག།
༡༦ ལ་ཆེན་ཆོས་རྒྱལ་བསྟན་འཛིན། ནོར་བུ་ས། ༡༦༣༡-༡༧༠༨ ལྷ་གསོལ་གླིང་དགོན་གྱི་སྤྲུལ་སྐུའི་སྐུ་ཕྲེང་དང་པོ།
༡༧ གཏེར་སྟོན་པདྨ་དབང་ཕྱུག། བྱར་ཡུལ་སྟོད།   གཏེར་སྟོན་བརྒྱ་རྩའི་ཡ་གྱལ།
༡༨ བྱར་རོང་ཨེ་ཡི་སྨན་པ། ཨེ་ཡུལ། བྱར་གྱི་རོང་ཡུལ། དུས་རབས་༡༢།
༡༩ ལྷ་བཙུན་ནམ་མཁའ་འཇིགས་མེད། བྱར་ཡུལ། ༡༥༩༧-༡༦༥༠ གཏེར་སྟོན་བརྒྱ་རྩའི་ཡ་གྱལ།
༢༠ མཁས་གྲུབ་ངག་དབང་རྡོ་རྗེ། ཨེ་ཡུལ།   ཨེ་ནེ་རིང་ནུབ་དགོན་ཞེས་རྙིང་ལུགས་ཆོས་བརྒྱུད་འཛིན་པ་དེའི་བླ་མ་མཛད་མྱོང།
༢༡ བསྟན་འཛིན་ཆོས་ཀྱི་སྣང་བ། ཆུ་གསུམ། ༡༩༤༢- འབྲི་གུང་གདན་རབས་སོ་དྲུག་པ་ཡིན།
༢༢ དཔལ་ལྡན་དོན་འགྲུབ། ཨེ་ཡུལ། ༡༣༨༢-༡༤༦༦ སྟག་ཕུ་སྤྲུལ་སྐུ་སྐུ་ཕྲེང་དང་པོ།
༢༣ ཨོ་རྒྱན་འགྲོ་འདུལ་གླིང་པ། ལྷ་རྒྱ་རི་ས་སྐྱོང་ཕོ་བྲང་། ༡༧༥༧- སྒམ་པོ་པའི་སྐྱེ་ཕྲེང་ལྔ་པ་ཡིན།

ལེ་ཚན་གསུམ་པ། གནའ་ཤུལ།

མཁར། བང་སོ། དུར། བྲག་ཕུག ས་གནས། མཆན།
བྲག་ཕུག སེའུ་ཤག་བྲག་ཕུག སེའུ་ཤག བྲག་ཕུག་དེ་ནི་དེང་བར་བོད་ཁུལ་དུ་ཐོག་མར་གསར་རྙེད་བྱུང་བའི་བྲག་ཕུག་གི་རིགས་ཤིག་ཡིན། དེའི་འཛུགས་སྐྲུན་ཐབས་ལམ་དང་ནང་གི་སྒྱུ་རྩལ་རྣམ་པ་(འདམ་སྐུ། ཚོན་རིས།)བཅས་སྙན་གྲགས་ཅན་གྱི་ཏུན་ཧོང་བྲག་ཕུག་དང་འདྲ་བའི་ཆ་ཡོད། བོད་ཀྱི་བྲག་ཕུག་སྒྱུ་རྩལ་གྱི་འབྱུང་ཁུངས་དང་འཕེལ་རྒྱས། དེས་ཁུལ་གཞན་པའི་ནང་བསྟན་སྒྱུ་རྩལ་དབར་གྱི་འབྲེལ་བ་ཉམས་ཞིབ་བྱ་རྒྱུར་གལ་ཆེའི་རིན་ཐང་ལྡན།
བང་སོ། རྡོའི་དུར་སྒམ་དང་བང་སོ། ཆུ་གསུམ། ཁུལ་དེ་དག་ནས་བང་སོ་རྡོའི་དུར་སྒམ་ཁག་གཅིག་གསར་རྙེད་བྱུང་བ་རྣམས། དུས་ཚོད་སྔ་ཤོས་སུ་གདོད་མའི་སྤྱི་ཚོགས་ཀྱི་རྡོ་ཆས་གསར་པའི་དུས་རབས་སུ་ཡར་འདེད་བྱེདཐུབ་པར་བཤད།[1]
མཁར། ལྷ་རྒྱ་རིའི་ཕོ་བྲང་གནའ་ཤུལ། ཆུ་གསུམ། དུས་རབས་ ༡༣ པའི་སྐབས་བཙུགས་པ་དང་། དེས་བོད་བཙན་པོའི་རྒྱལ་རྒྱུད་ཀྱི་སྟོབས་ཤུགས་དེས་བོད་ཀྱི་སྲིད་དབང་རིམ་པར་བརྒྱུད་པའི་དབང་ཤུགས་མཚོན་ཡོད། ཕོ་བྲང་དེར་དུས་རབས་སྔ་མ། བར་མ། ཕྱི་མ་བཅས་གསུམ་དུ་བགར་ཆོག།

[1]错那 隆子 加查曲 松县文物志. 西藏人民出版社.1993.pg179

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།