མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་བསྟོད་སྨོན།
མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་བསྟོད་སྨོན། ལྷར་བཅས་འགྲོ་བའི་མགོན་པོ་བཅོམ་ལྡན་འདས། ། སྲིད་ཞིའི་འཇིག་སྐྱོབ་ལུང་རྟོགས་དམ་པའི་ཆོས། ། ཐར་པའི་ལམ་བཟང་གསལ་མཛད་དགེ་འདུན་ཆེ། ། བསླུ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། འཛམ་གླིང་གདུལ་བྱ་ཀུན་གྱི་མཆོད་པའི་རྟེན། ། ཁྱད་པར་གངས་ཅན་འགྲོ་བའི་དཔུང་གཉེན་ཆེ། ། མཆོད་རྟེན་ཆེན་པོར་བྱ་རུང་ཁ་ཤོར་ལ། ། སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །




