༄། །ཟུར་ཚོའི་ལོ་རྒྱུས།

༄། །ཟུར་ཚོའི་ལོ་རྒྱུས། ༈ ༡.ཐོག་མར་ཟུར་ཚོའི་མིང་གི་སྐོར་དང་། ༢.སྔ་རབས་གཙང་ཞེས་པའི་ལྟེ་གནས་མིན་ནམ་སྙམ་པའི་དཔྱད་པ་གླེང་བ། ༡.དེ་ཡང་ཐོག་མར་ཟུར་ཚོ་འདིར་མིང་གཞན་ཡང་བྱུང་བ་ནི། དིང་སྐབས་ཀྱང་སྤྱད་ཕུ་ཞེས་པའི་མིང་ཆ་ཤས་ཙམ་ལྷག་པ་འདི་དང་། ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱི་ལོ་རྒྱུས་དང་། རྒྱལ་བ་རྒོད་ཚང་པའི་རྣམ་ཐར། དབང་གི་རྒྱལ་པོའི་ <རྣམ་ཐར་ལམ་བཟང་ཡིད་འཕྲོག་མ་>རྣམས་ལས། སྤྱད་ལུང་ཟེར་བའི་མིང་འདི་ཤས་ ཆེར་མངོན་ཞིང་།
སུམ་རྟགས་རྩ་བ་ཐོན་མིས་མཛད་མིན།

(པོ་ཏ་ལ་ཆོས་རྒྱལ་བྲག་ཕུག་ཏུ་བཞུགས་པའི་ཐོན་མི།)   ཁ་ཅིག་གིས་སུམ་རྟགས་ཀྱི་རྩ་བ་མཛད་པ་པོ་ས་སྐྱ་པཎ་ཆེན་ཡིན་པ་ལས་ཐོན་མི་སཾ་བྷོ་ཊ་མ་ཡིན་ཏེ། ས་པཎ་སྔོན་དུ་སུམ་རྟགས་ཀྱི་འགྲེལ་བ་མ་མཐོང་པའི་ཕྱིར་དང་། སྔར་གྱི་ཡིག་རྙིང་རྣམས་ད་ལྟའི་སུམ་རྟགས་ཀྱི་གཞུང་དང་མི་མཐུན་པའི་ཕྱིར་སོགས་ཟེར་བ་ནི་གྱ་ཚོམ་དུ་སྨྲས་པ་ཁོ་ན་སྟེ། ས་པཎ་ཉིད་ཀྱིས་མཛད་པའི་དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ་ལས། ཁ་ཅིག་ས་མཐར་ཤེས་ཞེས་ཟེར།། མི་འཐད་པར་མཐོང་ཁོ་བོས་དོར།།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣེ་གདོང་རྫོང་གི་ཁྲལ་འུ་ཁྲིམས་གནོན་སྐོར།

གཉིས། ཁྲལ་འུ་ཁྲིམས་གནོན། ལྕགས་སྟག་ཟླ་ ༩ པའི་ཚེས་ ༢༨ ཉིན་ཡོངས་སུ་གཏན་འབེབས་མཛད་པའི་སྣེ་གདོང་རྫོང་གི་གཞུང་སྒེར་ཆོས་གསུམ་གྱི་རྐང་འགྲོ་ལག་འདོན་སྒྲུབ་ཆག་འཇགས་གསུམ་གྱི་འཁྲི་སྒྲུབ་བྱེད་ལུགས་ཀྱི་ཡིག་ཆ་《ལྕགས་སྟག་ཞིབ་གཞུང་།》ནང་གསལ་ལྟར་ན། རྫོང་དེར་གཞུང་སྒེར་ཆོས་གསུམ་གྱི་ཁྲལ་འབབ་འཁྲི་སྒྲུབ་ལས་ཆོས་གཞིས་སུ་ཆོད་པའི་ཁྲལ་འབོར་དུ་མཆོད་གཞིས་འདོན་བརྒྱ་དང་བདུན་ཅུ་དོན་བདུན་དང་ལྔ་ཆ་གཅིག
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣེ་གདོང་རྫོང་གི་རྫོང་གཞིས་འགྲོ་སྟངས།

ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན། གཅིག རྫོང་གཞིས་འགྲོ་སྟངས། སྣེ་གདོང་རྫོང་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་རིམ་པ་ལྔ་པའི་རྫོང་སྒོ་ཆེ་གྲས་ཤིག་ཡིན་པར། གཞུང་ས་ནས་རྫོང་སྡོད་དུ་རིམ་ལྔའི་ཤོད་དྲུང་སྐྱ་བོ་གཉིས་ལོ་ཡུན་གསུམ་རིང་འཛིན་སྐྱོང་ཞབས་སྡོད་དུ་མངགས་གསོལ་དང་། རྫོང་སྡོད་སྦྲེལ་པོ་གཉིས་ཀྱི་འོག་ཏུ་རྫོང་འགོ་སྤྱི་མཚུངས་ལྟར་ལས་དྲུང་སོགས་ཞབས་སྡོད་ལས་སྣེ་བྱིངས་རྣམས། ས་གནས་ཀྱི་དྲག་བཙན་ཁྱིམ་དུད་དང་ཁྲལ་པ་མི་སེར་གྱི་ཁོངས་ནས་མེས་མི་རྒྱུད་ཀྱིས་ལས་ཚན་དུ་འཁོད་ཅིང་།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣེ་གདོང་རྫོང་གི་མིང་ཐོགས་ཚུལ་དང་། རྫོང་གི་ལོ་རྒྱུས།

སྣེ་གདོང་རྫོང་། ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས། ལེ་ཚན་དང་པོ། རྫོང་གི་མིང་ཐོགས་ཚུལ། སྤྱིར་སྣེ་གདོང་རྫོང་ཁུལ་གྱི་ཡུལ་མིང་རྙིང་པར་ངམ་ཤོད་ཅེས་གསལ། དེ་ཡང་། 《བཀའ་ཐང་སྡེ་ལྔ།》 ལས། ངམ་ཤོད་གྱི་བྱེ་མ་གསེར་ལ་བསྒྱུར་བའི་སྐོར་འཁོད་ཡོད། སྒོས་སུ་སྣེ་གདོང་རྫོང་ཞེས་པ་རི་གླང་ཆེན་ཉལ་བ་ལྟ་བུའི་སྣ་སྟེང་དུ་རྫོང་དེ་ཆགས་སྟབས་སྣེ་གདོང་ཞེས།[1] ཐོགས་པར་བཤད། གཞན་འགའ་རེས་ཏཱ་སི་ཏུ་བྱང་ཆུབ་རྒྱན་མཚན་གྱིས་སྣེ་གདོང་དང་། གོང་དཀར། འོལ་ཁ། སྟག་རྩེ།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣ་དཀར་རྩེ་རྫོང་གི་དམངས་སྲོལ་སྐོར།

ས་བཅད་བརྒྱད་པ། དམངས་སྲོལ།  དང་པོ། ཡར་འབྲོག་གི་སྤྱང་གཞས་དང་འཁྲུངས་གཞས། ཡར་འབྲོག་གི་སྤྱང་གཞས་དང་འཆོང་ཁ་རྩེ་བའི་ལྷ་མོ་ནི་ཡར་འབྲོག་ས་གནས་རང་གི་ཐུན་མིན་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་གླུ་གཞས་ཤིག་ཡིན། གླུ་གཞས་དེ་ནི་ཆེས་གནའ་སྔ་མོ་ནས་ཁུལ་དེར་དར་ཁྱབ་ཡོད་པར་གྲགས། གཞས་དེའི་བསྟན་དོན་གཙོ་བོ་ཡང་སྤྱང་ཀིའི་ལོ་རྒྱུས་དང་དེའི་ནག་ཉེས་དྲངས་ཏེ་སྤྱང་ཀི་ཆོས་ལ་བསྐུལ་བའི་མངོན་འདོད་མཚོན་ཡོད།