དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣ་དཀར་རྩེ་རྫོང་གི་ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན།
ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན། གཅིག རྫོང་གཞིས་འགྲོ་སྟངས། རྫོང་དེར་གཞུང་ས་དགའ་ལྡན་ཕོ་བྲང་ནས་མངགས་པའི་རྫོང་སྡོད་རྩེ་ཤོད་སེར་སྐྱ་གཉིས་དང་། འབོ་ཁང་། རྒྱ་ཁང་། དེའི་གཤམ་འོག་ཏུ་ལས་བྱ་གཙོ་དྲག་བཞི་ཡོད་པ་སྟེ་གཞུང་རྒྱུག་ཁོངས་ནས་མི་གསུམ་དང་། ཆོས་གཞིས་ཁོངས་ནས་མི་འགྲོ་གཅིག་འཛུགས་དགོས་པར་གཙོ་དྲག་གཏན་འཇགས་ཕུན་དཀྱིལ། སྟག་ལུང་དབེན་སེར། ཁམ་པར་གསུང་དང་། ཆོས་གཞིས་བསམ་སྡིང་བླ་བྲང་ནས་མི་གཅིག དེ་འོག་ཚོ་དཔོན་གསུམ་དང་།




