ཁྱད་པར་འཕགས་བསྟོད།
ཁྱད་པར་དུ་འཕགས་པའི་བསྟོད་པ། སློབ་དཔོན་མཐོ་བཙུན་གྲུབ་རྗེ། ༄༅༅། །རྒྱ་གར་སྐད་དུ། བི་ཤིཥྚ༌སྟ་བཿ། བོད་སྐད་དུ། ཁྱད་པར་དུ་འཕགས་པའི་བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །གང་ཕྱིར་འཇིག་རྟེན་སྐྱོན་ལ་དགའ། །ཡོན་ཏན་འཛིན༌པར་ཞེན་པས་ན། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། །གཞན་ལ་སྐྱབས་སུ་མཆིས་པར་གྱུར། །




