དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་རྩེ་རྫོང་གི་ཁྲལ་བསྡུ་ཁྲིམས་གནོན།

གཉིས་པ། ཁྲལ་བསྡུ་ཁྲིམས་གནོན། ལྕགས་སྟག་(༡༨༣༠)ཟླ་ ༥ ཚེས་ ༤ ཉིན་ཡོངས་སུ་གཏན་འབེབས་མཛད་པའི་གཡུ་རྒྱལ་ལྷུན་རྩེ་ཁུལ་གྱི་《ལྕགས་སྟག་ཞིབ་གཞུང་།》ཡིག་ཆ་ཨང་ ༢༢ པ་ནང་གསལ་ལྟར་ན། ལྷུན་རྩེ་རྫོང་དང་། སྦྱོར་ར་གཞིས། སྦྱར་གཞིས་བཅས་གཡུ་རྒྱལ་ལྷུན་རྩེ་འོག་རྫོང་དང་རྫོང་གཞིས་ཁག་གི་གཞུང་སྒེར་ཆོས་གསུམ་གྱི་ཁྲལ་འཁྲི་བསྡོམས་འབོར་ནི། ལྷུན་རྩེ་རྫོང་འོག་རང་ལ་གཞུང་རྒྱུག་སྒྲུབ་རྐང་བཞི་བརྒྱ་ཉི་ཤུ་རྩ་བཞི་དང་གསུམ་ཆ་གཅིག
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་རྩེ་རྫོང་གི་རྫོང་གཞིས་འགྲོ་སྟངས།

ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན། གཅིག རྫོང་གཞིས་འགྲོ་སྟངས། གཡུལ་རྒྱལ་ལྷུན་རྩེ་རྫོང་གི་ཆོས་སྲིད་ཀྱི་འཛིན་སྐྱོང་གི་ལྟེ་གནས། རྫོང་ཤར་ནུབ་གཉིས་ཀའི་མཁར་རྫོང་དེ་བཞིན་དེའུ་འབུར་གྱི་ཐོག་ཏུ་ཆགས་ཡོད་ཅིང་། རྫོང་ཁང་རི་རྩེར་ཆུ་མི་ཤིང་སོགས་ཉེར་མཁོའི་རིགས་ཐམས་ཅད་གཤམ་འོག་ནས་སྐྱེལ་འདྲེན་བྱ་བར་དཀའ་ངལ་ཆེ་སྟབས། རྫོང་སྡོད་སྦྲེལ་པོ་ཟུང་རྫོང་ཞོལ་དུ་རྒྱུན་བཞུགས་ཀྱིས་གཞུང་འབྲེལ་ལས་དོན་ཁག་གཉེར་སྲོལ་མཆིས།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་རྩེ་རྫོང་གི་གཞི་རིམ་ལོ་རྒྱུས། རྫོང་གི་མིང་ཐོགས་ཚུལ་སོགས།

ལྔ་པ། ལྷུན་རྩེ་རྫོང་། ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས། ལེ་ཚན་དང་པོ། རྫོང་གི་མིང་ཐོགས་ཚུལ། ལྷུན་རྩེ་རྫོང་གི་མིང་ཆ་ཚང་བར་གཡུ་རྒྱལ་ལྷུན་རྩེ་རྫོང་།[1] ཞེས་འབོད། ལྷུན་རྩེ་ཞེས་པ་ནི་སྔོན་ཆོས་རྒྱལ་འོད་སྲུང་གི་རྒྱུད་པ་ཆོས་རྒྱལ་བྱ་བའི་སྲས་ཀྱི་ཕོ་བྲང་གི་མཚན་ཡིན་པ་ད་ལྟའི་རྫོང་མིང་དུའང་རང་འཇགས་སུ་བཞག་པར་བཤད།[2] རྫོང་མིང་གི་སྒྲ་བཤད་ལའང་ནང་པའི་ལྟ་ཚུལ་ལས་བྱུང་བའི་ལྷུན་པོའམ་རི་རབ་ལྟར་བརྗིད་ཅིང་བརྟན་པའི་དོན་དང་།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། འཕྱོངས་རྒྱས་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ།

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། ལེ་ཚན་དང་པོ། དགོན་སྡེ། ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད། ༡ ཐང་པོ་ཆེ་དགོན། ཕྱི་ལོ་ ༨༥༧། གྲུ་མེར་སོགས་མཆེད་བརྒྱད། བཀའ་གདམས། ༢ ཚེ་རིང་ལྗོངས། དུས་རབས་ ༡༧། ཀུན་མཁྱེན་འཇིགས་མེད་གླིང་པ། རྙིང་མ། ༣ དཔལ་རི་དགོན། ཕྱི་ལོ་ ༡༥༧༡། གཏེར་སྟོན་ཤེས་རབ་འོད་ཟེར། རྙིང་མ། ༤ བྲ་གོར་དགོན། དུས་རབས་ ༡༤། གཉལ་སྟོན་ཆོས་འབར། བཀའ་གདམས། ༥ སྤྱན་གཡས། དུས་རབས་ ༡༡ མཇུག…
འགྲམ་ཁུལ་གྱི་ངོ་སྤྲོད་མདོར་བསྡུས་དང་། མེས་རབས་ཀྱི་ལོ་རྒྱུས།

བོད་ལྗོངས་ཀྱི་མཐའ་མཚམས་འགྲམ་ཁུལ་གྱི་ངོ་སྤྲོད་མདོར་བསྡུས་དང་། མེས་རབས་ཀྱི་སྣང་བརྙན་བཞད་པའི་མེ་ལོང་། རྩོམ་པ་པོ། འཇམ་དཔལ་རབ་བརྟན།   སྔོན་གླེང་།   གང་གི་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། ། དམ་པའི་ཆོས་ནི་སྟོན་མཛད་པ། །གོ་ཏམ་དེ་ལ་ཕྱག་འཚལ་ལོ། །
རྩེ་མཁན་མགྲོན་བསྟན་འཛིན་ཆོས་འཕེལ་ལམ་ཀོག་པོ་བའི་ཕྱག་བྲིས།

དུས་རབས་ཉི་ཤུ་པའི་དུས་འགོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་སུ་རྩེ་ཤོད་དྲུང་རིགས་སེར་སྐྱ་རྣམས་ཀྱི་དབུས་ནས་ཡིག་གཟུགས་ལེགས་ཤོས་ཡིན་པ་རྩེ་མཁན་མགྲོན་བསྟན་འཛིན་ཆོས་འཕེལ་ཀོག་པོ་བའི་ཕྱག་སོར་གྱི་འདུ་བྱེད་ལས། ཀ་ཁ་དང་། ཟློས་ཧྲལ། ཚུགས་རིང་བཅས་དེ་སྔ་རྩེ་རིག་གནས་སློབ་གྲྭར་ཡོད་པའི་ཤིང་པར་གྱི་ཡིག་གཟུགས་ངོ་མ་ལས་བསྐྱར་བཤུས་བྱས་པ་འདི་བཞིན་གཞོན་སྐྱེས་རྣམས་ཀྱི་བོད་ཡིག་ཡིག་གཟུགས་ཀྱི་རྨང་གཞིའི་ཡིག་དཔེའི་ཆེད་དུ་འགྲེམས་སྤེལ་ཞུས་པ་དགེའོ།།