སྤེལ་ཞིབ་ཕྲ།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྐྱེམས་སྟོང་གི་རྫོང་གཞིས་འགྲོ་སྟངས་དང་། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས་སྐོར།
ལྔ། སྐྱེམས་སྟོང་གི་རྫོང་གཞིས་འགྲོ་སྟངས། སྐྱེམས་སྟོང་གི་འབྲི་ཚུལ་ཐད་གོང་དུ་བྱུང་བ་ལྟར་ཡིག་ཆ་རྙིང་ཁུངས་ཁག་ནང་སྐྱེན་ཞེས་བྱུང་བ་དང་། དེ་མིན་ལོ་རྒྱུས་ཀྱི་ཡིག་ཆ་འགའ་རེར་རྐྱེན་ཞེས་ཀྱང་བྲིས་པ་འདུག་ལ།[1] དེ་དང་ཕྱོགས་མཚུངས་སྐྱེམས་དང་སྐྱེམ་ཞེས་པའི་དག་ཆའང་གང་འདོད་ཀྱིས་ཚུལ་དུ་བཀོལ་བ་མཐོང་། དེ་ཡང་། ཁུལ་དེ་ནི་ལོ་རྒྱུས་ཐོག་སྐྱེན་པ་རྒྱལ་པོ་ཞེས་པ་ཞིག་བྱུང་བ་དེའི་ཡུལ་སྡེ་མིན་ནམ་སྙམ་ཞིང་། ལོ་རྒྱུས་ཐོག་སྐྱེན་རྒྱལ་པོ་དཔལ་བཟང་ཞེས་གྲགས་ཤིག་བྱུང་འདུག་ལ།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣང་རྫོང་གི་རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ།
ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ། གཅིག སྣང་རྫོང་གི་རྫོང་གཞིས་འགྲོ་སྟངས། སྣང་རྫོང་ནི་གཞུང་ས་དགའ་ལྡན་ཕོ་བྲང་པའི་རྫོང་འགོ་འབྲིང་གྲས་རིམ་པ་དྲུག་པའི་རྫོང་སྡོད་སྐྱ་བོ་གཅིག་གི་འགྲོ་ཁུངས་ཅན་གྱི་གཞུང་རྫོང་ཞིག་ཡིན།[1] དེ་སྔའི་སྣང་རྫོང་གི་སྲིད་འཛིན་ལྟེ་བ་ཆགས་ཡུལ་ནི་དྭགས་པོ་ལ་འོག་གི་ཆུ་དང་ཡར་ཀླུང་གཙང་པོ་འདྲེམས་མཚམས་ཀྱི་སུམ་མདོའི་བྲག་ཟུར་སྟེང་གཞིས་རྒྱ་ཆེ་བའི་མཁར་ཤུལ་ཞིག་ཡོད་པའི་གཤམ་འོག་ཏུ་ཡིན་ལ།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་དམངས་སྲོལ་དང་། དྭགས་པོ་སྣང་རྫོང་གི་གཞི་རིམ་ལོ་རྒྱུས།
ས་བཅད་བརྒྱད་པ། དམངས་སྲོལ། གཅིག དྭགས་པོ་བཤད་སྒྲུབ་གླིང་དགོན་པའི་སེང་གེའི་གར་འཆམ། བོད་ཟླ་བཅུ་པའི་དགའ་ལྡན་ལྔ་མཆོད་སྐབས་འཁྲབ་སྲོལ་ཡོད་པའི་གར་འཆམ་དེའི་ཐོག་མར་བྱུང་ཚུལ་ལའང་ཡུལ་དེར་ཤོད་སྲོལ་འདི་འདྲ་ཞིག་འདུག དེ་ཡང་། སྔ་མོ་དྭགས་པོ་གྲྭ་ཚང་གི་ལྷོ་ཕྱོགས་སུ་མདུན་རི་མཐོན་པོ་ཞེས་པའི་གངས་རི་ཞིག་ཡོད་པ་རིམ་བཞིན་བཞུར་བས།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། གོང་དཀར་རྫོང་གི་གཞུང་སྒེར་ཆོས་གསུམ་དང་། རི་ཆུ་མཚོ་གསུམ། ཞིང་འབྲོག་ཐོན་ལས། ༣༽
ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ། རྫོང་དེའི་མངའ་ཞབས་སུ་གཏོགས་པའི་གཞུང་སྒེར་ཆོས་གསུམ་གྱི་ཞིབ་ཁྲའི་ས་རིས་བདག་ཐོབ་ཁ་གྲངས་ལ་མཚོན་ན། གོང་དཀར་རྫོང་འོག་གཞུང་རྒྱུག་ཏུ་སྐྱིད་གཤོངས་བྲག་ཆེན་རྒན། སེར་མ་ཁང་གསར། ཧང་གྲོང་། ལྡིང་གླ་ཚེ། རྒན་ཚེ་ར་བ། ཆ་ཚང་པ་དྲག་བཙན། སྐྱིད་གཤོངས་ཞོལ།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། གོང་དཀར་རྫོང་གི་གཞི་རིམ་ལོ་རྒྱུས། ༡༽
བཅུ་པ། གོང་དཀར་རྫོང་། ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས། ལེ་ཚན་དང་པོ། རྫོང་གི་མིང་ཐོགས་ཚུལ། གོང་དཀར་ཞེས་འབོད་པའི་ཡུལ་མིང་ཐོགས་ཚུལ་ལ། ཡུལ་དེའི་སྲིད་འཛིན་མཁར་རྫོང་ཆགས་ཡུལ་སྟོད་ཕྱོགསཀྱི་ས་གཞིའི་ཁ་དོག་དཀར་པོ་ཡིན་པས་སྟོད་ན་དཀར་བའམ་གོང་ན་དཀར་བའི་དོན་དུ་འཆད་རྒྱུན་དང་། གཞན་དེ་སྔ་རྫོང་གནས་ཡུལ་སྟོད་ཀྱི་རི་བོའི་ཁ་དོག་དཀར་པོར་སོང་བས་དེ་ལྟར་མིང་དུ་ཐོགས་ཟེར།[1]
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་སྤྱིའི་མངའ་འོག་རྫོང་གཞིས་སོགས།
ས་བཅད་གཉིས་པ། ལྷོ་སྤྱི། ལེ་ཚན་དང་པོ། ལྷོ་ཁ་སྤྱི་ཁྱབ། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་དབུ་བརྙེས་པའི་ཐོག་མའི་དུས་རིམ་ནང་སྡེ་སྲིད་ཀྱི་ལམ་ལུགས་དང་། ཕྱི་ལོ་ ༡༧༥༡ ནས་བཀའ་ཤག་གི་ལམ་ལུགས་བྱུང་བའི་རིང་། གཞི་རིམ་འཛིན་སྐྱོང་དུ་དབུས་གཞུང་ནས་ཐད་ཀར་རྫོང་གཞིས་ཁག་འཛིན་སྐྱོང་གནང་ལམ་ལས་ས་གནས་སྤྱི་ཁྱབ་ཀྱི་སྲིད་འཛིན་ལམ་ལུགས་ཤིག་མེད་རྐྱེན།

