Featured on ནང་རིག

སྤེལ་ཞིབ་ཕྲ།

༄༅། །སྙིང་འདབ་བརྒྱད་མ་བཞུགས་སོ།།

༄༅། །སྙིང་འདབ་བརྒྱད་མ་བཞུགས་སོ།།   ༈ སྙིང་འདབ་བརྒྱད་ཨ་བ་དྷཱུ་ཏཱིའི་དབུས། །གཞི་འགྱུར་མེད་སེམས་ཀྱི་རྡོ་རྗེའི་གར། །ལྷ་སངས་རྒྱས་ཀུན་འདུས་བློ་བཟང་གྲགས། །ཕ་བླ་མའི་ངོ་བོར་ཕྱག་འཚལ་ལོ། །གཞི་འཁོར་འདས་ཆོས་རྣམས་མ་ལུས་པ། །ནང་རང་གི་སེམས་ཀྱིས་བཏགས་པ་ཙམ། །སེམས་དེ་ཡང་བརྟགས་ན་སྐྱེ་འགག་བྲལ། །གནས་ལུགས་ཀྱི་ངོ་བོ་ཨེ་མ་ཧོཿ
རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་བཀླགས་ཆོག་མཐོང་བ་དོན་ལྡན།

༄༅། །རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་བཀླགས་ཆོག་མཐོང་བ་དོན་ལྡན་དུ་བཀོད་པ་བཞུགས་སོ།། སྐྱབས་འགྲོ། ༈ སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་འགྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ།
སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཕན་བདེའི་དཔལ་སྟེར།

༄༅། །སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཕན་བདེའི་དཔལ་སྟེར་ཞེས་བྱ་བ་ནག་འགྲོས་སུ་བཀོད་པ་བཞུགས་སོ།།   ༄༅། །ན་མོ་ཨཱརྱ་ཏཱ་རེ་ཡེ། གང་ཞིག་དྲན་པས་འཇིགས་པ་མཐའ་དག་ལས། །སྒྲོལ་མཛད་རྗེ་བཙུན་ཐུགས་རྗེའི་གཏེར་ཆེན་ལ། །གུས་པས་བཏུད་ནས་གསོལ་བཏབ་ཆོ་གའི་རིམ། །དེང་འདིར་འགྲོ་བའི་དཔལ་དུ་མངོན་པར་སྤེལ། །
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མ།

ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མ། མཛད་པ་པོ། དགེ་བཤེས་འཆད་ཁ་བ་ (1101-1175) ༄༅། །སྙིང་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། དང་པོ། དང་པོ་སྔོན་འགྲོ་དག་ལ་བསླབ། ། གཉིས་པ། ཆོས་རྣམས་རྨི་ལམ་ལྟ་བུ་བསམ། ། མ་སྐྱེས་རིག་པའི་གཤིས་ལ་དཔྱད། ། གཉེན་པོ་ཉིད་ཀྱང་རང་སར་གྲོལ། ། ངོ་བོ་ཀུན་གཞིའི་ངང་ལ་བཞག །
བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་བྱེ་བྲག་པེ་ཧར་རྒྱལ་པོའི་སྐོར་གླེང་བ།

བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་བྱེ་བྲག་པེ་ཧར་རྒྱལ་པོའི་སྐོར་གླེང་བ།   རྩོམ་པ་པོ། གྲ་བཞི་མིག་དམར་ཚེ་རིང་།   [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་བྱེ་བྲག་པེ་ཧར་རྒྱལ་པོའི་བྱུང་བ་དང་། དེ་ནས་ཐོག་མར་བོད་བརྒྱུད་ནང་བསྟན་གྱི་སྲུང་མར་གྱུར་ཚུལ། དགེ་ལུགས་པའི་སྲུང་མར་བསྐོས་ཚུལ། པེ་ཧར་ཞེས་པའི་མིང་ཐོགས་ཚུལ། པེ་ཧར་རྒྱལ་པོའི་སྐུ་བརྙན་གྱི་ཁྱད་ཆོས་དང་། སྤྲུལ་པ། མིང་གི་རྣམ་གྲངས། དེ་བཞིན་པེ་ཧར་རྒྱལ་པོ་དང་འབྲེལ་བའི་དུས་མཆོད་བཅས་ཀྱི་སྐོར་བོད་ཡིག་གི་ཡིག་ཆ་གཙོ་བོར་ཁུངས་གཏུགས་ཏེ་དཔྱད་པ་བཏང་ཡོད། 
རྟ་ཚག་སྐུ་ཕྲེང་བཅུ་གཉིས་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱལ་མཚན་གྱིས་མཛད་པའི་ཞབས་བརྟན་གསོལ་འདེབས།

བྱམས་པའི་མགོན་གྱི་ལེགས་བཤད་མ་ལུས་པ། །ངག་གིས་འཆད་ལ་དབང་ཐོབ་དུས་ཀྱི་མཐར། །ཐུབ་དབང་བསྟན་པ་དར་ཞིང་རྒྱས་མཛད་པའི། །མཚུངས་མེད་རྗེ་བཙུན་བླ་མའི་ཞབས་བརྟན་ཤོག །མགོན་ཁྱེད་ཞབས་ཟུང་མི་ཤིགས་རྡོ་རྗེའི་ཁྲིར། །སྲིད་མཐར་བརྟན་ཅིང་རྣམ་དཀར་མཛད་བཟང་ཀུན། །བརྟན་དང་འགྲོ་བའི་དཔལ་དུ་ལེགས་གྱུར་ནས། །བར་གཅོད་བདུད་བཞིའི་གཡུལ་ལས་རྒྱལ་གྱུར་ཅིག །ཅེས་པའང་རྟ་ཚག་སྐུ་ཕྲེང་བཅུ་གཉིས་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱལ་མཚན་གྱི་སྦྱར་བའོ།།  །།     ཡོང་ཁུངས། https://library.bdrc.io/show/bdr: