བོད་གཞུང་ཚོང་དོན་ལས་ཁུངས་དང་མཐར་ཕྱིན་བྷ་བྷུ་ལགས།

བོད་གཞུང་ཚོང་དོན་ལས་ཁུངས་དང་མཐར་ཕྱིན་བྷ་བྷུ་ལགས།

༄། །མཁྱེན་ལྡན་ཡངས་པ་མཐར་ཕྱིན་བྷ་བུ་ལགས་རིན་པོ་ཆེར། འདི་ག་བོད་གཞུང་ཚོང་དོན་ལས་ཁུངས་ནས་བོད་ཚོང་ཆེ་ཆུང་རྣམས་ལ་ཕྱེ་ཀར་མོས་བསྙོམས་ཕྱོགས་བགོད་གནང་བའི་མིང་ཐོ་སྦྱར་ཤོག་ཁག་སྔོན་ཕུལ་ལྟར་གསར་འགྱུར་ཁག་གཉིས་ནང་ཐུགས་འཁུར་ཟབ་བཞེས་ཀྱིས་འགོད་གནང་ལེགས་བྱུང་འདུག་པས། ད་ལམ་གཏོང་མིན་མཚོན་བྱེད་ཞལ་འདེབས་དབྱིན་སྒོར་ལྔ་བརྒྱ་ཐམ་པ་ཟུར་ཕུལ་རྩིས་བཞཻས་ཡོད་པ་དགོངས་འཇགས་ཞུ། བོད་གཞུང་ཚོང་དོན་ལས་ཁུངས་ནས། ཟླ་ ༡༢ ཚེས་ ༡ ལ།

དཔྱད་མཆན། གོང་གསལ་ཡིག་ཚགས་ལས། ཕྱི་ལོ་ ༡༩༤༨ ཡས་མས་སུ་སྐུ་ངོ་ཞྭ་སྒབ་པས་གཙོས་བོད་གཞུང་ཚོང་དོན་ལས་ཁུངས་ཞེས་པ་འཛུགས་མྱོང་བ་དང་། ཚོང་དོན་ལས་ཁུངས་དེས་བོད་ཀྱི་ཚོང་དོན་དང་འབྲེལ་བའི་གནས་ཚུལ་སྐོར། ཀ་ལོན་སྦུག་ཏུ་གནས་གཞི་བྱས་པའི་ཁུ་ནུ་བ་མཐར་ཕྱིན་བྷ་བྷུ་ལགས་ཀྱིས་གཉེར་བའི་གསར་འགྱུར་མེ་ལོང་ནང་བོད་ཀྱི་ཚོང་དོན་སྐོར་གསར་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་གནང་འདུག་ལ། སླད་ཕྱིན་བོད་ཀྱི་ཚོང་དོན་སྐོར་སྔར་ལྷག་རྒྱ་གང་ཆེ་གསར་སྤེལ་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་འདུག

བརྒྱུད་སྐུལ།

6 བསམ་ཚུལ། “བོད་གཞུང་ཚོང་དོན་ལས་ཁུངས་དང་མཐར་ཕྱིན་བྷ་བྷུ་ལགས།

  1. བསྟན་འཛིན་དགེ་ལེགས། · བཟོ་བཅོས།

    ངོ་མཚར་ཁྱད་ཆོད་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་དྲ་གནས་འདི་འདྲ་ཞིག་གསར་གཏོད་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།

    ལན།
  2. ཨམ་ཅི་དབང་འདུས། · བཟོ་བཅོས།

    དུས་ལ་འཚམ་པའི་གནས་ཚུལ་གླེང་སྟེག་སྤུས་མ་ཞིག་འདུག་ན་བཀའ་དྲིན་ལེགས་གསོལ་ཞུ།།

    ལན།

མཆན་སྤེལ།