རོང་སྟོན་ཆེན་པོའི་རྣམ་ཐར་མདོར་བསྡུས་ངོ་མཚར་བང་མཛོད།

རོང་སྟོན་ཆེན་པོའི་རྣམ་ཐར་མདོར་བསྡུས་ངོ་མཚར་བང་མཛོད།

༄༅།།རོང་སྟོན་ཆེན་པོའི་རྣམ་ཐར་མདོར་བསྡུས་ངོ་མཚར་བང་མཛོད།

ཚུལ་ཁྲིམས་རྒྱལ་མཚན།

 

ཤེས་བྱ་ཀུན་གཟིགས་མཁས་པའི་རྣམ་དཔྱོད་དང་།  །ངོ་མཚར་གྲུབ་པའི་རོལ་རྩོད་དུ་མ་ཡིས། །ཤཱཀྱའི་བསྟན་པའི་རྒྱལ་མཚན་སྲིད་མཐའི་བར། །བསྒྲེངས་མཛད་དཔའ་ལྡན་འཕྲིན་ལས་བཟང་པོ་རྒྱལ། །དིར་འཕན་ཡུལ་ནཱ་ལེནྡྲའི་ཆོས་སྡེ་ཆེན་པོ་ཕྱག་འདེབས་པ་པོ་དཔལ་ས་སྐྱའི་བསྟན་འཛིན་གངས་ཅན་མཛེས་པའི་རྒྱན་བདུན་དུ་གྲགས་པའི་གཙོ་བོ། མདོ་ལ་མཁས་པ་གཡག་རོང་གཉིས་སུ་གྲགས་པའི་ཡ་གྱལ། རོང་སྟོན་ཤཱཀྱའི་རྒྱལ་མཚན་གྱི་རྣམ་ཐར་མདོ་བསྡུས་བྲི་བ་ལ། ཐོག་མར་སྤྲུལ་གཞི་གང་ལས་སྤྲུལ་པའི་ཚུལ་ནི། ངེས་དོན་དུ་རྒྱལ་ཚབ་བྱམས་པ་མགོན་པོའི་ཐུགས་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ཡིན་ཞིང་། དྲང་བའི་དོན་དུ་མཁས་གྲུབ་སྐྱེས་མཆོག་གྲངས་མེད་པའི་སྐུའི་སྐྱེ་བ་བཞེས་ནས། འཛམ་བུའི་གླིང་འདིར་བསྟན་འགྲོ་སྐྱོང་བའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པར་མཛད།

ཁྱད་པར་འཕགས་པའི་ཡུལ་དུ་མཁས་མཆོག་ཀཱ་མ་ཤཱི་ལ་དང་། གྲུབ་དབང་དམ་པ་རྒྱ་གར་བོད་གངས་ཅན་གྱི་ལྗོངས་འདིར་སྤྲུལ་པའི་ལོ་ཆེན་རྨ་རིན་ཆེན་མཆོག་དང་། གཞན་ཡང་རིན་པོ་ཆེའི་དབུ་ཐོད། རིང་བསྲེལ། སྐུའི་ཉེར་ཆས་དང་། ཇོ་བོ་རྗེའི་ཐུགས་དམ་གྱི་རྟེན་མཆོད་རྟེན་འཛམ་གླིང་རྒྱན་དང་། འདུལ་བ་འཛམ་གླིང་རྒྱན།འབུམ་འཛམ་གླིང་རྒྱན་སོགས་ཀྱི་རྟེན་མཆོག་བསམ་གྱིས་མི་ཁྱབ་པ་བཞུགས། ད་དུང་གསེར་ཟངས་ལས་གྲུབ་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་རྨང་གི་ཕྱོགས་བཞིར་སྐྱེས་བུའི་གཞུ་འདོམ་ལྔ་རེ་ཡོད་པ་ཞིག་ཀྱང་བཞེངས་པ་དེ་སྒོ་མང་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བ་སོགས་སློབ་མ་རྣམས་ཀྱིས་དགོངས་རྫོགས་རྒྱ་ཆེ་བ་བསྒྲུབས། དེ་ནས་བཟུངས་གསུམ་པའི་ལྔ་མཆོད་ཅེས་ལོ་ལྟར་ཟླ་བ་གསུམ་པའི་ཚེས་ཉེར་ལྔ་ལ་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་སྡེ་ཚང་མས་མཉམ་མེད་སྐྱོབ་པ་རིན་པོ་ཆེའི་དགོངས་རྫོགས་སུ་མཆོད་སྤྲིན་འབུམ་བ་དང་གོས་སྐུ་བཤམས་པ་སོགས་བྱས་ནས་རྗེས་དྲན་ཞུ་བཞིན་ཡོད་པའོ།།

 

ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་ཆོས་ཀྱི་རྗེ།།
རྟེན་འབྲེལ་གནས་ལ་དབང་སྒྱུར་འབྲི་གུང་པ།།
རིན་ཆེན་དཔལ་གྱི་བསྟན་པ་སྲིད་མཐའི་བར།།
བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག།
བཅོམ་ལྡན་རོགས་པའི་རལ་གྲི། རྗེ་དུས་གསུམ་མཁྱེན་པ་སོགས་ཀྱི་སྐུ་སྐྱེ་ཡིན་པ་ནོ། །ཨོ་རྒྱན་སངས་རྒྱས་གཉིས་པ། གྲུབ་ཆེན་ཉག་བྲེ་སེ་བོ། ལྷོ་བྲག་ཕྱག་རྡོར་གྲུབ་ཆེན་སོགས་ཀྱི་རྡོ་རྗེའི་ལུང་གིས་བསྔགས་ཤིང་རང་གི་རྣམ་པར་ཐར་པ་དུ་མའི་སྒོ་ནས་གསལ་བར་གྲུབ་བོ། ད་ལྟའི་སྐུ་ལུས་འདི་འཁྲུངས་ཤིང་བསྟན་ལ་ཞུགས་པའི་ཚུལ་ནི། ཤར་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་ཡབ་བོན་པོ་གེ་གོད་རྒྱལ་པོ་དང་། ཡུམ་རྒྱ་གར་སྨན་ཞེས་བྱ་བའི་སྲས་སུ་རབ་བྱུང་དྲུག་པའི་མེ་མོ་ལུག་﹙1367﹚ལོར་འཁྲུངས། ཡབ་ཀྱི་ཆོས་ལ་སྦྱངས་ཤིང་ལུགས་དེ་ལ་བརྟེན་པའི་འཕྲིན་ལས་ཀྱང་དུ་མ་མཛད། དེ་ནས་དགུང་ལོ་བཅོ་བརྒྱད་གཞེས་པའི་ཚེ་བོད་ཡུལ་དབུས་སུ་བྱོན་ཏེ་གསང་ཕུ་ནེའུ་ཐོགས་ཀྱི་ཆོས་གྲར་ཕེབས་གླིང་སྟོད་པ་རིན་ཆེན་རྣམ་རྒྱལ་གྱི་དྲུང་དུ་བྱང་སེམས་ཀྱི་སྡོམ་པ་བཞེས་གྲོ་ས་མཁན་ཆེན་ལས་བསྙེན་པར་རྫོགས། མཚན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོར་གསོལ་བར་མཛད། བཤེས་གཉེན་བསྟེན་ཅིང་ཐོས་བསམ་མཛད་པའི་ཚུལ་ནི། མཁན་སློབ་དེ་དག་དང་། འཕགས་ཡུལ་གྱི་པཎ་ཆེན་ནགས་ཀྱི་རིན་ཆེན་སོགས་མཁས་གྲུབ་ཀྱི་བླ་མ་བཅུ་ཕྲག་དུ་མ་བསྟེན་ནས་བོད་ཡུལ་དུ་གྲགས་པའི་བཀའ་དང་བསྟན་བཅོས་མདོ་སྔགས་རིག་གནས་བཅས་པ་ཐུགས་སུ་ཆུབ་པར་མཛད། ཁྱད་པར་ཚེ་རབས་ལས་ཀྱི་བླ་མ་ནི་གཡག་སྟོན་སངས་རྒྱས་དཔལ་ཡིན་ཏེ། བླ་མ་དེ་ཉིད་ཡར་ཀླུང་བྱ་སའི་གཙུག་ལག་ཁང་དུ་ཕེབས་པ་གསན་པའི་ཚེ་སྔོན་གྱི་བག་ཆགས་བཟང་པོའི་སྟོབས་ཀྱིས་ཐུགས་ལ་དད་སྤྲོ་དཔག་ཏུ་མེད་པ་འཁྲུངས་ཏེ། ཨ་ལ་ལ་ཧོ་སོགས་གསུངས་ཤིང་། དེ་མ་ཐག་མཇལ་བར་བྱོན་པ། དེའི་ཚེ། སངས་རྒྱས་རྣམས་ལ་ལྷག་པར་བྱས། དེ་ལ་དགེ་བའི་རྩ་བ་བསྐྲུན། དགེ་བའི་བཤེས་ཀྱི་མགོན་བཅས་པ། འདི་ཉན་པ་ཡི་སྣོད་ཡིན་ནོ། །ཞེས་དང་ཡུམ་འདི་གང་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའོ། ཞེས་འཆད་པའི་སྐབས་དང་འགྲིགས་པས་དཔོན་སློབ་གཉིས་ཀ་ཐུགས་ཤིན་ཏུ་དགྱེས། སྐུ་སྐྱེ་བ་དཔག་ཏུ་མེད་པའི་དགེ་བའི་བཤེས་གཉེན་གྱི་ངེས་པ་ཐུགས་ལ་འཁྲུངས་མཁས་གྲུབ་དམ་པ་དེ་ཉིད་ལས་གསུང་རབ་མཐའ་དག་དང་། ཁྱད་པར་ཡུམ་རྒྱས་འབྲིང་བསྡུས་པ་དྲུག་དང་། ཚད་མ་མདོ་དང་། རྣམ་འགྲེལ། གཏན་ཐིགས་རྩོད་རིགས། རིགས་གཏེར་སོགས་ཕར་ཚད་ཀྱི་མདོ་དང་བསྟན་བཅོས་འགྲེལ་པ་དང་བཅས་གསན་ནས་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པར་མཛད་དོ། མཁས་བཙུན་བཟང་པོའི་ཡོན་ཏན་ལ་མངའ་བརྙེས་པའི་ཚུལ་ནི། ཆོས་གང་དང་གང་ཐོས་པ་དེ་དག་གི་ཚིག་གི་ཆ་ལ་ཤིན་ཏུ་བྱང་བར་མཛད་པས་མཐར་དགུང་ལོ་བརྒྱད་ཅུ་གྱ་གསུམ་གཞེས་པའི་ཚེ་ཡང་། གཞུང་ཆེན་པོ་དག་ཀྱང་ཐུགས་ཐོག་ནས་གསུང་བ་ལ་ཐོགས་པ་མེད་པ་དང་། ཕལ་ཆེར་ཚིག་ཐུགས་སུ་ཆུད་མ་ཐག་དོན་མཁྱེན་ཅིང་། དོན་མ་མཁྱེན་པ་དེ་སྲིད་དུ་ཚིག་ཙམ་གྱིས་ཆོག་པར་མི་མཛིན་པས་གཞུང་ལུགས་གང་འཆད་ཀྱང་དེའི་སྙིང་པོའི་དོན་ནི་འདི་ཡིན་ནོ་ཞེས་སྟོན་པ་ལ་མཚུངས་པ་མེད་ཅིང་། འཆད་རྩོད་རྩོམ་གསུམ་གྱི་མཛད་པ་གང་མཛད་ཀྱང་ཚིག་ལ་མ་འཆེལ་བར་དོན་ཁོ་ན་གཙོ་བོར་མཛད་པས་ཚིག་དོན་གཉིས་ཀ་ལ་མཁས་པའི་མཐར་ཐུག་པ་ཡིན། མཁས་པའི་ཕྱག་རྗེས་སུ་སྡོམ་པ་གསུམ་གྱི་བཅས་པ་མཐའ་དག་ལས་སྐད་ཅིག་ཀྱང་ཉམས་པ་མེད་པར་སེམས་ཅན་གྱི་དོན་དུ་བསྟན་པའི་བྱ་བ་འབའ་ཞིག་མཛད། ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་ཆུང་བ། ཞེས་པ་ལྟར་མཚན་མོ་ཞི་ལྷག་ཟུང་འབྲེལ་གྱི་རྣམ་འབྱོར་ལ་གཡེལ་བ་མེད་ཅིང་། ཉིན་མོ་འཆད་རྩོད་རྩོམ་གསུམ་བྱ་བས་དུས་འདའ་བས་མཐོ་དམན་ཐམས་ཅད་ལ་བྱམས་ཤིང་། གཞན་ལ་གནོད་པ་དང་། ཐོ་འཚམས་པ་དང་། ཕྲག་དོག་གི་རྣམ་པ་ཅུང་ཟད་ཀྱང་མི་མངའ་བ། རྙེད་བཀུར་ཆེ་ཐབས་ཀྱི་རྩོལ་སྒྲུབ་མི་མཛད་པས་མི་གཞན་དག་གིས་བླ་མ་ཁོང་ལ་མི་ཆོས་མེད་ཅིང་འཇིག་རྟེན་མི་མཁྱེན་ཟེར། རྗེ་འདི་བཞུགས་པའི་ས་ཕྱོགས་སུ་ནད་མུག་འཁྲུག་རྩོད་མི་འབྱུང་ཞིང་། ཡོན་བདག་རྣམས་ལ་བཀྲ་ཤིས་དགེ་མཚན་ཁོ་ན་འབྱུང་། གྲྭ་བུ་སློབ་རྣམས་ངང་གིས་འདུ་བ་ལ་བར་ཆད་གང་ཡང་མེད། ཆོས་འཆད་ཉན་མཛད་ནས་མྱ་ངན་ལས་འདའ་ཀའི་བར་སྐུ་ལ་བསྙུང་བའི་ཚུལ་བསྟན་པ་ཉིན་གཅིག་ཙམ་ཡང་བྱུང་མ་མྱོང་བ་ཀུན་གྱི་མཐུན་སྣང་དུ་གྲུབ། དེབ་སྔོན་ལས། རྗེ་འདིའི་རྣམ་ཐར་སྐབས། སྨོན་ལམ་ལ་དབང་བས་གནས་འདིར་གཞི་བདག་དང་ཐུག་ཅེས་བྱ་བའམ། དཔོན་སློབ་ནད་ཡམས་ཀྱིས་གཙེར་བྱ་བ་བར་ཆད་ཀྱི་ཚོགས་གང་གིས་ཀྱང་མི་ཚུགས། རྫས་དང་ཡོ་བྱད་ལ་ཆགས་པ་ནི་ཅུང་ཟད་ཀྱང་མི་མངའ། སློབ་མ་རྣམས་ལ་ཡང་། བྲེ་རེ་བྲེ་དོའི་རྩིས་གདབ་བྱེད་པ་དགེ་བཤེས་ཀྱི་ལུགས་མ་ཡིན། དགེ་བཤེས་ཁྱབ་པ་ལ་རྩིས་གདབ་བྱེད་དགོས་པ་ཡིན་གསུངས། ཞེས་དང་། ཡང་སློབ་མ་ནང་དག་པ་རྣམས་ལ་ཐོག་མ་མེད་པའི་འཆིང་བ་འདི་རྣམས་ཀྱིས་ཆོག རང་གི་ཡིད་ལ་ཇི་ལྟར་བདེ་བའི་གྲུབ་མཐའ་བཟུང་བས་ཆོག་གསུངས། ཞེས་འབྱུང་ངོ་། འཆད་རྩོད་རྩོམ་པས་བསྟན་པའི་སྤེལ་བའི་ཚུལ་ནི། དགུང་ལོ་ཉེར་གཉིས་པ་ལ་ཚད་མ་རྣམ་ངེས་འཆད་པ་ནས་བརྩམས་ཏེ་མྱ་ངན་ལས་འདས་པའི་བར་ཉིན་རེ་ལ་ཐ་ན་སློབ་མ་གཅིག་ཙམ་ལ་ཡང་གཙུགས་ལག་གི་ཚིགས་སུ་བཅད་པ་གཅིག་ཡན་ཆད་ཀྱི་ཆོས་ཀྱི་སྦྱིན་པ་མཛད་པར་དམ་བཅས་ཏེ། དབུས་གཙང་གཉིས་སུ་ཆོས་ཁྲི་བརྒྱ་དང་ཉི་ཤུ་རྩ་བརྒྱད་ཀྱི་སྟེང་ནས། མཚན་ཉིད་ཐེག་པའི་གཞུང་ཆེན་དྲུག་ཅུས་གཙོས་མདོ་སྔགས་རིག་གནས་དང་བཅས་པ་ཡུལ་དུས་ཀྱི་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་བསྟན་པས་གསུང་ལས་སྐྱེས་པའི་སློབ་མའི་གཙོ་བོ་སུམ་ཅུ་རྩ་བརྒྱད་ལ་སོགས་པས་གཙོས་སྡེ་སྣོད་འཛིན་པ་དྲུག་སྟོང་ཙམ་སྐྱོང་བར་མཛད་དེ་གངས་ཅན་ན་འཆད་ཉན་གྱི་རྒྱུན་མ་ཆད་པར་མཛད་པ་ལ་བདག་ཉིད་ཆེན་པོ་འདི་ལས་རྒྱུན་རིང་བ་སུ་ཡང་བྱུང་བ་དཀའ། དེབ་སྔོན་ལས་ཀྱང་། ཨར་བྱང་ཆུབ་ཡེ་ཤེས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པའི་འཕྲོ་ལ་གཤེགས་འདུག ང་ཡང་སློབ་མས་སྤུར་ཆོས་ཁྲིའི་ཁ་ནས་གདན་འདྲེན་པ་ཞིག་བྱེད་པ་ཡིན་གསུངས། ཞེས་དང་། ཆོས་ཁྲིའི་ཁ་ནས་སྤུར་སྤྱན་འདྲེན་པ་མ་བྱུང་ཡང་། ཞི་བར་གཤེགས་པ་དང་། ཆོས་འཕྲོ་བཅད་པའི་བར་ལ་ཉིན་ཞག་གཉིས་ལས་མེད་ཅེས་སོ། རྩོད་པ་མཛད་པ་ནི། དབུས་གཙང་གི་གྲྭ་ས་ཆེན་པོ་རྣམས་སུ་གཞུང་པོ་ཏི་བཅུ་ལ་གྲྭ་བསྐོར་མཛད་པའི་ཚེ། ལན་འདེབས་པ་པོ་རྣམས་རྩོད་པས་ཟིལ་གྱིས་གནོན་པས་རྩོད་པའི་ཁྱུ་མཆོག་ཏུ་གྲགས་ཤིང་། དེའི་ཚེ་རོང་སྟོན་སྨྲ་བའི་སེངྒེ་ཞེས་པའི་མཚན་གསོལ། གསུང་རྩོམ་མཛད་པ་ནི། དགུང་ལོ་ཉེར་གཉིས་པའི་དུས་སུ་ཚད་མ་རྣམ་ངེས་ཀྱི་འགྲེལ་པ་རྟོག་གེའི་སྣང་བ་མཛད། དེ་ནས་སྔ་ཕྱིར་འབུམ་གྱི་འགྲེལ་པ་རྒྱས་བསྡུས་གཉིས་ལ་སོགས་པ་གཞུང་ཆེན་བཞི་བཅུ་ཞེ་གཅིག་གི་རྣམ་བཤད་ཀྱིས་གཙོས་ཆོས་ཚན་སུམ་བརྒྱ་ལྔ་བཅུའི་གྲངས་སུ་བརྩམས་པར་མཛད་དོ། །བསྟན་པའི་གནས་གཞི་དགོན་གནས་སྐྱོང་བའི་ཚུལ་ནི། རྗེ་ཉིད་ཀྱིས་སྙེ་ཐང་འོར་དུ། ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་གདན་སའི་མིང་འདོགས་དང་། བདེ་བ་ཅན་གྱི་ཆོས་གྲྭའི་ཟུར་ཆེན་སྦྲགས་པ་ལོ་གསུམ་མཛད་པར་གྲགས་པ་དང་། བྱམས་ཆེན་ཆོས་སྡེ་འདེབས་པའི་ཆོས་དཔོན་ལ་གདན་དྲངས། དགོན་པ་འདེབས་པའི་སྒྲིག་ཚམས་མཛད་ཅིང་། བྱེ་བྲག་ནཱ་ལེནྡྲ་ཕྱག་བཏབ་པའི་ཚུལ་ནི་དེ་ཉིད་ཀྱི་ལོ་རྒྱུས་རྒྱས་བསྡུས་རྣམས་སུ་གསལ་ལོ། །ལྷག་པའི་ལྷ་ཞལ་གཟིགས་པའི་ཚུལ་ནི། གསང་ཕུའི་མི་གཡོ་ཕུག་དང་། འཇམ་དབྱངས་ཕུག་པར་རེ་མོས་ཀྱིས་བཞུགས་པའི་ཚེ་ལྷག་པའི་ལྷ་དེ་གཉིས་ཀྱི་ཞལ་གཟིགས་ཤིང་། ཐུགས་རྒྱུད་ལ་ཐིམ་པའི་སྣང་བ་བྱུང་བ་དང་། ནཱ་ལེནྡྲའི་ཆོས་ཁྲིའི་སྟེང་ཐད་ཀྱི་ནམ་མཁའ་ལ་རྗེ་བཙུན་བྱམས་པའི་ཞལ་མངོན་སུམ་གཟིགས་པ་དང་། གཞན་ཡང་སངས་རྒྱས་ལ་བྱང་སེམས་ཀྱིས་བསྐོར་བ་མང་དུ་གཟིགས། མཚན་ལམ་དུ་སློབ་དཔོན་ལེགས་ལྡན་འབྱེད། ཕྱོགས་ཀྱི་གླང་པོ། བཅོམ་ལྡན་རིགས་པའི་རལ་གྲི། ཀུན་མཁྱེན་གཡག་སྟོན་ཆེན་པོ་སོགས་ཀྱིས་ཞལ་བསྟན་ནས་བསྟན་བཅོས་རྩོམ་པ་ལ་ལེགས་སོ་བྱིན་པ་དང་། ལུང་བསྟན་པ་མང་། ཁྱད་པར་ནཱ་ལེནྡྲར་ཐོ་རངས་ཀྱི་དུས་ཤིག་ཏུ། ཁ་ཆེ་པཎ་ཆེན་དངོས་སུ་བྱོན་ནས། བདེ་མཆོག་དཀར་པོའི་བྱིན་རླབས་དང་ཚེ་སྒྲུབ་གནང་། མགོན་པོ་གླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གླེགས་བམ་དབུ་ཐོག་ཏུ་བཞག་ནས་བྱིན་གྱིས་བརླབས་སོ་ཞེས་ཐུགས་སྲས་ནམ་མཁའ་དཔལ་ལྡན་ལ་གསུངས་ཏེ། མདོར་ན་རྗེ་ཉིད་ཀྱི་ཞལ་ནས། །སྐྱེ་མེད་ཀྱི་དོན་རྟོགས་ན་ལྷག་པའི་ལྷས་ཞལ་སྟོན་པ་ཡིན་དེའི་ཚེ་ན་ལྷ་ལ་མང་ཉུང་མེད། ཅེས་གསུངས་པ་བཞིན་ནོ། མངོན་ཤེས་དང་གྲུབ་པའི་རྟགས་བསྟན་པའི་ཚུལ་ཡང་། ལྷ་འབྲི་སྟོན་པ། གོ་བོ་རབ་འབྱམས་པ། ཀུན་མཁྱེན་དགའ་བ་གདོང་པ་གསུམ་ལ། བྱ་བ་དང་བྱ་བ་མ་ཡིན་པའི་རྣམ་དབྱེ་ཐམས་ཅད་རྗེ་ཉིད་ལ་གསོལ་བ་བཏབ་ན་རྨི་ལམ་དུ་ལུང་སྟོན་གྱིན་ཡོད་ཅེས་ཁོང་གསུམ་གྱིས་ཞལ་གྱིས་བཞེས་པས་མཚོན་དད་པ་ཐོབ་པའི་སློབ་མ་རྣམས་ལ་ལྐོག་གྱུར་ལུང་བསྟན་པ་ཤིན་ཏུ་མང་། ཡར་འབྲོག་གཡུ་མཚོའི་སྟེང་ཆུ་ལ་མི་བྱིང་བར་ལིང་ལིང་ལྡིང་བ། དེ་བཞིན་རྡོ་ལ་ཞབས་རྗེས་གསལ་བར་བཞག་པ་ད་ལྟ་ཡང་མཇལ་རྒྱུ་ཡོད། རྟེན་འབྲེལ་ལ་མངའ་བརྙེས་ཤིང་ནུས་པ་ཐོབ་པ་དང་། བདེན་ཚིག་མཐའ་དག་གྲུབ་ཅིང་ཆོས་སྐྱོང་དམ་ཅན་བྲན་བཞིན་འཁོལ་བས་འཕྲིན་ལས་ཐམས་ཅད་འགྲུབ། གསང་ཕུའི་ཆོས་གྲྭར་རྗེ་ཉིད་ཀྱིས་མཛད་པའི་འབུམ་འགྲེལ་འཆད་པའི་ཚེ་མེ་ཏོག་གི་ཆར་ཟླ་བ་གཅིག་གི་བར་དུ་བབས་པ། ཁྱད་པར་བརྒྱ་བྱིན་གྱི་ལེའུ་དང་། རྩེ་སྦྱོར་གྱི་ཐད་ཀྱི་མདོ་གསུངས་པའི་ཚེ། འཇའ་འོད་ཀྱི་གུར་ཁྱིམ་རྗེ་ཉིད་ཀྱི་ཆོས་གྲྭའི་ཚད་དང་མཉམ་པར་ཕུབ། མེ་ཏོག་གི་ཆར་པ་ལག་པས་གཟུང་ཐུབ་པ་ཆོས་གྲྭ་དེ་ཉིད་དུ་ལྷག་པར་བབས་པས་ཐམས་ཅད་དད་པའི་གནས་ལ་བཀོད་དོ། །སྐྱེ་འཆི་ལ་རང་དབང་ཐོབ་པའི་ཚུལ་ནི། དེབ་སྔོན་ལས། སྡེ་སྣོད་འཛིན་པ་དགེ་བ་རྒྱལ་མཚན་གྱིས།ངའི་རྨི་ལམ་ལ་ད་ལོ་སྐུ་ཆག་ཆེ་བས་ཐུགས་དམ་དང་སྐུ་རིམ་གནང་དགོས་ཞུས་པ་ལ་ང་སློབ་དཔོན་དགེ་རྒྱལ་གྱི་མོ་མིག་ཏུ་མི་ཚུད། རྐྱེན་ཅི་བྱུང་ཡང་ལོ་བརྒྱད་ཅུ་རྩ་གསུམ་དུ་སྡོད་གསུངས། གསུངས་པ་ཇི་བཞིན་བརྒྱད་ཅུ་རྩ་གསུམ་པ་ས་མོ་སྦྲུལ་ལ་ཞི་བར་གཤེགས་ དགུང་ལོ་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པའི་ཚེ། ཉེ་གནས་ཆེན་མོས། རྗེ་ཉིད་ཀྱི་གསེར་སྐུ་རྩེ་ཁྲུ་གང་པ་ཞིག་བཞེངས། ཕྱག་ཏུ་ཕུལ་བས་འདི་ལ་ཁོ་བོ་ལོ་གསུམ་སྡོད་པའི་རྟེན་འབྲེལ་བྱེད་གསུངས་པ་དེ་ལྟར་བྱུང་། ནམ་མཁའ་དཔལ་ལྡན་བསྙེན་རྫོགས་བསྒྲུབ་རྒྱུ་རེ་ཞིག་འགྱངས་ནས་ཡོད་པ་ལ། དགེ་བཤེས་བསོད་ནམས་དཔལ་འཕེལ་བཏང་ནས། བསྙེན་རྫོགས་བྱེད་ན་རན་ནས་ཡོད་མྱུར་བར་ཤོག་གསུངས། ཚེས་བརྒྱད་ལ་བསྙེན་རྫོགས་གནང་ནས། བཅུ་བཞི་ལ་ཞི་བར་གཤེགས། ཆོས་བར་ལ་བྱོན་པ་རྣམས་ལ་ཚེས་བཅུ་བཞིའི་བར་སྡོད་མང་ཇ་མང་པོ་འོང་གསུང་བ་བཞིན་བྱུང་བ་སོགས་ཤིན་ཏུ་མང་ངོ་། །མཛད་པ་མཐར་ཕྱིན་ནས་ཞི་བར་གཤེགས་པའི་ཚུལ་ནི། ས་སྦྲུལ་﹙1449﹚ལོའི་དགུན་ཆོས་ཚུགས་རན་པ་ན་ཉེ་གནས་རྣམས་ཀྱིས་ད་ལོ་དགུན་ཆོས་ལ་ཆོས་ཁྲིའི་ཁར་ཐེགས་པ་འོ་བརྒྱལ། གསུང་ཆོས་རྒྱ་དཀར་ནས་གནང་བ་ཐད་ལགས་ཞུས་པས། བསྟན་པའི་བྱ་བ་ལ་འོ་བརྒྱལ་ན་བརྒྱལ་ཟིན། ཁོ་བོ་ཆོས་ཁྲིའི་སྟེང་དུ་འགྲོ། བཅོམ་ལྡན་རལ་གྲི་ཡང་ཆོས་ཁྲིའི་ཐོག་ཏུ་གྲོངས་པ་ཡིན་གསུངས། དེ་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་བཟུང་མཚན་མོ་ས་གཡོས། གཟིམ་ཁང་ལ་མཚན་མོ་འཇའ་དཀར་པོ་ཟུག་པ་ཞག་འགའ་བྱུང་། ཐོ་རེངས་ཀྱི་དུས་སུ་གླུ་ལེན་གྱིན་གཟིམ་ཁང་ལ་བསྐོར་བ་བྱེད་པ་རྗེས་མི་ཟིན་པ་འགའ་ཞིག་སྣང་ཞིང་། མེ་ཏོག་གི་ཆར་ས་ལ་མི་འབབ་བར་སྣང་ལ་ལྡིང་བ་མང་པོ་བྱུང་། ཚེས་བཅུ་གཉིས་ཉིན་ཆོས་ཁྲིའི་སྟེང་ཕེབས། དེའི་ཉིན་གསུང་ཆོས་ནི་མངོན་རྟོགས་རྒྱན། རྟེན་གྱི་བསེ་རུ་ལྟ་བུའི་ལམ། ཞེས་པའི་མདོ་ཚན་པ་གཉིས་དང་། རྒྱུད་བླ་མ། ཇི་ལྟར་ནམ་མཁའི་མཐའ་ཀླས་ཀྱི། འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། ཐོགས་མེད་བློ་ལྡན་དེ་ཡིས་ནི། སེམས་ཅན་དོན་ནི་ཡང་དག་འཇུག ཅེས་སོགས་ཤོ་ལོ་ཀ་གསུམ་གསུངས། དེ་ནས་སློབ་མ་ཐམས་ཅད་ལ། འཆད་ཉན་དགོས་ཚུལ། དགོན་པ་སྐྱོང་ལུགས་སོགས་ཞལ་ཏ་ལེགས་པར་གནང་། ཚེས་བཅུ་གསུམ་ལ་སློབ་དཔོན་འཆད་ཉན་པ་ཐམས་ཅད་སྐུ་མདུན་དུ་གསོལ་ཇ་ལ་སྤྱན་དྲངས། ཀུ་རེ་དང་བཞད་གད་མང་དུ་མཛད། ཁོ་བོ་ཤི་ན་པགས་པ་དང་ཆུ་སེར་ཡང་རིང་བསྲེལ་དུ་འགྲོ་གསུངས། དེ་ནས་དགོང་མོ་ཐུགས་དམ་དང་གཏོར་མའི་རིམ་པ་རྣམས་མཛད། མཁན་ཆེན་པ་﹙གཡག་སྟོན་སངས་རྒྱས་དཔལ་﹚ཡང་བྱོན་འདུག གཞན་ཡང་མང་པོ་འོང་གིན་འདུག་གསུང་བ་སོགས་དག་སྣང་དུ་མ་གསུངས་དེའི་ཐོ་རེངས་དེ་ཉིད་དུ་དགའ་ལྡན་གྱི་གནས་སུ་བདེ་བར་གཤེགས་སོ།། སྐུ་གདུང་རིན་པོ་ཆེ་ནོར་བུ་དབྱིག་ཏུ་གྱུར་ཅིང་སྔར་སློབ་མ་རྣམས་ལ་ཕྱག་ཞབས་ཀྱི་སེན་མོ་གནང་བ་རྣམས་ཉ་ཕྱིས་ཀྱི་རང་བཞིན་དུ་གྱུར་པ་དང་། ཚེམས་གནང་བ་སྤོས་ཤེལ་ལྟར་གྱུར་ནས་རིང་བསྲེལ་བརྒྱ་ཕྲག་འཁྲུངས་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་པ་མངའ་བས་ན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། མི་ཕམ་ཞལ་གྲུབ་གྲུབ་པའི་སར་བཞུགས་པས། ཀུན་གྱི་ཡོངས་འཛིན་འཛིན་མའི་ཁྱོན་དག་ཏུ། གཞན་ལས་རབ་འཕགས་འཕགས་པའི་ཐུགས་མངའ་བ། ཀུན་མཁྱེན་རོང་སྟོན་སྟོན་པའི་རྒྱལ་ཚབ་ཡིན། ཞེས་བསྔགས་པ་ལྟར་རོ།།
སླར་སྨྲས་པ། གང་གི་རྣམ་ཐར་ཐར་པའི་སྙིང་པོ་ཅན། གྲངས་མེད་ཞིང་དུ་དུ་མ་སྟོན་པ་རྣམས། མ་ལུས་འགྲོ་ཀུན་ཀུན་མཁྱེན་ལྗགས་ཐོབ་ནས། བརྗོད་ཀྱང་ཕ་མཐའ་མཐའ་དག་རྫོགས་མི་འགྱུར། རང་གཤིས་སྒྲོ་སྐུར་སྤངས་པའི་རྣམ་ཐར་འགའ། རང་བཞིན་གཟུར་གནས་མཁས་པའི་ལེགས་བཤད་ལས། རང་གཞན་དད་པའི་གསོས་སུ་ཚུལ་རྒྱན་པས། རང་བཟོ་སྤངས་ཏེ་མདོར་བསྡུས་འདི་བྲིས་དགེ།

བརྒྱུད་སྐུལ།

མཆན་སྤེལ།