བཙན་པོའི་སྐབས་ཀྱི་ཡིག་མཁན་བརྒྱད་ལ་བསྟོད་པ།

བཙན་པོའི་སྐབས་ཀྱི་ཡིག་མཁན་བརྒྱད་ལ་བསྟོད་པ།

རྩོམ་པ་པོ། བདེན་སྟོབས། 

 

ཀེ་ལ་ཤ་ཡིས་བསྐོར་བའི་བསིལ་ལྡན་ལྗོངས། །

བཙན་པོ་སྲོང་བཙན་ཞེས་པ་མི་ཡི་རྗེ། །

ཡིག་མཁན་ཐོག་མར་དྲིན་ཆེན་ཐུ་མི་ཡིས། །

སྦལ་ནག་ན་ལ་བགྲད་འདྲ་ངོ་མཚར་ཆེ། །

འཛམ་གླིང་ཡང་རྩེའི་བྷོ་ཊའི་ཞིང་ཁམས་འདིར། །

བོད་རྒྱལ་མང་སྲོང་སྐུ་ཚེ་ཐུང་ན་ཡང་། །

ཡིག་མཁན་ཆ་ངར་རིན་ཆེན་འབར་གྱི་ཡིས། །

སོ་ཕག་གཤིབ་འདྲའི་ལེགས་སྐྱེས་ཕུལ་དུ་བྱུང་། །

གོ་ལ་ཟླུམ་པོ་ལྷ་ལྡན་ཡང་རྩེ་གྲགས། །

དབོན་སྲས་འདུས་སྲོང་མང་པོ་རྗེ་ཡི་སྐབས། །

ཡིག་མཁན་ཆབ་དཀར་བུམ་ཚེ་དྲིན་ཆེན་ལཌ། །

བྱ་ཕོ་འཇོལ་འདྲའི་ཡིག་གཟུཌ་ཨེ་མ་རྨད། །

སུམ་རྩེན་གནས་ཡུལ་མཚུངས་པའི་གངས་ཅན་ཡུལ། །

རྒྱལ་པོ་ཨག་ཚོམ་མཁར་ལྔ་བཞེངས་སྲོལ་གྲཌ། །

ཡིག་མཁན་དགེ་བསྙེན་དཀོན་མཆོག་ངག་དབང་གིས། །

ནས་སྔོན་ཕྱིང་དཀར་སྟེང་དུ་བཀྲམ་འདྲ་སྤུད། །

དལ་འཛིན་ས་ལ་འཕོས་པ་སཱ་ལའི་ལྗོངས། །

སུམ་གཉིས་བཙན་པོ་ཁྲི་སྲོང་ཞེས་སུ་གྲཌ། །

ཡིག་མཁན་བྷ་ཤོར་མཇལ་དར་གོས་ཀྱིས་བསྟོད། །

མུ་ཏིག་བསྟར་ལ་བརྒྱུས་འདྲར་སྙིང་ནས་འདུད། །

ས་འཛིན་ངོ་མཚར་ཆེ་བ་ཆོལ་གསུམ་གླིང་། །

བོད་རྒྱལ་མུ་ནེ་བཙན་པོ་སྲིད་སྐྱོང་སྐབས། །

ཡིག་མཁན་ཚེ་སྤོང་བྱང་ཆུབ་ཐུགས་རྗེ་འོད། །

སྦུར་ནག་ན་ལ་བགྲད་འདྲ་སྙིང་ནས་མཆོད། །

ལུགས་གཉིས་ཟུང་སྦྲེལ་བྱེད་པའི་བོད་ཡུལ་ཁམས། །

ཆོས་རྒྱལ་མུ་ཏིག་ལྷ་ཡི་སྲས་སུ་གྲགས། །

ཡིག་མཁན་འབྲེ་བ་ཡོན་ཏན་བརྗིད་ཅིང་བརླིང་། །

ཉ་མོ་ཆུ་ནང་ཕྱུང་འདྲ་ཁྱད་དུ་འཕགས། །

ཧི་མ་ལ་ཡའི་མུ་ཁྱུད་གནའ་གྲོང་ན། །

ཆོས་རྒྱལ་རལ་པ་ཅན་གྱི་སྐུ་དུས་སུ། །

ཡིག་མཁན་གྲ་ཤོད་རྣམ་གཉིས་གངས་ཅན་རྒྱན། །

སེང་གེ་གནམ་ལ་འཕྱོངས་འདྲ་བླ་ན་མེད། །

བོད་རྒྱལ་ལོ་༢༡༤༤ལོའི་དབོ་ཟླའི་དཀར་ཕྱོགས་སྟོང་དང་པོའི་ཉིན་སློབ་བུ་ཐ་ཤལ་བདེན་སྟོབས་ཀྱིས་དབུས་གནའ་བོའི་ལྷ་ལྡན་སྤོས་ངད་ལྡན་པའི་གྲོང་ནས་བྲིས།

ཡོང་ཁུངས། སུམ་པའི་རིག་གནས།

བརྒྱུད་སྐུལ།

མཆན་སྤེལ།