པན་ཆེཎ་སྐུ་ཕྲེང་དགུ་པའི་རྣམ་ཐར་མདོར་བསྡུས་དང་སྐུ་པར་རྩ་ཆེན།

པན་ཆེཎ་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་ལེགས་རྣམ་རྒྱལ་དཔལ་བཟང་པོ།

རྣམ་ཐར་མདོར་བསྡུས། 
    དྭགས་པོ་ཀ་ཤར་ཡུལ་དུ་ཡབ་རྟ་མགྲིན་དང་ཡུམ་བམ་ཆོས་མཚོ་མོ་གཉིད་ཀྱི་སྲས་སུ་རབ་ཆུང་བཅོ་ལྔ་པའི་ཆུ་ལུག(1882)ལོའི་བོད་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་སྐུ་གཏམས། ལྷ་ལྡན་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་གསེར་བུམ་དཀྲུགས་ཏེ་པཎ་ཆེན་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་ཞུས། ས་བྱི(1888)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་ཞེས་པའི་མཚན་གསོལ།

 

 

ཆུ་འབྲུག(1892)ལོར་བཀྲས་ལྷུན་གདན་སའི་ཁྲི་ཐོག་ཏུ་ཕེབས། ཆུ་སྟག(1902)ལོར་ལྷ་ལྡན་གཙུག་ལག་ཁང་དུ་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རབ་ཆུང་བཅོ་ལྔ་པའི་ཤིང་འབྲུག(1904)ལོར་དབྱིན་ཇིའི་དམག་ལྷ་སར་འབྱོར་བའི་ཕྱི་ལོ་དབྱིན་ཇིས་གདན་ཞུས་ལྟར་རྒྱ་གར་ལ་ཕེབས། མེ་རྟ(1907)ལོར་གཙང་དུ་ཕྱིར་ལོག་མཛད། ཤིང་སྟག(1914)ལོར་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་བོད་ལྗོངས་ན་སྔར་མ་དྲགས་པའི་སྐུ་ཚད་ཐོག་རྩེག་བདུན་པའམ་ཁྲུ་བརྒྱད་ཅུ་གྱ་ལྔའི་བདག་ཉིད་ཅན་འགྲན་བྲལ་བ་ཞིག་གསར་བཞེངས་མཛད། དེ་ནི་འཛམ་གླིང་ན་གསེར་ཟངས་ཀྱི་སྐུ་བརྙན་ཆེ་ཤོས་ཡིན་པར་གྲགས། ས་ལུག(1919)ལོར་ལྷ་སར་ཕེབས་ནས་རྒྱལ་དབང་ཆེན་པོ་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྗགས་བསྙེན་གྲུབ་པའི་ལེགས་འབུལ་འཇལ་ཕྱག་གི་ཆོས་མཐུན་མཛད་སྒོའི་ཞོར་དུ་བཀྲས་ལྷུན་བླ་བྲང་ཆོས་གཞིས་ཞིང་འབྲོག་དམག་ཕོགས་དང་། ལམ་ཐོག་འཁྲི་སྒྲུབ་སྐོར་བཀའ་འཁྲུན་མ་ཆོད་པ་རྣམས་སྐྱབས་ཞུའི་བཀའ་མོལ་གནང་བ་སོགས་བདུན་ཕྲག་ཁ་ཤས་སྐུ་བཞུགས་རྗེས་གཙང་དུ་ཕྱིར་ཕེབས། དེ་རྗེས་བླ་གཞུང་བར་གྱི་འགལ་ཟླའི་དབང་གིས་ཆུ་ཕག(1923)ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་མཚན་མོ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྟོན་འཁོར་གོ་ཧྲག་དང་བཅས་བྱང་ཐང་བརྒྱུད་བྲོས་བྱོལ་དུ་ཕེབས་ཏེ་ལམ་བར་མཚོ་སྔོན་དང་། ལན་ཀྲུའུ། ཤིས་ཨན། ཐའི་ཡོན་བཅས་བརྒྱུད་པེ་ཅིན་དུ་ཤིང་གླང(1925)ལོའི་ཟླ་གཉིས་པའི་ཚེས་གཉིས་ཉིན་ཕེབས་འབྱོར་བྱུང་ཏེ་ཀྲུང་ནན་ཧའི་ཡི་ཡིང་ཐའི་རུ་བཞུགས། གོ་མིན་ཏང་གཞུང་ནས་སྣེ་ལེན་ཕེབས་བསུ་རྒྱ་ཆེ་ཞུས། དེ་སྔའི་མཛད་སྲོལ་བཞིན་གསེར་སམ་དང་གསེར་སམ་དང་གསེར་ཐམ་ཕུལ། དེ་ནས་ནང་སོག་དང་། ནན་ཅིན། ཧང་ཀྲོའོ། མཚོ་སྔོན་སོགས་སུ་ཕེབས་དེ་བཀའ་ཆོས་གནང་། རབ་བྱུང་བཅུ་དྲུག་པའི་ཆུ་བྱ(1933)ལོར་ཁམས་སྐྱེ་དགུ་མདོར་ཕེབས་འབྱོར་སྐབས་བོད་ས་གནས་སྲིད་གཞུང་གིས་པཎ་ཆེན་བོད་དུ་ཕེབས་ན་རྒྱའི་དམག་མཉམ་དུ་ཁྲིད་མི་ཆོག་པ་དང་། ཡར་ལམ་ལྷ་སར་ཕེབས་མི་ཆོག་པ། སླད་བོད་གཞུང་གི་བཀའ་ལ་སྲུང་བརྩི་དང་ལེན་དགོས་པ་སོགས་དོན་ཚན་གསུམ་བཏོན་པའི་ཁར། བླ་བྲང་གི་ཞབས་འབྲིང་པ་འགའ་ཤས་ཀྱི་བྱ་སྤྱོད་ཀྱི་རྐྱེན་ངན་སྣ་ཚོགས་འཛོམས་པར་བརྟེན་ནས་བོད་དུ་ཆེབས་བསྒྱུར་མ་ཐུབ་པར་མེ་གླང(1937)ལོར་སྐྱེ་དགུ་མདོར་སྐུ་གཤེགས། སྐུ་གདུང་རིན་པོ་ཆེ་གདན་ས་ཆེན་པོ་བཀྲ་ཤིས་དྲངས་ཏེ་རབ་ཆུང་བཅུ་དྲུག་པའི་མེ་རྟ་ལོ་བར་བཞུགས། 《ལམ་རིམ་ཚིགས་བཅད་མ》དང་། གསུང་རྩོམ《ལམ་སྒྲོན་འགྲེལ་པ》 《ས་ཤིང་གི་བཅོས》སོགས་པོ་ཏི་བཞི་ཙམ་བཞུགས།


ཁོང་དང་འབྲེལ་བའི་སྐུ་པར་རྩ་ཆེན།

1910ལོ། དབྱིན་ཇིས་རྒྱ་གར་བཅའ་སྡོད་དཔོན་རིགས་པ་ཨོ་ཁང་ན་དང་པན་ཆེཎ་སྐུ་ཕྲེང་དགུ་པ་རྒྱ་གར་Calcuttaནས།

1910ལོ། པན་ཆེཎ་སྐུ་ཕྲེང་དགུ་བ་རྒྱ་གར་Calcuttaནས།


པན་ཆེཎ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ།

དོམ་གྱི་དམར་དཔེ། དོམ་འདི་ནི་པན་ཆེཎ་སྐུ་ཕྲེང་དགུ་བ་དགུང་ལོ་ཆུང་དུས་སྐབས་ཀྱི་རྩེད་ཆས་ཡིན་ཏེ། དོམ་འདི་འཆི་བརྗེས་དམར་དཔེ་རུ་བཟོས་ནས་དེང་གི་སྐུ་འབུམ་དགོན་པའི་སྲུང་མའི་ལྷ་ཁང་ནང་དུ་བཤམ་ཡོད།

པན་ཆེཎ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་དང་སྐུ་སྲུང་དམག་དཔུང་གི་རུ་དཔོན་ཡེ་ཤེས་རྡོ་རྗེ།

པན་ཆེཎ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་ཧང་ཀྲོའུ་ནས་དུས་འཁོར་སྨོན་ལམ་ཆེན་མོས་སྐབས།

པན་ཆེཎ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་བཞུགས་མྱུང་བའི་རླང་འཁོར། ད་ལྟ་སྐུ་འབུམ་དགོན་དུ་ཡོད།

པན་ཆེཎ་སྐུ་ཕྲེང་དགུ་བ་མཆོག་གོ་མིན་ཏང་གི་གནང་གྲུ་ནང་ནས།

པན་ཆེཎ་སྐུ་ཕྲེང་དགུ་བའི་ནང་སོག་ལ་ཡོད་པའི་བྱེས་བཞུགས་ཕོ་བྲང་།

པན་ཆེཎ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ།་

པན་ཆེཎ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་དང་གོ་མིན་སྲིད་གཞུང་གི་ཨུ་ཡོན་རྣམ་དང་ལྷན་བཞུགས་འདྲ་པར།

ལིས་ཧྲོས་ཁྲུན་གྱིས་ཇིས་ནན་མེ་འཁོར་འབབ་ཚུགས་ནས་པན་ཆེཎ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་ལ་ཆིབས་བསུ་ཞུ་བ།
གོ་མིན་སྲིད་གཞུང་གིས་པན་ཆེཎ་སྐུ་ཕྲེང་དགུ་བ་ལ་གནང་བའི་གཡང་ཊིའི་ཐམ་ག

པན་ཆེཎ་སྐུ་ཕྲེང་དགུ་བའི་སྐུ་གདུང་མཆོད་རྟེན། རིག་གསར་སྐབས་གཏོར་བརླག་ཤོར་བས། སྐུ་གདུང་ཡང་གཏོར་བཤིག་བྱས།

པན་ཆེཎ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་གིས་རྒྱུད་སྡེའི་དབང་སྐུར་སྐབས།

པན་ཆེཎ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ།

པན་ཆེཎ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་གིས་ར་གན་རྒྱ་མ་ཁྲི༣༢དང་གསེར་རྒྱ་མ༥༥༠ད་དུང་མུ་ཏིག བྱུ་རུ། རྡོ་རྗེ་ཕ་ལམ་སོགས་ཀྱིས་རྒྱན་ནས་བཟོ་སྐྲུན་མཛད་པའི་རྒྱལ་བ་བྱམས་པའི་སྐུ་འདྲ། སྐུ་འདྲའི་མཐོ་ཚད་ལ་སྨི་༢༦.༥ཡོད། ལོ་ངོ་བཞིའི་རིང་ལ་བཟ

པན་ཆེཎ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་དང་གོ་མིན་སྲིད་གཞུང་གི་དཔོན་རིགས།

རྩོམ་ཁུངས་བཙན་པོའི་རིག་གནས།

བརྒྱུད་སྐུལ།

མཆན་སྤེལ།