གཙང་ཁུལ་གྱི་ཁེད་ཁག་གཅིག་དང་། དེ་དག་གི་ཁེད་ལན།

གཙང་ཁུལ་གྱི་ཁེད་ཁག་གཅིག་དང་། དེ་དག་གི་ཁེད་ལན།

                                      ས་སྐྱ་བ་བསོད་ཚེས་བཏུས།

 

༡.སྟག་མིན་པའི་སྟག་རིས་ཤིག་ཤིག   གཟིག་མིན་པའི་གཟིག་རིས་ཤིག་ཤིག  ཁྱི་རྒན་རྒྱ་བོ་མིན་པའི་མི་ལ་རྨུག་མཁན། བྱ་རྒྱལ་རྒོད་པོ་མིན་པའི་གནམ་ལ་འཕུར་མཁན།  བྱི་བ་སྨུག་ཆུང་མིན་པའི་ས་ལ་འཛུལ་མཁན།

༢.སྤང་སེར་ཆེན་གྱི་སྟེང་དུ་མི་སྒུར་བས་བྲོ་འཁྲབ་པ་ཤོད།

༣.ཤིང་གི་སྒོ་རའི་ནང་དུ་དུང་གི་མདའ་འཕེན་པ་ཤོད།

༤.མེ་མདའ་གནམ་ལ་གཏད་པས་མདེའུ་ས་རུ་ལྷུང་བ་ཤོད།

༥.བཙུན་ཆུང་དམར་པོ་ཤི བཙུན་ཆུང་ནག་པོ་གདན་འདྲེན་ཞུས་པ་ཤོད།

༦.རྩ་བ་གཅིག་ལ་རྩེ་མོ་ལྔ། རྩེ་མོ་ལྔ་ལ་ལྷན་པ་ལྔ་བརྒྱབ་པ་ཤོད།

༧.ཟིང་ཟིང་སྤེན་མ། ཐེར་ཐེར་ཐང་ཁ། ནེམ་ནེམ་ཆུ་མིག རྡོག་རྡོག་བྲག་རྡོག ཀོང་ཀོང་བྲག་ཕུག་ཤོད།

 

 

༨.ཤ་ཡི་སྒོ་རའི་ནང་དུ་གཡུ་ཡི་བེའུ་བཏགས་པ་ཤོད།

༩.ཕ་ཤིག་ཙམ་ལས་བུ་རྫ་མ་ཙམ་བྱུང་བ་ཤོད།

༡༠.མི་བརྒྱ་ལ་སྐེ་རགས་གཅིག་བཅིངས་པ་ཤོད།

༡༡.འཁུར་ན་ལུང་མེད་པ།  བཞག་ན་ཞབས་ར་མེད་པ་ཤོད།

༡༢.རྡང་དམར་པོར་གཡག་དཀར་པོ་བཏགས་པ་ཤོད།

༡༣.གཡས་ཆུ་མིག གཡོན་ཆུ་མིག དཀྱིལ་དུ་རི་ཡོད་པ་ཤོད།

༡༤.ཐུག་ཐུག་བྱས་ན་མ་ཐུག་པ་དང་མ་ཐུག་མ་ཐུག་བྱས་ན་ཐུག་པ་ཤོད།

༡༥.ཀྲག་གེ་ཀྲོག་གེ་བྱེད་མྱོང་། མགོ་ལ་ཨ་ལེགས་ལེགས་པོ་གྱོན་ཡང་མྱོང་།    ལྟོགས་ནས་རྩིབ་མ་རོང་རོང་ཡང་བྱས་མྱོང་།  འགྲངས་ནས་ལྟག་པ་དགྱེ་དགྱེ་ཡང་བྱས་མྱོང་། ཕྱི་ཡི་ལྤགས་པ་བཤུས་སོང་།  ཁོག་པའི་ནང་ཁྲོལ་བཟས་སོང་། མི་ངན་ངོ་ཚ་མེད་པས་བཀོག་ནས་སྲང་ལམ་དུ་གཡུགས་པས་ང་ནི་ངོ་ཚ་སྟེ་བརླ་ཤ་འདྲིལ་ནས་སྡོད་དགོས་བྱུང་།

༡༦.ལམ་ཁ་གཉིས་ཀྱི་སྟེང་དུ་མོ་ཊ་གཅིག་ཕྱིན་པ་ཤོད།

༡༧.ནག་རིལ་ནས་དམར་རིལ་དང་། དམར་རིལ་ནས་སྐྱ་རིལ་དུ་འགྱུར་བ་ཤོད།

༡༨.ཤ་ལག་པ་གཅིག་ལ་རྩིབ་མ་ལྔ་དང་། རྩིབ་མ་རེར་མར་གྱི་ཡས་ཀ་རེ་བརྒྱབ་ཡོད་པ་ཤོད།

༡༩.མི་བརྒྱ་ལ་སྔས་གཅིག་བརྒྱབ་པ་ཤོད།

༢༠.ལྕགས་ཀྱི་སྒེའུ་ཁུང་ནང་ནས་ར་ཡིས་རྨྱང་ཙམ། ལུག་གིས་རྨྱང་ཙམ་བྱས་པ་ཤོད།

༢༡.གཡག་ཁམ་པ་ཅིག་ལ་བཞོན་ནས་འཇུ་མི་ནུས་པ་ཤོད།

༢༢.ཤིང་ཕི་ལིང་ལིང་དང་ཕི་ལིང་ལིང་།  རྡོ་ཨེ་རྐྱོང་རྐྱོང་དང་ཨེ་རྐྱོང་རྐྱོང་།  ནམ་མཁའ་དར་ལྕོག་ལིང་ལིང་

དང་དར་ལྕོག་ལིང་།

༢༣.རྫ་མ་ཁ་རྡུམ་ནས་བྱིའུ་འཕུར་བ་ཤོད།

༢༤.ཁྱི་བརྒྱ་ལ་རྒྱུ་མ་གཅིག་ལས་མེད་པ་ཤོད།

༢༥.ཁང་ཆུང་གཉིས་ལ་ཀ་བ་གཅིག་བྱས་པ་ཤོད།

༢༦.བྲག་ཕུག་གི་ནང་དུ་རྡོ་དཀར་གོང་གྲལ་སྒྲིག་པ་ཤོད།

༢༧.ལྕགས་ཟམ་ལྕགས་ཀྱི་ཟམ་པར་ཨ་ཅེ་དཀར་མ་མ་གཏོགས་མི་ཐར་བ་ཤོད།

༢༨.ཕག་སྐྱ་རིལ་ཤོད།

༢༩.རྟིང་པར་གཞུས་པའི་རྡོ་དེ་སྣ་ཁོ་ནར་འཁེལ་བ་ཤོད།

༣༠.སོ་སོས་མདའ་བརྒྱབ་སྟེ་སོ་སོའི་སྣ་ལ་ཕོག་པ་ཤོད།

༣༡.མི་མེད་པར་སིལ་སྒྲ་གྲག་པ་ཤོད།

༣༢.ཨ་ཞང་གྱང་གི་གྱང་སྟེང་དུ། རིན་ཆེན་གླིང་བུས་གླུ་ལེན་པ་ཤོད།

༣༣.མགར་བའི་བུ་མོ་མིག་དམར་མ་ཤོད།

༣༤.མེ་རྡོག་པང་ལེན་ཤོད།

༣༥.སྤོ་བོ་སྒུར་སྒུར་གྱི་ཁ་རུ་བལ་འཁུར་བ་ཡོད།

༣༦.ནང་ཆུང་སྒོ་མེད་ལྡིང་སྒྲ་ཤོད།

༣༧.རྩྭ་སིབ་སིབ་ཀྱི་དཀྱིལ་ན། བྱིའུ་པ་ཁྲ་པི་ཁྲ་བསྡད་ཡོད་པ་ཤོད།

༣༨.ཨ་ཅེས་གཡས་ལ་ཕྱིན། རོགས་མོས་གཡོན་ལ་ཕྱིན། རྒྱུན་དུ་སུ་མགྱོགས་འགྲན་པ་ཤོད།

༣༩.གཅུང་པོས་བསྐོར་བ་གཅིག་བརྒྱབ་དུས་གཅེན་པོས་གོམ་པ་གང་ལས་མི་སྤོ་བ་ཤོད།

༤༠.འཇུས་ན་སྦར་མོ་གང་། བཏང་ན་ནང་གང་ཤོད།

༤༡.བཙོས་བཙོས་ནས་འཚོས་རྒྱུ་མེད་པ་ཤོད།

༤༢.ནམ་མཁའི་སེམས་ལ་ཞབས་ཕྱག་གྱོན་འདུག་བསམ། ས་གཞིའི་སེམས་ལ་བསིལ་གཡབ་བྱས་

འདུག་བསམ་པ་ཤོད།

༤༣.འབ་འབུར་ཤོད།

༤༤.འགྲོ་བཞིན་འགྲོ་བཞིན་བག་ལེབ་བཟོ་བ་ཤོད།

༤༥.ཟངས་ཀྱི་ལྤགས་པར་དུང་གི་ཁོག་པ་བྱས་པ་ཤོད།

༤༦.བཙུན་ཆུང་རེས་རྡོ་ལེབ་རེ་འཁུར་བ་ཤོད།

༤༧.ནང་ཆུང་གྲུ་བཞིའི་ནང་དུ་མི་མགོ་དམར་བརྒྱ་གྲལ་སྒྲིག་སྟེ་བསྡད་པ་ཤོད།

༤༨.བཙུན་པ་གཅིག་གིས་རང་ཤག་ཏུ་འཛུལ་བ་ནོར་ཚེ་གཞན་དག་ཀྱང་རང་བཞིན་གྱིས་ནོར་བ་ཤོད།

༤༩.ང་རང་འགྲོ་སྙིང་འདོད། ཨ་མས་མ་བཏང་བ་ཤོད།

༥༠.འགྲོ་བཞིན་འགྲོ་བཞིན་བག་རིལ་བཟོ་བ་ཤོད།

༥༡.ཆུང་དུས་རྐང་པ་བཞི་བཙུགས་ནས་འགྲོ་བ། བར་དུ་རྐང་པ་གཉིས་བཙུགས་ནས་འགྲོ་བ།

མཐའ་མར་རྐང་པ་གསུམ་བཙུགས་ནས་འགྲོ་བ་ཤོད།

༥༢.ཉི་མ་རེ་ལ་གོས་རེ་བརྗེ། ཉིན་ཞག་སུམ་བརྒྱ་རེ་ལྔ་སོང་བའི་ཚེ། གྱོན་གོས་ཟད་དེ་ཚེ་ཡང་རྫོགས་པ་ཤོད།

༥༣.གཡས་ཨ་ཕས་བྱས། གཡོན་ཨ་མས་བྱས། སྡུག་དམྱལ་ཁམས་བཅོ་བརྒྱད་ཕྲུ་གུས་མྱང་བ་ཤོད།

༥༤.རྩྭ་གནམ་ནས་བཟས། ཆུ་གཏིང་ནས་འཐུང་། སྐྱག་པ་ཕྲེད་དུ་གཏོང་བ་ཤོད།

༥༥.ཆུ་ཡོད་ཀྱང་རྒྱུག་མི་འགྲོ དབྱར་ཁ་ཡོལ་ཡང་མེ་ཏོག་བཞད། བྱ་རིགས་ཡོད་ཀྱང་འཕུར་མི་སྲིད་པ་ཤོད།

༥༦.རྒྱ་མཚོའི་ནང་དུ་བ་མོ་དཀར་པོས་རྐྱལ་རྒྱག་པ་ཤོད།

༥༧.འབྲོག་པ་སྐྱས་སྤོས་པའི་ཤུལ་དུ་བུ་མོ་སྤུན་གསུམ་ལུས་པ་ཤོད།

༥༨.མི་བཅུས་མི་གཉིས་ཁུང་དུ་བཅུག     ཁུང་བུའི་སྟེང་དུ་སྐུད་པའི་ཐེལ་ཙེ་༼ཐམ་ག༽བརྒྱབ་པ་ཤོད།

༥༩.མ་ལུས་བུ་མོ་གཟུགས་རིང་བ་ཤོད།

༦༠.ཕྱིན་ཕྱིན་ནས་སླེབས་རྒྱུ་མེད་པ་ཤོད།

༦༡.ཐང་དཀར་པོའི་ཐོག སྐྱུང་ཀ་ནག་ཆིལ་ལེར་བབས་པ་ཤོད།

༦༢.མ་བཟས་སྣུམ་རིལ་ཤོད།

༦༣.ཁ་ནས་འཐུང་། ཁ་ནས་སྐྱུག་པ་ཤོད།

༦༤.ཐང་སྡེར་དུ་ཁྱི་གཅིག་ཨ་ལོང་འགུལ་ལེར་ཉལ་བ་ཤོད།

༦༥.ལྷ་དམར་པོ་ལ་འདྲེ་སྤུ་སུད་ཀྱིས་ཕྱག་འཚལ་བ་ཤོད།

༦༦.རྔ་མ་གྱེན་ལོག་ཤོད།

༦༧.ཨ་ནེ་ཆོས་སྒྲོན་ལྕགས་ཟམ་གྱི་སྒང་ལ་ཕྱིན་པས་ཆུང་དུ་ཆུང་དུ་སོང་བ་ཤོད།

༦༨.སྣུམ་དམ་ནག་པོར་ཁ་གཅོད་དམར་པོ་བརྒྱབ་པ་ཤོད།

༦༩.དམ་བི་༼བུམ་པ་༽དམར་པོ་ཁ་ཟང་ཟིང་གིས་བཀག་པ་ཤོད།

༧༠.ཟ་མི་ཉན་པའི་རྒྱུ་མ་ཤོད།

༧༡.སྐྱེ་ས་རི་དང་སྡོད་ས་སྒོ་རྒྱབ་ཡིན་པ་ཤོད།

༧༢.མི་ལྔ་སྐྱེ་ས་གཅིག་ཡིན་པ་ཤོད།

༧༣.དཀར་དཀར་དུང་འདྲ། ནག་ནག་སོལ་བ་འདྲ། མགོ་བོ་ལ་ཕུག་སྐམ་པོ་དང་འདྲ་བ་ཤོད།

༧༤.རི་གཅིག་གི་སྒང་ནས་ར་སྔོན་པོ་གཅིག་ལྷུང་ལ་ཁད་ཤོད།

༧༥.ཁབ་དང་སྐུད་པར་འབྲེལ་བ་མེད་པའི་རྫ་མ་ཁ་རོང་ཤོད།

༧༦.བཟས་ནས་འགྲང་རྒྱུ་མེད་པ་ཤོད།

༧༧.མི་བརྒྱ་ལ་རྐུབ་གཅིག་ཤོད།

༧༨.མི་དཀར་པོའི་སྟེང་དུ་མི་དམར་པོ་བཞོན་པས་མི་དཀར་པོ་ཆུང་དུ་ཆུང་དུ་སོང་བ་ཤོད།

༧༩.གཡས་རིའི་སྤང་དང་གཡོན་རིའི་སྤང་གི་སྟེང་དུ་གནའ་བ་གཉིས་རེས་མོས་ཀྱིས་ཕར་རྒྱུག་ཚུར་རྒྱུག་བྱེད་པ་ཤོད།

༨༠.སུམ་ཅུ་ཐམ་པ་གྲལ་དུ་སྒྲིག ཨ་ནེ་དམར་པོས་གསོལ་ཇ་དྲངས་པ་ཤོད།

༨༡.འཚེམ་བུ་མ་འཚེམ་འཚེམས་དང་འདྲ། མ་འཚེམ་པར་ལོགས་སུ་བཀལ་བ་ཤོད།

༨༢.ཕོ་བྲང་དཀར་པོའི་ནང་དུ་རྒྱལ་པོ་སེར་པོ་བཞུགས་པ་ཤོད།

༨༣.སྟེང་ལྷ་ཡུལ་དུ་འཁོར་ལོ་བསྐོར། བར་མི་ཡུལ་དུ་གླུ་ལེན། འོག་ཀླུ་ཡུལ་དུ་བྲོ་འཁྲབ་པ་ཤོད།

༨༤.འགྲོ་དུས་རྒྱབ་ལ་འཁུར། སྡོད་དུས་གདན་ལ་བཏིངས་པ་ཤོད།

༨༥.ཉིན་མོ་ཁེངས་པ་དང་དགོང་མོ་སྟོང་པར་སྡོད་པ་ཤོད།

༨༦.ཉིན་མོ་ཁེངས་པ་དང་མཚན་མོ་སྟོང་པར་ལུས་པའི་རྩམ་ཁུག་ཤོད།

༨༧.ཉིན་མོ་སྟོང་པ་དང་མཚན་མོ་ཁེངས་པ་ཤོད།

༨༨.དཀར་པོས་བཅད། དམར་པོས་བླངས། བལ་པོའི་གཏིང་དང་གཉའ་ནང་རོང་དུ་འདྲེན་པ་ཤོད།

༨༩.འོག་མཚོ། སྒང་གངས་རི། སྟེང་དུ་མི་ལྔས་བྲོ་འཁྲབ་པ་ཤོད།

༩༠.ཁ་མེད་རྐུབ་རིལ་དཀར་པོ་ཤོད།

༩༡.མི་གཅིག་ལ་སྐེ་རག་བདུན་བཅིངས་པ་ཤོད།

༩༢.མི་མེད་པར་སྐད་ཆ་ཤོད་པ་ཅི་རེད།

༩༣.མི་གཉིས་ཀྱི་ནང་ནས་གཅིག་ལ་ཆར་པ་ཕོག་པ་དང་གཞན་དེར་ཆར་པ་མ་ཕོག་པ་ཤོད།

༩༤.ཤེལ་གྱི་མཆོད་རྟེན་ནང་དུ་དམག་དཔོན་དྲུག་གཉིས་བཅུ་གཉིས་དང་།དམག་མི་བརྒྱ་ཤོག་དྲུག་ཅུ་ཡོད་པ་ཤོད།

༩༥.འབྲོག་པ་སོང་ཤུལ་དུ་ཇ་མདོང་མོ་གང་ལུས་པ་ཤོད།

༩༦.གོང་ཆུང་ལ་ཕན་ཐོགས་པ་ཤོད།

༩༧.མི་ཐེག་ཐེག་པའི་ཐེག་པ་དགུ་ཤོད།

༩༨.གཏིང་དུ་རྒྱ་མཚོ་འཁྱིལ། སྒང་ལ་གངས་རི་ཆགས། སྟེང་དུ་མི་ལྔས་བྲོ་འཁྲབ་པ་ཤོད།

༩༩.མགྱོགས་པ་ང་ལས་མགྱོགས་པ་མེད། ཐན་པ་བསྒྲལ་ནས་འགྲོ་ས་མེད།

༡༠༠.ཕྱི་ཟངས། ནང་དུང་། ཟངས་མ་དུང་གིས་སྐད་བརྒྱབ་པ་ཤོད།

༡༠༡.ཁྱིམ་ཚང་གཉིས་ཀྱིས་གོ་ཐལ་ཆབས་ཅིག་ཏུ་འཕོ་བ་ཤོད།

༡༠༢.རྩམ་ཁུག་ཅིག་གི་ནང་དུ་ཤ་རྡོག་ཅིག་བླུགས་པ་ཤོད།         ༡༠༣.སྔས་འབོལ་ཞིག་གི་སྟེང་དུ་མི་བརྒྱ་ཉལ་བ་ཤོད།

༡༠༤.ལྕགས་ཟམ་ཞིག་གི་སྟེང་དུ་རི་བོང་དཀར་པོས་འཁྱག་ཤུད་གློད་པ་ཤོད།

༡༠༥.ཨ་ནི་དམར་པོ་ཤི་ཁར་རིལ་བུ་ནག་པོ་སྟེར་བ་ཤོད།

༡༠༦.བྱ་མོ་ཉྭ་རིང་མཆུ་རིང་མ། བྲག་རིའི་ལོགས་ནས་ཆུ་ཞིག་འཐུང་།བྲག་དཀར་སྟེང་ལ་ཞབས་རྗེས་བཀོད་པ།

༡༠༧.མར་བཙུན་ཆུང་དམར་པོ་འཛུལ་ནས། ཡར་རྒས་པོ་དཀར་པོ་ཐོན་པ་ཤོད།

༡༠༨.སུམ་ཅུ་ཐམ་པ་གྲལ་དུ་སྒྲིག་ནས་ཨ་ནི་དམར་པོས་ཇ་བླུགས་པ་ཤོད།

༡༠༩.སྐྱེས་ས་བྲག་དང་སྡོད་ས་སྒོ་རྒྱབ་ཤོད།

༡༡༠.རོང་པའི་བུ་མོ་མིག་ཆུང་མ།

༡༡༡.ལྕགས་ཀ་ཟླུམ་ཞིག་ནས་གནམ་སྔོན་པོ་ཐོན་པ་ཤོད།

༡༡༢.གཡུ་ཡི་སྒོ་ལྕགས་མཐེ་བོང་གིས་ཕྱེ་བ་ཤོད།

༡༡༣.འོག་ཏུ་ཞབས་བྲོ་འཁྲབ། སྟེང་དུ་འཁོར་ལོ་འཁོར་བ་ཤོད།

༡༡༤.མ་བཟས་ཀྱང་སྦར་མོ་གང་།  བཟས་ཀྱང་སྦར་མོ་གང་ལྷག་པ་ཤོད།

༡༡༥.མཚོ་ལ་འཛུལ་དུས་དཀར་པོ། མཚོ་ནས་ཐོན་དུས་དཀར་པོ་ཡིན་པ་ཤོད།

༡༡༦.བཀྲུས་ནས་ཇེ་བཙོག་ཏུ་འགྲོ་བ་ཤོད།

༡༡༧.ཆུ་ལ་ལྷས་མ་རྒྱག་ཤེས་མཁན་ཤོད།

༡༡༨.མཚོ་ཡི་ནང་དུ་བ་མོ་དམར་པོས་རྐྱལ་བརྒྱབ་པ་ཤོད།

༡༡༩.བྲག་ཕུག་ཅིག་གི་ནང་དུ་ཨ་ནེ་ཞིག་གིས་བྲོ་འཁྲབ་པ་ཤོད།

༡༢༠.མཚོ་ཡི་ནང་དུ་བ་མོ་དམར་པོས་རྐྱལ་བརྒྱབ་པ་ཤོད།

༡༢༡.བྲག་ཕུག་གཅིག་གི་ནང་དུ་ཨ་ནེ་ཞིག་གིས་བྲོ་འཁྲབ་པ་ཤོད།

༡༢༢.ས་ལ་འཛུལ་དུས་ཨ་ནེ་དང་ཡར་ཐོན་དུས་དམག་མི་ཡིན་པ་ཤོད།

༡༢༣.སྒང་དུ་འཁོར་ལོ་བསྐོར། བར་དུ་ཕར་འགྲོ་ཚུར་འགྲོ། འོག་ཏུ་ཞབས་བྲོ་འཁྲབ་པ་ཤོད།

༡༢༤.བུས་ཕ་བརྡུང་། ཕ་སྡུག་སྐད་ཤོར་བ་ཤོད།

༡༢༥.མ་རྒན་སོ་མེད་ཀྱི་ཁས་རྒྱུ་མ་གཅོད་པ་ཤོད།

 

གཙང་ཁུལ་གྱི་ཁེད་ཁག་གཅིག་ཅེས་པའི་ཁེད་ལན།

ས་སྐྱ་བ་བསོད་ཚེ།

 

༡.གསེར་སྦྲང་ནོར་བུ།

༢.རྔ་བརྡུང་བ།

༣.འོ་ཟོའི་ནང་དུ་འོ་མ་འཇོ་བ།

༤.རྔ་མ་གཟེངས་ཏེ་ལྕི་བ་བཏང་བ།

༥.མེ་ལ་ལྕི་བ་བུད་པ།

༦.ལག་པ་དང་སེན་མོ།

༧.སྐྲ ཐོད་པ། མིག སྣ ཁ།

༨.རྣ་བ་དང་རྣ་གཡུ།

༩.ལ་སོན་དང་ལ་ཕུག

༡༠.ཕྱག་མ།

༡༡.སྒོ་ང་།

༡༢.སོ་དང་སོ་རྙིལ།

༡༣.སྣ་དང་མིག

༡༤.ཡས་མཆུ་དང་མས་མཆུ།

༡༥.སྲན་མའི་ལྒང་བུ་སྐྱེས་པ་ནས་བཟས་པའི་བར་གྱི་བརྒྱུད་རིམ།

༡༦.སྟོད་ཐུང་སོགས་ཀྱི་སྒྲོག་གུ་སོ་འགྲིག་ཅན། ཡུལ་སྐད་ལ་ལར་ཚེར་ཞེས་ཟེར།

༡༧.རིལ་མ་མེ་ལ་འབུད་དེ་འཚིག་པ།

༡༨.ལག་པ། མཛུབ་མོ། སེན་མོ།

༡༩.གདུང་དང་ལྕམ།

༢༠.ཁབ་མིག་ཏུ་ར་སྐུད་དང་བལ་སྐུད་བརྒྱུས་པ།

༢༡.སྐྱག་པ་གཏོང་བའི་ཚུལ།

༢༢.ཕང་བ། ཕང་སྐྱོར། ལྕུག་གུ།

༢༣.དྲི་མ་བཏང་བ།

༢༤.ཕྲེང་བ།

༢༥.སྣ།

༢༦.ཁ་དང་སོ།

༢༧.ལ་ཕུག་དང་ལ་བརྡར།

༢༨.ཞ་ཉེའི་མར་ཟོ་ཕག་སྒྲ་དང་བཅས་ཁ་ཕྱེ་བས་མར་སྐྱ་རིལ་ལིར་ཐོན་པ་ལ་ཟེར།

༢༩.དྲི་མ་བཏང་བ།

༣༠.དྲི་མ་བཏང་བ།

༣༡.རྩྭ་སྦྱག་མར་རླུང་བུ་བརྒྱབ་ཏེ་སྒྲ་བྱུང་བ།

༣༢.བྱ་སྐད་བརྒྱབ་པ།

༣༣.ལྕགས་ཐབ་རྐང་གསུམ་མའི་༼ཛ་ལའི་༽ནང་དུ་མེ་བཏང་བ།

༣༤.ཡོས་བརྔོ་དུས་རྫ་སླང་ཚ་མོ་པང་དུ་ལེན་པ།

༣༥.རྔ་ཡུའམ་རྔ་རྟིང་།

༣༦.རྔ།

༣༧.རྫི་མ་དང་མིག

༣༨.རྐང་པ་གཉིས།

༣༩.ཆུ་ཚོད་ཀྱི་མདའ་ཁབ།

༤༠.བཞུ་མར།

༤༡.གཟར་བུའམ་ཐུག་སྐྱོགས།

༤༢.ལྷམ་མཐིལ་རྡོལ་གྱོན་པ།

༤༣.ཁྱིས་འབ་པས་རྐུབ་འབུར་འབུར་བྱས་པ་ལ་ཟེར།

༤༤.ལྕི་བ་བཏང་བ།

༤༥.གྲོ་མ།

༤༦.མཛུབ་མོ་དང་སེན་མོ།

༤༧.མུ་ཟིའམ་འབར་ཞུན། ཡང་ན་ཙག་སྒྲ

༤༨.གོས་ཀྱི་སྒྲོག་གུ་སྟེ་ཐོབ་ཆི་བརྒྱབ་ནོར་བྱུང་བ།

༤༩.དར་ལྕོག་དང་དར་ཤིང་།

༥༠.རྟ་བོང་གིས་སྦང་བཏང་བ།

༥༡.མིས་ཆུང་དུས་གོག་བགྲོད་དང་གཞོན་དུས་ཀེར་འགྲོརྒས་དུས་འཁར་བར་བརྟེན་པ།

༥༢.ལོ་ཐོ།

༥༣.སྐས་ཀ།

༥༤.ཆུ་འཐག

༥༥.རི་མོ།

༥༦.ཆུ་ཟངས་ནང་གི་མར།

༥༧.སྒྱེ་རྡོའམ་ཐབ་རྡོ།

༥༨.ལྷམ་གྱོན་ཏེ་ལྷམ་སྒྲོག་བརྒྱབ་པ།

༥༩.མདོང་མོ་དང་མདོང་རྐྱལ།

༦༠.དར་ལྕོག

༦༡.ཤོག་བུའི་སྟེང་གི་ཡི་གེ།

༦༢.ཁྱིའི་སྣ།

༦༣.སྨྱུ་གུ།

༦༤.རྣ་བ།

༦༥.མེ་ལ་འབུད་པ་བུད་པ།

༦༦.གྲོ་མ། ཁྱི།

༦༧.ལ་ཕུག་ལ་བརྡར་ལ་བརྡར་བ།

༦༨.སྐྱུང་ཀ

༦༩.སེ་འབྲུ།

༧༠.སྐྱག་པ།

༧༡.སྦྱག་མ།

༧༢.མཛུབ་མོ།

༧༣.ཁྲུང་ཁྲུང་།

༧༤.རྣ་གཡུ།

༧༥.ཐང་ཁུག ཐང་རྐྱལ།

༧༦.ཆུ་འཐག

༧༧.ཆང་ཚགས་སའི་རྫ་མ། ཡང་ན་ཆུ་འཐག་གི་ཡོས་བླུགས་ས།

༧༨.ཡང་ལའམ་ལ་སྒྲོན་སྤར་བ།

༧༩.ཌརུ་མ་དཀྲོག་པ།

༨༠.སོ་དང་ལྕེ།

༨༡.སྲན་མའི་ལྒང་བུ།

༨༢.སྒོ་ང་།

༨༣.འཐག་འཐག་པ།

༨༤.ཁྱིའི་རྔ་མ།

༨༥.ལྷམ་མམ་འཇུར་ཏ།

༨༦.རྐང་ཤུབས།

༨༧.ཆབ་ཏོག

༨༨.ཟས་སོས་བཅད། ལྕེས་ལེན། མིད་པར་བཏང་བ།

༨༩.ཕོར་པའི་ནང་དུ་སྤགས་གཡོས་པ།

༩༠.སྒོ་ང་།

༩༡.མདོང་མོ་དང་རག་ཤན།

༩༢.རླུང་འཕྲིན།

༩༣.སྦྲུམ་མ་དང་མངལ་ཕྲུག

༩༤.ཆུ་ཚོད།

༩༥.ལྕགས་ཕུར་གྱི་ཤུལ་དུ་ཆུས་ཁེངས་པ།

༩༦.མུ་ཟི། འབར་ཞུན། ཙག་སྒྲ།

༩༧.སས་ཆུ། ཆུས་དར། དར་གྱིས་རྟ། རྟས་སྒ སྒས་མི། མིས་ཞྭ། ཞས་ཏོག ཏོག་གིས་གནམ།

༩༨.ཕོར་པའི་ནང་དུ་སྤགས་གཡོས་པ།

༩༩.ཆུ་འཐག

༡༠༠.ཞོ་བཞུའི་ནང་དུ་ཞོ་དཀྲོག་པ།

༡༠༡.སྣ་ལུད་ཕྱིས་པ།

༡༠༢.རྐང་ཤུབས་དང་རྐང་པ།

༡༠༣.གདུང་དང་ལྕམ།

༡༠༤.ལ་རྡར་གྱི་སྟེང་དུ་ལ་ཕུག་བརྡར་བ།

༡༠༥.མེ་ལ་རིལ་མ་བུད་པ།

༡༠༦.སྨྱུ་གུས་ཤོག་སྟེང་དུ་ཡི་གེ་བྲིས་པ།

༡༠༧.ལབ་སོན་ལས་ལ་ཕུག་སྐྱེས་པ།

༡༠༨.ལྕེས་སོ་བརླན་པ།

༡༠༩.སྦྱག་མ།

༡༡༠.ཁབ།

༡༡༡.དུ་ཁུང་ནས་དུ་བ་ཐོན་པ།

༡༡༢.སྲན་མའི་གང་བུ་བཟས་པ།

༡༡༣.འཐག་འཐག་པ།

༡༡༤.ཀོའི་ཙེ།

༡༡༥.ཁུ་ར་བསྲེགས་པ།

༡༡༦.ཆུ།

༡༡༧.རླུང་བུ།

༡༡༨.མཆོད་མེ།

༡༡༩.ཁ་ནང་གི་ལྕེ།

༡༢༠.མཆོད་མེ།

༡༢༡.ཁ་ནང་གི་ལྕེ།

༡༢༢.པད་ཚལ།

༡༢༣.ཐག་འཐག་པ།

༡༢༤.རྔ་བརྡུང་བ།

༡༢༥.སྐྱག་པ་གཏོང་བ།

 

ཡོང་ཁུངས། སུམ་པའི་རིག་གནས།

 

 

བརྒྱུད་སྐུལ།

མཆན་སྤེལ།