ནཱ་ལེནྡྲ་ཞེས་པ་ནི་བོད་སྐད་དུ་རྒྱུན་གྱི་དབང་པོ་ཞེས་པའི་དོན་ཡིན།
དཔལ་ན་ལེནྡྲའི་རྗེས་ཤུལ།
ལོ་རྒྱུས་ཐོག་དཔལ་ནཱ་ལེནྡྲ་ནི་རྒྱ་གར་མ་ག་དྷ་རྒྱལ་ཁབ་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཡོད་པའི་དགོན་པ་གྲགས་ཅན་ཞིག་ཡིན་ལ། དེང་རྒྱ་གར་ལཱ་ཁྲ་ཅིར་གྱི་བྱང་ཕྱོགས་ཏེ། བར་ཐག་ལ་ཧ་ལམ་སྤྱི་ལེ་11ཙམ་ཡོད་པའི་བྷ་དྷ་ཅ་འར་རུ་ཆགས་ཡོད།
ཤུལ་དུ་ལུས་པའི་ལྷ་སྐུ།
དགོན་པ་དེ་དུས་རབས་5ནས་6པའི་དུས་འགོའི་བར་དུ་བཏབ་པ་དང་མཁས་པ་ལ་ལའི་བཞེད་ཚུལ་ལྟར་ན་དེ་ནི་འཛམ་གླིང་གི་གཞི་རྒྱ་ཆེས་ཆེ་ཞིང་འཛུགས་དུས་ཆེས་སྔ་བའི་སློབ་གྲྭ་ཆེན་མོ་དེ་ཡིན། དར་རྒྱས་ཆེ་བའི་དུས་ལ་དེར་དགོན་ཆེན་བརྒྱད་ཡོད་པ་དང་དགེ་འདུན་གཞིས་བྱེས་མི་གྲངས་ཆིག་ཁྲི་ཙམ་ཞིག་རྒྱུན་དུ་བཞུགས། ཐེག་ཆེན་ཐེག་ཆུང་དང༌། རིག་བྱེད། ཚད་མ། སྒྲ་རིག་པ། གསོ་བ་རིག་པ་སོགས་བསླབ་པའི་གནས་ཡིན་ལ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་སློབ་གྲྭ་མཐོ་ཤོས་ཤིག་ཡིན།
ན་ལེནྡྲའི་རྗེས་ཤུལ།
སངས་རྒྱས་ཆོས་ལུགས་ཀྱི་སྐྱེས་ཆེན་མང་པོས་གནས་དེ་ནས་སློབ་གཉེར་མཛད་མྱོང་།དཔལ་ན་ལེནྡྲའི་པཎ་ཆེན་བཅུ་བདུན་དུ་འབོད་པ་ཀུན་གྱི་ཡིད་ལ་ཡོད་ངེས་ཏེ། དེ་དག་ནི་སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་སྲས་འཕགས་པ་ལྷ། སངས་རྒྱས་བསྐྱངས། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པད་མའི་ངང་ཚུལ། སློབ་དཔོན་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང་། ཆོས་ཀྱི་གྲགས་པ། འཕགས་པ་གྲོལ་སྡེ། སློབ་དཔོན་སེང་གེ་བཟང་པོ། ཡོན་ཏན་འོད། ཤཱཀྱ་འོད། ཇོ་བོ་རྗེ་ཨ་ཏི་ཤ་བཅས་སོ།།
ལོ་རྒྱུས་ཡིག་ཆ་ལྟར་ན། སྤྱི་ལོ་631ལོར་རྒྱའི་ཐང་རྒྱལ་རབས་ཀྱི་ཤྱན་ཙང་ཐང་ཟན་བླ་མ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་མོར་ཕེབས་ནས་སློབ་གཉེར་མཛད།
- སྤྱི་ལོ་1193ལོ། གྲུ་གུའི་དམག་གིས་དཔལ་ན་ལེནྡྲའི་གཙུག་ལག་ཁང་ཆེན་མོར་དཔུང་འཇུག་བྱས་ཏེ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་རིམ་གྱིས་ཉམས་རྒུད་དུ་ཕྱིན་པ་དང་དཔལ་ན་ལེནྡྲ་ནི་རྗེས་ཤུལ་ཙམ་དུ་གྱུར།
སྐབས་དེའི་དམར་གསོད་ཀྱི་གནས་ཚུལ་མཚོན་པའི་རི་མོ།
- སྤྱི་ལོ་1204ལོ། རྒྱ་གར་ཡུལ་གྱི་འཇིགས་པ་ལས་གཡོལ་ཆེད་དུ་ཁྲོ་ཕུ་ལོ་ཙྭ་བས་དཔལ་ནཱ་ལེནྡྲའི་མཁན་པོ་ཆེས་མཐའ་མ་ཆོས་རྗེ་ཤཱཀྱ་ཤྲཱི་(Shakyashribhadra)བོད་དུ་གདན་དྲངས།
- སྤྱི་ལོ་1234ལོ། ཆག་ལོ་ཙཱ་བ་ན་ལེནྡྲར་འབྱོར་སྐབས་དེར་དགུང་ལོ་90ཟིན་པའི་སློབ་དཔོན་ར་ཧུ་ལ་(Rahula Shribhadra)ཡིས་སློབ་མ་70ལྷག་ལ་དཔེ་ཁྲིད་གནང་བཞིན་པ་མཐོང་། དེ་ནི་དཔལ་ན་ལེནྡྲེར་འཇིགས་པ་བྱུང་བའི་རྗེས་ཀྱི་ཆེས་མཐའ་མའི་སློབ་དཔོན་དེ་ཡིན་པ་རེད།
- སྤྱི་ལོ་1861ལོ། ཡོ་རོབ་ཀྱི་མཁས་པ་ཚོས་ཐང་རྒྱལ་རབས་ཀྱི་ཤྱན་ཙང་ཐང་ཟན་བླ་མའི་ཟིན་བྲིས་དང་ས་འོག་ནས་རྙེད་པའི་སངས་རྒྱས་ཆོས་ལུགས་ཀྱི་རྡོ་རིང་སོགས་ལ་བརྟེན་ནས། ནཱ་ལེནྡྲར་བརྟག་ཞིབ་བྱེད་འགོ་བརྩམས།
- སྤྱི་ལོ་1915ལོའི་རྗེས་སུ། རྒྱ་གར་གྱི་གནས་རྫས་རྟོག་ཞིབ་སྡེ་ཁག་གིས་མུ་མཐུད་དུ་རྩ་འཛུགས་ཡོད་པའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱས་པས། དགོན་པའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ས་ཡ་གཅིག་ཙམ་ཡོད་པ་ཤེས།
རྟོག་ཞིབ་པས་རྙེད་པའི་གཙུག་ལག་ཁང་གི་ཐམ་ཀ
- སྤྱི་ལོ་2006ལོའི་ཟླ་12པའི་ཚེས་9ཉིན། དབྱིན་ཇིའི་ཚགས་པར་ཐོག་ཏུ་ཨ་སྒོར་དུང་ཕྱུར་༡༠ཡི་འགྲོ་སོང་བཏོན་ནས་དཔལ་ན་ལེནྡྲའི་གནའ་ཤུལ་གྱི་ཉེ་འཁོར་དུ་སློབ་གྲྭ་བསྐྱར་བཞེངས་བྱེད་པའི་གནས་ཚུལ་བཀོད་ཡོད།
- སྤྱི་ལོ་2014ལོ། དཔལ་ནཱ་ལེནྡྲར་འཇིགས་པ་ཐེབས་ནས་ལོ་ངོ་800འགོར་བའི་རྗེས་སུ། བསྐྱར་བཞེངས་ཡོངས་སུ་གྲུབ་ནས་སློབ་མ་བསྡུ་བའི་འགོ་ཚུགས།
བསྐྱར་བཞེངས་བྱས་པའི་དཔལ་ན་ལེནྡྲའི་གཙུག་ལག་ཁང་།
ནཱ་ལེནྡྲ་བསྐྱར་བཞེངས་བྱ་རྒྱུ་དེ་ནི་རྒྱ་གར་དང་ཨེ་ཤ་ཡ་གླིང་། ཞི་བདེ་རྒྱ་མཚོ་ཆེན་པོ་བཅས་ཀྱི་རྒྱལ་ཁབ་18ཀྱིས་ཐུན་མོང་ཐོག་གྲོས་འགོ་བཏོན་པ་ཞིག་ཡིན་ཞིང་། བསྐྱར་བཞེངས་ཀྱི་མ་དངུལ་ཐད་རྒྱལ་ཁབ་མང་པོས་དངུལ་སྒོར་འབོར་ཆེན་ཕུལ་ཡོད་པ་རེད།
- སྤྱི་ལོ་2016ལོའི་ཟླ་7ཚེས་15ཉིན། དཔལ་ན་ལེནྡྲའི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་ནི་<འཛམ་གླིང་ཤུལ་བཞག་དངོས་བོའི་མིང་ཐོར་>བདམས་པ་རེད།
ཐིག་དམར་གྱི་ནང་ལོགས་ནི་དཔལ་ན་ལེནྡྲ་རེད།UNESCO
ཤུལ་དུ་ལུས་པའི་སྐུ་འདྲ།
ཤུལ་དུ་ལུས་པའི་སྐུ་འདྲ།
ཤུལ་དུ་ལུས་པའི་སྐུ་འདྲ།
ཤུལ་དུ་ལུས་པའི་སྐུ་འདྲ།