ཁོང་ནི་ལ་སྟོད་ལྷོ། ལྷ་གདོང་དུ། སྔགས་བརྒྱུད། ཡབ་ཇོ་བསམ། ཡུམ་ཆོས་མཐོང་གི་སྲས་སུ་རབ་བྱུ ང་བཞི་པའི་ཆུ་བྱ་༼༡༢༡༣༽ལོར་འཁྲུ ངས། ཡབ་ཀྱིས་མཚན་གདུང་གསོབ་འབར་བ་ བཏགས། བུ་ཆུང་གོག་པོའི་དུས་ནས་མཆོད་ ཁང་གི་སྒོ་ལ་དབུ་གཏུགས་ཏེ་ཕྱག་ མཛད་པ་དང༌། སྨྲ་མཁྱེན་པ་དང་སྐྱབས་སུ་མཆིའོ་ བྱ་བའི་གསུང་བྱོན་པ་སོགས་ཆོས་ཀྱི ་བག་ཆགས་ལྷན་སྐྱེས་སུ་མངའ། དགུང་ལོ་བཞི་པ་ལ་བསླབ་མ་དགོས་ པར་ཀློག་མཁྱེན་པས། ཕྱིས་ང་ལ་འབྲི་ཀློག་གཉིས་ལ་སློ བ་དཔོན་མེད། སྦྱོར་ཀློག་ཟེར་བ་དེ་ཀུན་བྱེད་ མ་མྱོང༌། ད་ལྟ་ཡི་གེ་འབྲི་བའི་དུས་སུ་འཕུ ལ་བཞག་ནོར་བ་བག་ཙམ་ཡོང་བར་འདུག་ གསུང༌།
ལྔ་པ་ལ་ཨ་པ་ཁྲོ་སྐྱབས་བྱ་བ་ཡོད་ པའི་རྩར་བྱོན་ཅིང་ཁོ་དབྱངས་ལེན་ དུ་འཇུག །དེའི་ཚིག་ལ་བརྟེན་ནས་སྒོམ་དུ་ ཕྱམ་ཕྱམ་འགྲོ་བ། རང་ཤུགས་ཀྱིས་ཏིང་ངེ་འཛིན་བདེ་ གསལ་མི་རྟོག་པའི་ཉམས་མྱོང་འོད་ གསལ་མཐའ་དབུས་མེད་པ། བཞག་ཙ་ན་སྡོད། བལྟས་རྩ་ན་མཐོང༌། རང་དབང་དུ་ཚུད་པའི་ཏིང་ངེ་འཛིན་ ཉིན་མཚན་ཁོར་ཡུག་ཏུ་འབྱམས་འགྲོ་ བ་ཡོད་པས། ཡུམ་དང་ལྕམ་མོའི་ཐུགས་དགོངས་ལ་ བྱིས་པ་འདི་ལ་སུས་ཀྱང་མ་བསྟན་ པའི་སྒོམ་མི་ཡོང༌། ལྷ་འདྲེའི་བར་ཆད་ཡིན་ཡང་སྲིད་ པས་འདི་འདྲ་བྱེད་དུ་བཅུག་ན་རླུ ང་ལོག་གམ། ཁམས་འདུས་འབྱུང་བ་སྲིད་ཟེར་ནས། ཐུགས་དམ་ལ་བཞུགས་པའི་དུས་སུ་གཡེ ང་བ་སྣ་ཚོགས་བྱས་བསྒོམ་དུ་ཡེ་མ་ བཅུག །དེའི་དུས་སུ་རྩེ་གཅིག་གི་རྣལ་ འབྱོར་གཤའ་མ་རྒྱུད་ལ་སྐྱེས་པར་ འདུག །དེའི་དུས་སུ་བླ་མ་ཉམས་མྱོང་ཅན་ ཞིག་གིས་ཁྲིད་པ་ཡིན་ན་དེ་རང་བསྐྱ ངས་པས་ཆོག་པ་འདུག་པ་ལ་གསུང༌། གང་གསུང་ཐོག་ཏུ་བབ་པའི་མངོན་པར་ ཤེས་པ་མངའ། དགུང་ལོ་དྲུག་པ་ནས་བཟུང་ཕུལ་ དམར་བ། ཀོ་བྲག་པ། ས་པཎ། འབྲི་གུང་སྤྱན་སྔ། སངས་རྒྱས་རས་ཆེན། དྲོད་ཆུང་པ་སོགས་དེ་དུས་ཀྱི་བླ་ མ་བཟང་དགུ་ཐམས་ཅད་ཀྱི་ཞབས་ལ་གཏུ གས། ཁྱད་པར་རྗེ་རྒོད་ཚང་པ་སྐུ་དྲིན་ ཆེ་ཤོས་སུ་འཛིན་པས་རྗེས་འཇུག་རྣ མས་དེའི་ལུགས་འཛིན། དགུང་ལོ་དགུ་པའི་དུས་ནས་ཁྲོམ་ལ་ ཆོས་འཆད། ཉེར་གཉིས་པ་ལ་མཁན་པོ་ཇོ་བོ་ལྷ་ བཙུན་སོ་ཁ་བ། ལས་ཀྱི་སློབ་དཔོན་ཆོས་རྗེ་ཀོ་བྲ ག་པ། གསང་སྟེ་སྟོན་པ་བླ་མ་དྲོད་ཆུང་ པ། ལས་གྲལ་འདུལ་བ་འཛིན་པའི་དགེ་སློ ང་བརྒྱད་ཅུའི་སྤྱན་སྔར་རབ་ཏུ་བྱུ ང་ཞིང་བསྙེན་པར་རྫོགས། མཚན་རྒྱལ་མཚན་དཔལ་བཟང་པོ་གསོལ། ཆོ་གའི་སྐབས་སུ། ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ། ཤཱཀྱའི་གཙོ་བོ་དེ་རབ་ཏུ་བྱུང་ བའི་རྗེས་སུ་གསུང་ཙ་ན། ང་ལ་བཅོས་མ་མ་ཡིན་པའི་དད་གུས་ མཆི་མ་འཁྲུགས་པའམ། བ་སྤུ་ཟིང་བའི་དགའ་སྤྲོ་ཁྱད་པར་ ཅན་ཞིག་བྱུང༌། འཁོར་བ་མཐའ་དག་ལ་ཡིད་ངེས་པར་བྱུ ང་ནས། ངེས་འབྱུང་གི་ཚུལ་ཁྲིམས་བྱ་བ་ གཤའ་མ་ཞིག་ངའི་རྒྱུད་ལ་སྐྱེས་ ནས་ཡོད་གསུང༌། བླ་མ་རྣམས་ཀྱི་ལུང་ལྟར་ཤྲཱི་ གནམ་སྡིངས་ཀྱི་དགོན་པ་བཏབ། དེར་ཟླ་བ་བཅུ་གཅིག་རྡོ་རྗེ་སྐྱི ལ་ཀྲུང་མ་བཤིག་པར་བཞུགས། འབྱུང་བ་ལྔའི་རླུང་གི་ཁ་དོག་གཟི གས་ནས་རླུང་རྩིས་མཛད་པས་ཉི་མ་ ནམ་ཟློག་པ་ལ་སོགས་པ་མཁྱེན། རྨི་ལམ་དང་སྒྱུ་ལུས་ལ་ཡང་མྱོང་ རྟགས་བསམ་གྱིས་མི་ཁྱབ་པ་མངའ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ དང༌། ཛམ་བྷ་ལ། ཡེ་ཤེས་ཀྱི་མགོན་པོ་སོགས་ཞལ་གཟི གས་པ་སོགས་མཐའ་ཡས། ཤྲཱིར་སྒྲུབ་པ་མཛད་པའི་བར་ལ་རྟོ གས་པ་མཉམ་རྗེས་མེད་པར་ཉིན་མཚན་ ཁོར་ཡུག་ཏུ་སོང༌། གཞན་ཡང་ལྷ་གདོང༌། ལྷ་སྡིངས། གྲི་ལྕམ། བར་འབྲོག་ལྕགས་ངུར། གངས་བུ་ལེ་རྣམས་སུ་སྒྲུབ་པ་མཛད། ཕྱིས་ཕྲིན་ལས་ཆེན་པོ་སྐྱོང་བའི་ དུས་སུ་ཡང༌། ལོ་རེ་ལ་དབྱར་དགུན་ཟླ་བ་བཞི་བཞི ་སྐུ་མཚམས་དམ་པོ་དང༌། ཟླ་བ་བཞི་ལ་ཟླ་སྟོད་ཕྱེད་མཚམས། ཟླ་སྨད་སྐུ་མཚམས། དེ་མ་གྲུབ་ན་ཕྱེད་མཚམས་འབའ་ཞིག་ མཛད་ནས་ཕྱེད་གོང་ཐུགས་དམ་གནང༌། སློང་མོ་བ་བྱུང་ཚད་ལ་མེད་མི་གསུ ང་བའི་དམ་བཅའ་དང༌། སྤྲང་པོ་ཤི་བའི་སློག་ཧྲུལ་སྐུ་ ལ་གསོལ་ནས་ཤིག་མང་པོ་གསོས་པ་སོ གས་བདག་གཞན་བདེ་སྡུག་བརྗེ་བ་ཞེ ས་པ་དེ་ཕྱག་ལེན་ལ་ཐེབས་པར་མཛད། སྐུ་སྙན་པ་ཆེ་བས་ཕྱོགས་མཐའ་དག་ ནས་འདུས་པའི་སློབ་མ་ཁྲི་ཚོ་བརྒ ལ་བ་བྱུང་ཞིང༌། དེ་དག་ལ་སྡེ་སྣོད་གསུམ་དང་རྒྱུ ད་སྡེ་བཞིའི་དོན་བསླབ་པ་རིན་པོ་ ཆེ་གསུམ་དུ་བསྡུས་ནས་བསྟན་ཞིང༌། སློབ་མ་རྣམས་ཀྱིས་ནན་ཏན་དུ་བསྐུ ལ་བའི་ངོར། རི་ཆོས་སྐོར་གསུམ་ཞེས་ཕྱི་སྒྲོ་ འདོགས་གཅོད་པ་དགེ་བཤེས་ལ་དགོས་ པའི་ཆོས་སྐོར། ནང་རིག་པ་ངོ་སྤྲོད་པར་བྱེད་པ་སྒོ མ་ཆེན་ལ་དགོས་པའི་ཆོས་སྐོར། གདུལ་བྱ་སྣ་ཚོགས་ལ་དགོས་པ་གསུང་ སྒྲོས་སིལ་བུའི་ཆོས་སྐོར་དང་གསུ མ་མཛད། མཁས་པ་དང་གྲུབ་པར་བོད་ཀྱི་མི་ གཅིག་ལ་ཀུན་མཐུན་གྲུབ་བོ། །དགུང་ལོ་ཞེ་དྲུག་པར། ངའི་གཤེགས་རྫོངས་སུ་རྟེན་བཞེངས་ མི་འཚལ། ངའི་མྱ་ངན་དགེ་རྩ་གཤེགས་རྫོངས་ རྟེན་བཞེངས་ཐམས་ཅད་ཀྱི་དོད་ལ་སྒོ མ་ཆེན་སྔོན་འགྲོ་ཚར་བ་ཡན་ཆད་རི་ ཁྲོད་ལ་བྱོན། རབ་ལོ་དགུ། འབྲིང་ལོ་དྲུག །ཐ་མ་ཡང་ལོ་གསུམ་སྒྲུབ་པ་ལ་ནན་ ཏན་མཛད་པར་ཞུའོ། །ངས་དུར་ནས་ལྟ་བ་ཡིན་ནོ། །ཞེས་སོགས་བཀའ་ཆེམས་གནང་ནས། ངོ་མཚར་བའི་ལྟས་དང་བཅས། ས་རྟ་༼༡༢༥༨༽ལོའི་ས་ག་ཟླ་བའི་ཚེ ས་བཅུ་དགུ་ལ་གཤེགས་སོ། །དེའི་སློབ་མ་ཡང༌། སྤྱན་སྔ་རིན་ཆེན་ལྡན་དང༌། ལོ་རས་ཆོས་སྐྱོང་དཔལ་གཉིས་མཆོག་ ཡིན་ལ། རིས་ཆོས་ཞུ་བའི་གཙོ་བོ་ནི་སེང་ གེ་རྒྱལ་མཚན། སྦས་བཤད་ཞུ་བའི་གཙོ་བོ་ནི་ཞང་ བན་དེ་བ། བར་དོའི་གདམས་པ་ཞུ་བའི་གཙོ་བོ་ ནི་སྟོན་པ་ཡོན་ཏན་དཔལ། གཏུམ་མོ་ཞག་བདུན་མའི་སྐོར་ཨཾ་ཚོ ་རི་ཁྲོད་པ། ན་ཚ་བོགས་འདོན་གྱི་སྐོར་ཡོན་སྒོ མ་ཀུན་ལྡན་དཔལ། ཉམས་མྱོང་སྐོར་ནི་ཇོ་སྲས་བདེ་རྒྱ ལ་བ། གཞི་ལམ་འབྲས་གསུམ་གྱི་སྐོར་ནི་ དར་མ་སེང་གེ། རྫོང་ཁ་བ་ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་གཙང་ལུང༌། རིན་པོ་ཆེ་རྒྱལ་མཚན་འབུམ། སྒོམ་པ་ཤག་རྡོར་རྣམས་སོ། །ཤེས་རབ་རྡོ་རྗེ། རིག་འཛིན་བཟང་པོ། སྟོན་པ་ཡོན་ཏན་དཔལ། དཀོན་མཆོག་དཔལ། བདུད་རྩི་སྙིང་པོ་འདིའི ་སློབ་མ་དར་མ་བཟང་པོའོ།། ལྔ་ནི་མ་འོངས་ལུང་བསྟན་གྱི་བཀའ་ བབ་ཡིན། ཡོན་ཏན་བཟང་པོ། ཡེ་ཤེས་བཟང་པོ། ཀུན་དགའ་བཟང་པོ། ཡེ་ཤེས་མགོན་པོ། རིན་ཆེན་དཔལ་རྣམས་ཞབས་ཏོག་བྱས་ པའི་སློབ་མའོ། །སྒོམ་པ་དད་པ་དཔལ། སྒོམ་པ་ཡེ་ཤེས་རྡོ་རྗེ་ནི་ཟབ་མོ ་ལོ་རྒྱུས་ཞུས་པའི་སློབ་མའོ། །མ་རྒན་གཡུ་ལོ་ལ་ནི། གསང་བའི་རྣམ་ཐར་གནང་བའོ། །གཞན་ཡང་ཟུར་ཕུག་པ། གཡག་ཕུག་པ། ཐང་ཆུང་ཤཱཀྱ་སེང་གེ། དྷརྨ་ཀོ་ཥ། ཆོས་རྗེ་བྲག་པ། རྩིབས་རི་བ་ཡོན་ཏན་རྒྱ་མཚོ། འདིས་ཤྲཱིའི་གདན་སའང་མཛད། ཇོ་གདན་བྱང་ཆུབ་བཟང་པོ་འདི་ལ་ཀུ ན་མཁྱེན་གངས་ཁྲོད་ཀྱང་ཟེར། རྟོགས་ལྡན་རྒྱལ་མཚན་བཟང་པོ། སློབ་དཔོན་སངས་རྒྱས་དཔལ། ཇོ་སྲས་ཡེ་ཤེས་དཔལ། གླན་སྒོམ་དད་པ་བ། བླ་མ་ཆོས་སྡིངས་བ། ཆོས་རྗེ་རྫི་བོ་རས་པ་སོགས་དང༌། ཇོ་ལྕམ་འོད་རྒྱན། མ་ཇོ་ཚུལ་ཁྲིམས་རྒྱན། མ་ཇོ་ཆོས་ཉིད་མཛེས། མ་ཇོ་མཁའ་འགྲོ་དཔལ་སོགས་སྒོམ་མ་ ཇོ་མོ་དྲོད་རྟགས་ཐོན་པའི་རས་མ་ བརྒྱ་རྩ་བརྒྱད་སོགས་རྟོགས་པ་དང་ ལྡན་ཞིང་འཇིག་རྟེན་ལ་མ་ཆགས་པའི་ སློབ་མ་ཕོ་མོ་ཤིན་ཏུ་མང་པོ་བྱུ ང་ངོ༌། །