དབུར་སྟོད་འབྲི་གུང་ཀླུང་ཤོད་ཀྱི་དམངས་གཞས།

དབུར་སྟོད་འབྲི་གུང་ཀླུང་ཤོད་ཀྱི་དམངས་གཞས།

གཞོན་པ་ང་ཚོ་ལྷ་ཆོས་ཞུ་བར་འགྲོ། །

གཞོན་པས་འདི་ནས་ཡར་ཡར་བལྟས་ཟེར་ན། །

རི་བོ་ཆེན་པོས་དབུ་ཞྭ་བཞེས་པ་འདྲ། །

རི་བོ་ཆེན་པོས་དབུ་ཞྭ་བཞེས་དོགས་མེད། །

བདག་གི་བརྩེ་ལྡན་བླ་མ་ཡིན་ཤས་ཆེ། །

བདག་གི་བརྩེ་ལྡན་བླ་མ་ཡིན་ཟེར་ན། །

གཞོན་པ་ང་ཚོ་ལྷ་ཆོས་ཞུ་བར་འགྲོ། །

 

གཞོན་པས་འདི་ནས་ཡར་ཡར་བལྟས་ཟེར་ན། །

ནམ་མཁའི་སྐར་མ་ཐང་ལ་ལྷུང་བ་འདྲ། །

ནམ་མཁའི་སྐར་མ་ཐང་ལ་ལྷུང་དོགས་མེད།

དགོན་པ་སེ་ར་འབྲས་སྤུངས་ཡིན་ཤས་ཆེ། །

དགོན་པ་སེ་ར་འབྲས་སྤུངས་ཡིན་ཟེར་ན། །

གཞོན་པ་ང་ཚོ་ལྷ་ཆོས་ཞུ་བར་འགྲོ། །

གཞོན་པས་འདི་ནས་ཡར་ཡར་བལྟས་ཟེར་ན། །

ནམ་མཁའ་སྔོན་མོ་ཐང་ལ་ལྷུང་བ་འདྲ། །

ནམ་མཁའ་སྔོན་མོ་ཐང་ལ་ལྷུང་དོགས་མེད། །

བྱང་གི་གནམ་མཚོ་ཆེན་མོ་ཡིན་ཤས་ཆེ། །

བྱང་གི་གནམ་མཚོ་ཆེན་མོ་ཡིན་ཟེར་ན། །

གཞོན་པ་ང་ཚོ་ཡོན་ཆབ་ཕུལ་བར་འགྲོ། །

བརྒྱུད་སྐུལ།

མཆན་སྤེལ།