ལྷ་ས་དང་ར་ས།

ལྷ་ས་དང་ར་ས།

ལ་_དེང་_ར།

ཡུལ་མང་པོའི་ཁ་སྐད་དུ་ལ་དང་ར་གཉིས་ཕན་ཚུན་འགྱུར་ནས་འགྲོ་བ་ཞིག་ཡིན་པར་འདུག སྔོན་གྱི་དུས་སུ་རྒྱ་གར་དབུས་སུ་ཡང་ར་ལ་ལ་ཟེར་བ་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་ཡིག་མང་པོར་རྒྱལ་པོ་རཱཛ་ཟེར་བའི་ཚབ་ལ་ལཱཛ་ཞེས་བྲིས། སྟོན་པའི་སྲས་སྒྲ་གཅན་འཛིན་ལ་རཱ་ཧུལ་ཟེར་བའི་ཚབ་ལ་ལཱ་ཧུ་ལ་ཞེས་བྲིས། དེང་སང་ཡང་རྒྱ་མི་རྣམས་ལ་ལ་རར་འབོད། འདིས་ལས་དཔག་ཚེ་སྔོན་གྱི་དཔེ་དང་ལོ་རྒྱུས་རྙིང་པ་ཁུངས་དག་གང་དུའང་ར་ས་འཁྲུལ་སྣང་གི་གཙུག་ལག་ཁང་བྱ་བ་དང་། ར་ས་ར་མོ་ཆེ་བྱ་བ་ཤ་སྟག་ལས། ལྷ་ས་དང་ལྷ་སའི་གཙུག་ལག་ཁང་བྱ་བའི་མིང་ཡེ་མི་རྙེད་འདུག་པས། ར་ས་ལས་ལ་ས་དང་དེ་ནས་རིམ་གྱིས་ལྷ་ས་དང་ལྷ་ལྡན་ཞེས་ཚིག་སྒྲ་བཤད་ཅན་བཟོས་པར་སེམས་ཏེ། དཔེར་ན། བསམ་ཡས་གཙུག་ལག་ཁང་ལ་ཡ་སྔོན་ཟཱན་ཡང་ཞེས་རྒྱ་ནག་གི་སྐད་ཡིན་པ་ལ་ཡང་དེང་སང་བསམ་ཡས་ཞེས་བྲིས་པ་བཞིན་ནོ། བོད་སྐད་ལ་ཡང་ལ་ཡིག་ར་ཡིག་དུ་གྱུར་པ་དེང་སང་ཡུལ་འགར་གསལ་པོ་ལ་གསར་པོ་ཟེར་བ་སོག་སཤིན་ཏུན་མང་ངོ་། ཡོངས་ཁུངས། གསར་འགྱུར་མེ་ལོང་། ཕྱི་ལོ་ ༡༩༣༧ ཟླ་ ༤ ཚེས་ ༤ ཉིན་གྱི་ཤོག་ངོས་ ༣ །

 

བརྒྱུད་སྐུལ།

མཆན་སྤེལ།