ཡར་འབྲོག་གི་ལམ་ཡིག་ཕྱག་དེབ་སྟོད་སྨད་གསར་ཐོན།

ཡར་འབྲོག་གི་ལམ་ཡིག་ཕྱག་དེབ་སྟོད་སྨད་གསར་ཐོན།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

དེ་ཡང་རྩོམ་པ་པོ་བསམ་ཤོད་པ་དཀོན་ཅོག་ཡོན་ཏན་ལགས་ནི། ཕྱི་ལོ་ 1961 ལོའི་ཟླ་བ་ 11 ཚེས་ 6 ཉིན་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྗོང་སྟག་ལུང་གྲོང་རྡལ་དུ་སྐྱེས་ཤིང་། བོད་ལྗོངས་སློབ་ཆེན་བོད་སྐད་ཀྱི་ཡིག་རྩོམ་རིག་ཚན་ཁག་ནས་མཐར་ཕྱིན། ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མིའི་ཐུགས་འགན་བཞེས། ཁོང་གིས་ལས་ཞོར་དུས་ཚོད་བེད་སྤྱད་ནས་《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་》 དང་།《བོད་ལྗོངས་ཞིབ་འཇུག་》སོགས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་བརྩམས་ཆོས་ཉིས་བརྒྱ་ལྷག་སྤེལ་མྱོང་ལ། མང་དག་ཅིག་ལ་བོད་རང་སྐྱོང་ལྗོངས་དང་། རྒྱལ་ཁབ་རིམ་པ་སོགས་ཀྱི་བྱ་དགའ་ཡང་ཐོབ་མྱོང་ཡོད།

ནང་དོན་མདོར་བསྡུས།

ཁོང་གིས་བརྩམས་གནང་བའི་ 《ཡར་འབྲོག་གི་ལམ་ཡིག་》 ཅེས་པའི་མུ་འབྲེལ་ལྷུག་རྩོམ་ལས་སྒྲུབ་པའི་དེབ་འདི་ནི། རྩོམ་པ་པོས་མི་ལོ་དུ་མའི་དུས་ཚོད་ནང་གཞི་རིམ་དུ་ཕེབས་ཞོར་ལ་ཡར་འབྲོག་སྒང་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་གྱི་ངོ་མཚར་མཐོང་ཐོས་ཅི་རིགས་ཀུན་རིས་སུ་མ་བོར་བར་ཡིག་ཐོག་ཏུ་བཀོད་པའི་བརྩམས་ཆོས་ལྗིད་ཏིག་ཏིག་ཅིག་ལགས།
འོས་སྦྱོར་རྒྱུ་མཚན།

རྩོམ་པ་པོའི་ཕ་ཡུལ་ཡར་འབྲོག་གི་གནའ་ཤུལ་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། འཚོ་གནས་བྱེད་སྟངས་སྐོར་གཙོ་བོར་བྱས་པ་དང་། དེ་དག་ཕྱོགས་ཡོངས་ནས་གླེང་བའི་ཤེས་བྱ་ཀུན་བཏུས་ཤིག་ཡིན་པས། ཀློག་པ་པོ་སྤྱི་དང་ཡང་སྒོས་ཡུལ་ཡར་འབྲོག་ལ་ཞིབ་འཇུག་གནང་མཁན་རྣམས་ལ་རིན་ཐང་མི་དམན་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་པས་མཚམས་སྦྱོར་ཞུ་བ་ལགས་སོ།།

བརྒྱུད་སྐུལ།

མཆན་སྤེལ།