༄༅།། ལོ་མ་དམར་པོ།
རིན་རྒྱམ།(ཟི་ལིང)
“འདས་ཟླའི་དགའ་སྡང་ཆགས་ཞེན་གྱི་རྨ་ཤུལ་ཡོད་ཚད། ནམ་ཞིག་ཁྱོད་རང་ལྗོན་པ་དང་གྱེས་པའི་ཚེ་ཁྱོད་ཀྱི་གདོང་ལ་གསལ་བོར་སྣང་ངེས་ཤིང༌། ཕྱིར་དྲན་ཁྲོད་དུ་ཉི་འོད་ཀྱི་དམར་མདངས་ཆགས་པའི་ངའི་གླུ་སྒྲ་དང་ཚེ་སྲོག་གི་ལང་ཚོའི་འཆར་ཡན། ས་གཞིའི་ཉིང་ཁུ་གཞིབས་པའི་ལྗོན་ཤིང་གི་ཟུངས་ཁུ་ཐམས་ཅད་སྐབས་དེའི་བདེ་སྐྱིད་ཡིན་པ་
རྟོགས་ཐུབ།鉋 ཁོས་འདས་པའི་དུས་ཀྱི་鉄ལོ་མ་དམར་པོ鉅ཡི་སྙན་ཚིག་ཐུང་ཐུང་འདི་ཕྱིར་དྲན་བྱས་ཤིང༌། ནམ་རྒྱུན་ལྟར་
ཡིག་ཐུམ་བརྩེགས་མ་དེ་ཁྱེར་འོངས་ནས་ཀློག་མགོ་བརྩམས།
1
བསམ་གཏན་ལགས།
ཁྱོད་རང་བདེ་བར་གནས་སམ། ཉི་ཆར་ལུས་ཕུང་བདེ་ཐང་ཡིན་པ་གཞིར་བཅས། འཚོ་བའི་ཐད་ནས་དཀའ་ངལ་
ཕྲན་ཙམ་ཡང་མེད་པར་སློབ་སྦྱོང་ལ་ཧུར་བརྩོན་བྱེད་བཞིན་ཡོད་དམ།
ཁྱོད་ཀྱི་འཕྲིན་ཡིག་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོ། གློག་བརྙན鉄མི་ཚེ鉅ཞེས་པར་ལྟ་རུ་སྐྱོད་པའི་ལམ་
བར་དུ་གྲོགས་མོ་ཞིག་གིས་བསྐྱལ་འོངས། འཕྲིན་ཡིག་གི་ནང་དོན་ཞིབ་ཆ་ལྡན་ལ་སྐད་ཆ་ཚིག་འབྲུ་རེ་རེ་སྙན་ཆ་དོད་ཅིང་
ཀུ་རེའི་ངང་ཚུལ་དང་ལྡན་པས། ང་རང་གཅིག་པུ་རང་དབང་མེད་པར་གད་མོ་ཤོར། སྤྱིར་ཡི་གེ་ཤོག་ལྷེ་གཅིག་མ་གཏོགས་
བྲིས་མེད་མོད། འོན་ཀྱང་དེས་ང་རང་ཧ་ཅང་དགའ་སྤྲོ་སྐྱེ་རུ་བཅུག ཁྱོད་ཀྱིས་ང་རང་བརྫེད་མེད་པ་ནི་ཇི་འདྲའི་བློ་ཡུལ་
ལས་འདས་པ་ཞིག་རེད་ཨང༌།
འུ་གཉིས་རྫོང་མཁར་གཅིག་གི་མི་ཡིན་ཡང༌། སྔོན་ཆད་ཕན་ཚུན་གླེང་མོལ་བྱས་པ་ཤིན་དུ་ཉུང༌། ཐེངས་འདིའི་
དབྱར་གནང་ལ་བརྟེན་ནས་གཅིག་གཅིག་ལ་ཆ་རྒྱུས་རགས་ཙམ་ལོན་བྱུང༌། ཁྱོད་ནི་ཡིད་གཞུངས་ལ་སྤྲོ་སྣང་ལྡན་ཞིང༌།
སྐད་ཆ་ཐད་ཀར་ལབ་རྒྱུར་དགའ་བས་ཕལ་ཆེར་ཁྱོད་ཀྱི་གཤིས་རྒྱུད་ཀྱང་དེ་ལྟར་ཡིན་སྲིད།
བསམ་གཏན། མདང་ནུབ་ཀྱི་གློག་བརྙན་鉄མི་ཚེ鉅 ཇི་བཞིན་འཚོ་བའི་ལམ་ཕྲན་སྟེང་ནའང་ཀྱག་ཀྱོག་མང་ལ།
ཚེ་སྲོག་ལ་གཡམ་རྒྱུགས་བྱེད་པའི་བར་ཆད་ནི་ནམ་ཡོང་ཆ་མེད་རེད། ངས་ཐོག་མའི་འཕྲིན་ཡིག་ནང་དུ་འདི་ལྟར་བཀྲ་མི་
ཤིས་པའི་སྐད་ཆ་བྲིས་པ་ལ་ཁྱོད་རང་ཐུགས་རྒྱལ་མི་བཞེངས་པར་མཁྱེན། ངས་ཁྱོད་ལྟ་བུའི་གྲོགས་པོ་ཞིག་ངོ་ཤེས་པར་
དགའ་སྤྲོ་སྐྱེས་ཤིང༌། ཁྱོད་ལྟ་བུའི་གྲོགས་པོ་ཞིག་གིས་འཕྲིན་ཡིག་སྤྲིངས་ཡོང་བར་དེ་བས་ཀྱང་སྤྲོ་བ་བརྟས། ཁྱོད་རང་རྫོང་
ཐོག་ཏུ་མྱུར་བར་འབྱོར་ན་ཅི་མ་རུང༌། ཡིན་ནའང་བསམ་བློ་ཞིག་གཏོང་དུས། ཁྱོད་ཚོ་སློབ་སྦྱོང་ལ་བྲེལ་བ་ཆེབའི་སྒང་ཡིན་
ལ། དུས་ཚོད་ནི་མ་འོངས་གྲུབ་འབྲས་སྐྲུན་པའི་ཆ་རྐྱེན་ཁོ་ན་རེད། ངས་སློབ་གྲྭ་ཆེན་མོར་རྒྱུགས་མ་འཕྲོད་པའང་དུས་ཚོད་
ལ་གཙིགས་འཛིན་མ་བྱས་པའི་ཉེས་ཆད་ཡིན་ཀྱང་སྲིད།
ཉོག་གཏམ་མང་པོ་ཞིག་གིས་ཁྱོད་ལ་སུན་པོ་བཟོས་སོང༌། དེ་རིང་གླེང་མཚམས་འདི་ནས་འཇོག ངས་ནམ་རྒྱུན་
འཕྲིན་ཡིག་སྤྲིངས་ངེས་ཡིན། ཞེས་དབང་མོས་ཟླ་༦ཚེས་༡༢ལ་ཕུལ།
2
དགུན་དུས་ཀྱི་གྲང་ལྷགས་དང་ཁོར་ཡུག་གི་རྡུལ་འཚུབ་ཀྱི་ཕུང་པོས་ཁོའི་སེམས་ཁམས་ཡོངས་སུ་བཏུམས་པས།
གཡའ་དག་ཅིང་དྲོད་རྒྱུན་འཁོལ་བའི་འདས་ཟླ་དེ་དག་བསྐྱར་དྲན་བྱེད་རྒྱུ་ནི་ངོ་མ་ཁག་པོ་རེད།
ཁོས་ཆང་རག་དམ་བེ་གང་གི་ཁ་གཅོད་ཕྱེ་ཞིང་ཚམ་ཚོམ་ཅི་ཡང་མེད་པར་ཧུབ་ཆེན་པོ་ཞིག་བྱས། དེ་ནི་ནམ་རྒྱུན་
གོམས་སྲོལ་དུ་གྱུར་པའི་སྤྱོད་སྟངས་ཤིག་ཡིན་པ་ཁོས་ཡེ་ནས་གཏིང་བརྗེད་དུ་སོང་ལ། དུས་ག་འདྲ་ཞིག་ལ་རྒྱུ་རྐྱེན་ཇི་འདྲ་
ཞིག་གི་འོག་ནས་ད་གཟོད་སྤྱོད་སྟངས་འདིའི་མགོ་ཚུགས་པའང་སུས་མཁྱེན། ཁ་སང་དེ་རིང་འདིར་མཐོ་སྒང་གི་བཟོད་
དཀའ་བའི་གྲང་ངར་དང་ཡིད་ཀྱི་བྲག་རིའི་ངོར་བརྐོས་པའི་རྨ་ཁ་དྲག་པོ་དེ་གཉིས་ནི་ཚེ་སྲོག་ལ་ཅོ་འདྲི་བའི་མདུང་རྩེ་
རྣོན་པོ་དང་འདྲ། ཐབས་ག་འདྲ་ཞིག་བཀོལ་ནས་རང་ཉིད་ལ་སྤྲོ་བ་འདྲེན་རྒྱུ་ནི་ཁོར་མཚོན་ན་དམུས་ལོང་གིས་མཁོ་
དངོས་བཙལ་བ་ཇི་བཞིན་ཡིན་ལ། ཁེར་རྐྱང་གི་ལག་པ་གཏུམ་པོས་དུས་ཡུན་སྐར་ཆ་རེར་ཡང་ཤུགས་ཀྱིས་སུན་སྣང་གི་སྒོ་
གླེགས་རྡུང་རྒྱུར་ཐེ་ཚོམ་ཅི་ཡང་མེད།
“ཤག་ཤག—”
ལོ་མ་དམར་པོ་ཞིག་གྲང་རླུང་གིས་ཁུར་འོངས་ནས་དྲ་མའི་ངོས་སུ་ལྷུང༌།
“བསམ་གཏན།鉋
“ཡོད་ལགས།鉋
“ཨིན། ང་ལ་འདྲི་རྒྱུ་ཞིག་ཡོད། ཁྱོད་ཀྱིས་ཡིན་གཅིག་མིན་གཉིས་ལ་ལན་འདེབས་དགོས་ཨ། ཆོག་གམ།鉋
“ལོས་ཆོག དོགས་གཞི་ག་འདྲ་ཞིག་དང་གནད་འགག་ཇི་འདྲ་ཞིག་ཡོད་ན་ཁྱོད་རང་གིས་དྲིས་ཤོག ལྕམ་མོ།鉋
“ཨིན། སྡོང་བོ་འདི … … ”
“སྡོང་བོ་འདི་འུ་གཉིས་ཀྱི་བརྩེ་དུང་གི་མཚོན་རྟགས་རེད། ད་ཅི་ཡོད།鉋
“མ་རེད། ཁྱོད་ཀྱིས་ངས་དྲིས་མ་ཚར་བར་ལན་མ་འདེབས།鉋
“དེ་ཆོག་གི།鉋
“སྡོང་ལོ་འདི … … ”
“སྡོང་ལོ་འདི་འུ་གཉིས་ཀྱི་བརྩེ་དུང་གི་ཡལ་འདབ་རབ་ཏུ་རྒྱས་ཤིང་བདེ་སྐྱིད་ཀྱི་ཉིང་བཅུད་འཛིན་པའི་མཚོན་
རྟགས་རེད། ད … … ”
“མ་རེད། མ་རེད། ང་ལ་བཤད་ཚར་གི་ཆུགས།鉋
“ཡ། ཆོག་གི། ཆོག་གི།鉋
“སྡོང་ལོ་འདི་སྟོན་མཇུག་ས་རུ་ཟགས་པར་གྱུར་ན། ཨིན། གལ་ཏེ་ང་རང་ལོ་མ་དམར་པོ་ཞིག་ཡིན་པའི་དབང་
དུ་བཏང་ན། ཁྱོད་ཀྱིས་བཏུས་ནས་དཔེ་དེབ་བར་ལ་འཇོག་སྲིད་དམ།鉋
“ཁྱོད་ལ་འདྲི་རྒྱུ་ཞིག་ཡོད་པ་དེ་ཡིན་ནམ།鉋
“ཨིན།鉋
“འོ། དེ་འདྲའི་འདྲི་ཚིག་སླ་མོ་ཞིག གལ་ཏེ་ཁྱོད་རང་སྡོང་བོ་འདིའི་སྟེང་གི་ལོ་མ་དམར་པོ་ཞིག་ཡིན་པའི་དབང་
དུ་བཏང་ན། དགུན་དུས་གྲང་རླུང་གིས་ཡུལ་གྲུ་གང་ཞིག་ལ་ཁུར་སོང་རུང་ངས་སླར་ཡང་བཙལ་འོངས་ནས། སྙིང་ག་རུ་
སྦྱར་ནས་དྲོད་རྒྱུན་མ་ལུས་པར་སྟེར་ངེས་ཡིན། ད་ཚིམས་པོ་བྱུང་ངམ།鉋
“ཧེ་ཧེ—ཁྱོད་ཀྱིས་རྫུན་ལབ་ཀྱིན་འདུག”
“ཧེ་ཧེ—ཁྱོད་ཀྱིས་རྫུན་ལབ་ཀྱིན་འདུག འགྱུར་ཁུགས་ལྡན་པའི་སྐད་ཆ་དེ་གློ་བུར་དུ་མེ་ལྕེ་ཇི་བཞིན་འབར་
བ་དང་ཆུ་ཀླུང་བཞིན་དུ་འཕྱུར་ཏེ་ཁོའི་སྙིང་དབུས་སུ་གཅུས་ལོག་ཡང་ཡང་བརྒྱབ། ཐོལ་གྱིས་བྱུང་བའི་རྣམ་རིག་ཅིག་གིས་
ཁོ་ལ་བྲེད་ཤ་བསླངས་ནས་སྒོར་རྒྱུག་ཏུ་བཅུག ལོ་མ་དམར་པོ་དེ་གྲང་རླུང་གིས་གདུག་རྩུབ་ཀྱིས་བར་སྣང་ལ་ཁྱིར་ཏེ་ཉི་མ།
ཟླ་བ། སྐར་མའི་འདུ་འགོད་རྩེན་པའི་འཇིག་རྟེན་གཞན་ཞིག་ལ་འཐིམ།
ཐལ་མདོག་གི་ཡུལ་གྲུ་ཀུན་ནས་སྐྱོ་གདུང་གི་དབྱངས་རྟ་ལ་དྲངས་པའི་ཤུ་གླུ་རིང་མོ་ཞིག་རིམ་བཞིན་རྒྱ་བསྐྱེད་
བྱུང༌། ཁོ་ནི་འཇིམ་པས་གྲུབ་པའི་རང་བྱུང་གི་འབག་སྐུ་ཞིག་དང་འདྲ་བར་འགུལ་མེད་དུ་འགྲེང་འདུག3
ཉིན་མཚན་དབྱེར་མེད་དུ་དྲན་པའི་བསམ་གཏན་ལགས།
ཁྱོད་བདེ་མོ་ཡིན་ནམ།
འུ་ཅག་ཁ་གྱེས་པ་ནས་དེ་རིང་བར་དུ་ཁྱོད་ཀྱི་ལུས་ཕུང་བདེ་ཞིང་འཚོ་བར་སྤྲོ་སྣང་ལྡན་པ་དང་སློབ་སྦྱོང་ལ་ཡར་
ཐོན་ཡོད་དམ།
བསམ་གཏན་ལགས། ཁྱོད་ཀྱིས་འཕྲིན་ཡིག་མི་སྤྲིང་དོན་ཅི་ཡིན། ངས་ཉིན་རྒྱུན་འཕྲིན་སྐྱེལ་རླང་འཁོར་ལ་རེ་སྒུག་
བྱས་ཤིང་རྨི་ལམ་དུའང་ཁྱོད་ཀྱིས་འཕྲིན་ཡིག་སྤྲིངས་ཡོང་བ་ཡང་ཡང་རྨིས། ཡིན་ནའང་ཐེངས་རེ་རེར་ཡི་ཆད་དང་སྐྱོ་
གདུང་གི་མཆི་མ་བསྙིལ་བ་ལས་གཞན་ཅི། ཁྱོད་ཀྱི་སེམས་སུ་ཅི་ཞིག་སྙམ་བཞིན་ཡོད་དམ། དངོས་གནས་ང་དང་འབྲལ་
འདོད་པ་ཨེ་ཡིན། འུ་གཉིས་གྱེས་ཁའི་སྔ་ཉིན“བྱ་བ”དེའི་ཐད་ལ་ངས་དྲི་བ་གང་མང་བཏོན་མོད། འོན་ཀྱང་རྒྱ་
མཚོའི་འཇིངས་སུ་རྡོ་འཕངས་པ་ལྟ་བུ་རེད།
སྐུ་ཞབས་ཨ་རག་ལགས། ང་རང་ཧ་ཅང་ཧ་ཅང་གིས་སུན་སྣང་སྐྱེ་བཞིན་པ་ཁྱོད་ཀྱིས་ཤེས་སམ། ངས་ནམ་རྒྱུན་
མཛུབ་རྩིས་བརྒྱབ་སྟེ་ཉིན་གྲངས་བགྲང་བ་དང་ཉིན་རེ་བཞིན་འུ་གཉིས་ལྷན་འཛོམས་ཀྱི་སྤྲོ་སྐྱིད་ལྡན་པའི་དུས་དེ་དག་
དྲན་གསོ་བྱས། འུ་གཉིས་ཆུ་འགྲམ་དང་སྤང་ཐང་དུ་རྩེད་མོར་གཡེངས་ནས་གླུ་དབྱངས་མཉམ་ལེན་བྱེད་པའི་སྐལ་བཟང་
གི་དུས་དེ་དག་ཕལ་ཆེར་ཁྱོད་ཀྱིས་སྔ་མོ་ནས་གཏིང་བརྗེད་དུ་གྱུར་ཟིན་ལ། ཐ་ན་འཕྲིན་ཡིག་ཙམ་ཡང་སྤྲིང་མི་འདོད་པར་
གྱུར་འདུག
ཉིན་འདི་འགའི་རིང་ལ་ངའི་སེམས་ཁམས་རབ་རིབ་ཏུ་གྱུར་པས། གནས་སྐབས་ཁྱིམ་ནས་ངལ་གསོ་བྱེད་བཞིན་
ཡོད། ཁྱོད་རང་ཅི་ཙམ་ཞིག་དྲན་སྣང་དུ་གྱུར་ན་ཁྱོད་ལ་དེ་ཙམ་གྱིས་སྡང་སེམས་ཤིག་སྐྱེས་ཤིང༌། སྐབས་རེར་ངའི་འཕྲུལ་
སྣང་ཞིག་ལ་ཁྱོད་རང་རྫོང་ཐོག་འབྱོར་ནས་སྲང་ལམ་དུ་ཁེར་རྐྱང་གིས་འཁྱམ་བཞིན་ཡོད་སྙམ་ནས། གར་འོངས་མི་ཤེས་
པའི་བྲེལ་འཚུབ་ཅིག་གིས་ང་རང་རྒྱ་སྲང་དུ་ཉུལ་ཞིབ་བྱེད་པར་དྲངས། ངོ་མ་ང་ནི་གླེན་མ་ཞིག་རེད་ཨང༌།
ཁ་སང“བྱ་བ”དེའི་ཆེད་དུ་མི་མངགས་ཡོང་སྟེ་ཡང་བསྐྱར་གླེང་མགོ་བརྩམས། ཕ་མས་ང་རང་འཐད་མིན་
དྲིས་བྱུང༌། ང་རང་བཟོད་དཀའ་བའི་ཁོང་ཁྲོ་ཞིག་གིས་ངུས་པ་དང་འུ་གཉིས་ཀྱི་འབྲེལ་བ་རགས་ཙམ་མི་བཤད་ཐབས་
མེད་བྱུང༌། ཕ་མས་ང་ལ་སྡིགས་མོ་ཇི་འདྲ་ཞིག་བྱས་པ་ཁྱོད་ཀྱིས་ག་ལ་ཤེས།“བྱ་བ”དེ་གནས་སྐབས་སུ་བསྐྱུར་མོད།
རྗེས་སུ་ད་དུང … … ང་རང་ཧ་ཅང་སྐྲག་སྣང་སྐྱེས།
བསམ་གཏན་ལགས། ངས་ཉོག་གཏམ་འདི་འདྲ་མང་པོ་ཞིག་སྨྲས་པར་ཁྱོད་ཀྱིས་ཉན་མི་འདོད་པ་ཐག་གིས་ཆོད།
ཡིན་ནའང་ཐམས་ཅད་ངའི་སེམས་གཏིང་གི་སྐད་ཆ་ཡིན། དྲང་བོར་བཤད་ན་འུ་གཉིས་ཀྱི་འབྱུང་འགྱུར་ནི་ཇི་ལྟ་བུ་ཞིག་
ཡིན་པ་སུས་ཀྱང་བརྗོད་མི་ཐུབ། ཁྱོད་རང་དངོས་གནས་ང་ལ་བརྩེ་དུང་ཡོད་ན། ངས་ནམ་ཡང་ཁྱོད་ལ་རེ་སྒུག་བྱེད་ངེས་
ཡིན་ལ། དེ་ལྟར་མིན་ཚེ་ངས་ད་ལྟ་ནས་སྡུག་བསྔལ་དང་སྐྱོ་གདུང་གང་ཡོད་ཁོང་དུ་སྦས་ཏེ། ད་ནས་བཟུང་ངས་ལྷད་མེད་
པའི་བརྩེ་དུང་བཅོལ་བའི་གཞོན་ནུ་དེ་སེམས་གཏིང་ནས་བརྗེད་དུ་འཇུག་རྒྱུ་ཡིན། ངས་འདི་ལྟར་སྨྲ་མི་ཕོད་མོད
… … ཁྱོད་ཀྱིས་འཕྲིན་ལན་ཅིག་སྤྲིང་ཆོག་གམ། ཐ་ན་ཡིག་འབྲུ་གཅིག་ཙམ་ཡིན་ཡང༌།
རྒྱལ་སྟོན་སྐབས་སུ་ཡོང་ཐུབ་བམ།
ཁྱོད་ཀྱི་ཡོད་ཚད་རེ་བ་ཇི་བཞིན་འགྲུབ་པར་སྨོན།
ཞེས་ཟླ༩ཚེས༤ལ་དབང་མོས་ཕུལ།
(གཞན། འཕྲིན་ཡིག་སྤྲིངས་ཚེ་སྔོན་གྱི་ལས་གནས་སུ་སྤྲིང་ཆོག)
4
འུ་ཅག་ཁ་བྲལ་ནས་ཉིན་གསུམ་འགོར། ངས་ཐེངས་དང་པོར“གཉིད་ཆག་ཟས་བརྗེད”ཀྱི་བྲོ་བ་མྱངས་སོང༌།
ཤིན་ཏུ་རིང་བའི་ཟླ་གསུམ་གྱི་དུས་ཡུན་དངོས་གནས་ཇི་ལྟར་སྐྱེལ་ལམ། དྲན་སྣང་གི་མནར་སྤྱོད་ཀྱིས་ང་རང་དུས་ཚོད་སྐར་
ཆ་རེར་ཡང་བག་ཡངས་སུ་སྡོད་དུ་མི་འཇུག འདི་ནི་“ཚེ་སྲོག་ལ་རིན་ཐང་ཆེ་ཡང་བརྩེ་དུང་གི་རིན་ཐང་ནི་དེ་བས་ཆེ”
ཞེས་པའི་གོ་དོན་ཡིན་སྲིད།
དྲང་བོར་བརྗོད་ན། ང་རང་ཉིན་རེ་བཞིན་ཁྱོད་དང་མཉམ་དུ་བསྡད་ན་འདོད། བསམ་གཏན་ལགས། ང་རང་ད་
ལྟ་ཁྲོ་བ་ཚ་ཞིང་དབེན་འཇགས་ལ་དུང་བའི་རྒྱུ་མཚན་ཁྱོད་ཀྱིས་ཨེ་ཤེས། ནམ་གུང་ཡིན་རུང་ངས་ཁང་པའི་ཀླད་ནས་
གདོང་ནམ་མཁར་ཕྱོགས་ཏེ་ཁྲ་ལམ་མེར་བཞད་པའི་སྐར་ཚོམ་དང་ཟླ་བར་བལྟས། ང་རང་མཚན་དུས་ཀྱི་ནམ་མཁར་
འདི་འདྲའི་དུང་བ་ཆགས་དོན་ནི་དེའི་དུས་ཕྱི་ཡུལ་གྱི་བཀག་རྒྱ་ཅི་ཡང་མེད་པར་འུ་གཉིས་མཉམ་དུ་གནས་པའི་སྐབས་
ཀྱི་རྣམ་པ་རྣམས་དྲན་གསོ་བྱེད་ཐུབ་པས་རེད།
ཁྱོད་ཀྱིས་ཁྱོད་རང་རྒྱལ་སྟོན་དུས་ཆེན་ལ་རྫོང་ཐོག་ཏུ་ཡོང་དོན་ནི་ང་རང་བསམས་པ་ཡིན་ཟེར། དེ་དུས་ང་རང་
ཇི་འདྲའི་དགའ་སྤྲོ་ཆེན་པོ་ཞིག་སྐྱེས་པ་ལ་ཨང༌། སྐབས་དེར་ང་རང་ཡིད་འགུལ་ཐེབས་དྲག་པས་རང་དབང་མེད་པར་
མིག་ནས་མཆི་མ་བཞུར། ཁྱོད་ཀྱིས་ལག་ཕྱི་བཀོལ་ནས་ངའི་གདོང་གཙང་མར་ཕྱིས། དགའ་སྤྲོའི་མཆི་མ་ཡ། ངའི་ཕྱི་ཚུལ་
ནི་བརྟན་བརླིང་གི་ཉམས་ལྡན་ཡང་སེམས་ཁམས་ནི་ཧ་ཅང་ཉམས་དམས་སུ་གྱུར་འདུག ངའི་སྙིང་དབུས་ཀྱི་སྐད་ཆ་ཡོད་
ཚད་ཁྱོད་གཅིག་པུར་བཤད། ཁྱེད་གཅིག་པུས་གསན་རོགས།
ཁྱོད་རང་རྫོང་ཐོག་ཏུ་འབྱོར་ནས་ཉིན་གསུམ་བསྡད་ཀྱང་འུ་གཉིས་ཐེངས་གཅིག་མ་གཏོགས་ལྷན་འཛོམས་ཀྱི་ཁ་
བརྡ་བྱ་མ་ཐུབ། ཚེས་གཉིས་ཉིན་ང་རང་རྐང་གཟས་ནས་རྙོག་འཛིང་དང་འདུ་འཛི་ཆེ་བའི་མི་ཚོགས་ཀྱི་ཁྲོད་དུ་ཕྱིན་ནས་
ཁྱོད་རང་བཙལ། མི་མང་པོའི་གསེབ་ནས་ཡར་ལྟ་མར་ལྟ་ཇི་ལྟར་བྱས་རུང་ཁྱོད་ཀྱི་གྲིབ་གཟུགས་ཙམ་ཡང་མཐོང་ཡུལ་དུ་
མི་སྣང་བར་མ་ཟད། དེ་ལས་ལྡོག་སྟེ་རྐྱལ་སྟོང་གང་མང་ཞིག་གིས་མིག་ཟུང་ཅེ་རེར་ལྟ་བ་དང་ལ་ལས་བསམ་གཟས་ནས་
བརྙས་བཅོས་ཀྱང་བྱེད། གློ་བུར་དུ་ངས་ཁྱོད་རང་མཐོང་བྱུང༌། ངའི་གློ་སྙིང་བར་དུ་སྤྲོ་སྣང་ཞིག་ཐོལ་གྱིས་སྐྱེས་པ་དང༌།
ད་ནས་རྐྱལ་སྟོང་སུས་ཀྱང་ང་ལ་བརྙས་བཅོས་བྱེད་མི་ཕོད་བསམས། ཡིན་ནའང་ཁྱོད་རང་མི་གཉིས་ཀྱིས་གཡས་སྐྱོར་
དང་གཡོན་སྐྱོར་བྱས་ཏེ་གོམ་སྟབས་འཁྱོར་བཞིན་ངའི་ཉེ་འགྲམ་བརྒྱུད་དེ་སོང་ཡང་ང་ལ་མིག་ཟུར་ཙམ་ཡང་མི་ལྟ། ང་ནི་
ཇི་འདྲའི་རེ་ཐག་ཆད་པ་ལ་ཨང༌། སྐབས་དེར་ངས་ཅི་ཡང་མི་ཚོར་ལ་མི་ཚོགས་རྣམས་ནི་ལྷིང་འཇགས་སེ་སོང༌། ངས་རྐང་
པ་ས་རུ་སྤོ་བཞིན་ཡོད་མེད་ཀྱང་མི་ཤེས། བྲེལ་མྱུར་ངང་ཡུལ་དུ་ཆས་པའི་ལམ་བར་དག་ནས་གྲོགས་པོ་འགའ་རེར་ཕྲད་
མོད། འོན་ཀྱང་མགོ་བོ་གུག་གུག་ཙམ་བྱེད་པ་ལས་སྐད་ཆ་ཚིག་འབྲུ་ཙམ་ཡང་སྨྲ་མ་ནུས། ང་རང་ཁེར་རྐྱང་གི་མལ་ཁང་དུ་
འཛུལ་ནས་ངུ་བཞིན་སྡོད་པ་ལས་ཐབས་ཅི་མཆིས། གང་ལྟར་ཀྱང་ས་སྲོད་ལ་ཁྱོད་རང་ཐེངས་ཤིག་མཐོང་འདོད་པས་ཁྱིམ་
མཚེས་ཀྱི་གྲོགས་མོ་ཨུ་ཚུགས་ཀྱིས་ཁྲིད་ནས་གློག་བརྙན་ལ་ལྟ་རུ་ཕྱིན། ཡིན་ནའང་ཁྱོད་རང་མ་མཐོང་བར་མ་ཟད། ཕྱིར་
ཡུལ་དུ་ལོག་སྐབས་མི་སྐོར་ཞིག་གིས་ངེད་གཉིས་དེད་བྱུང་བས་དངངས་སྐྲག་མི་ཟད་པ་ཞིག་མྱོང་དགོས་བྱུང༌།
ངས་གློག་བརྙན་ཁང་ནས་ཁྱོད་རང་བཙལ་བའི་སྐབས་སུ་ཁྱོད་ཀྱིས་ཆང་རག་བག་མེད་དུ་འཐུངས་ནས་སྤྲོ་སྤྲོ་
གཏོང་བཞིན་ཡོད་ནའང་ཐང༌། ཡང་ན་ཁྱོད་དང … … ཁྱོད་ཀྱིས་ང་རང་ཡེ་ནས་བརྗེད་ཟིན། ངས་ད་དུང་མུ་མཐུད་
དུ་སྨྲས་ཀྱང་ཁྱོད་ཀྱི་རྣ་བ་ང་ལ་གཡོར་མིན་སུས་ཤེས། འདི་ནི་ངའི་སེམས་ཀྱི་སྐད་ཆ་ཡིན་པས་གཞན་གྱིས་མི་མཐོང་བ་ཞུ།
དགོངས་དག་གནང་རོགས།
ཕལ་ཆེར་ཟི་ལིང་གི་ནམ་ཟླ་ཇེ་འཁྱགས་ལ་སོང་ཡོད་ཚོད་ཡིན། ཁྱོད་ཀྱིས་གྱོན་གོས་འཐུག་པོ་གྱོན་ཏེ་ལུས་ཕུང་ལ་
གཅེས་སྤྲས་བྱེད་རྒྱུ་གལ། ཆང་མང་པོ་མི་འཐུང་བར་མཁྱེན། དེས་ལུས་པོར་གནོད་པ་ཡོད་ལ་སློབ་སྦྱོང་ལའང་བར་ཆད་
གཏོང་ངེས། ངས་རེ་བ་ནི་ཐེངས་རྗེས་མར“རྒྱུགས་མ་འཕྲོད”ཅེས་པའི་གཏམ་ངན་ཞིག་ཁྱེར་མི་འོང་བར་འཚལ།
(འདྲ་པར་འདི་ངས་རང་འགུལ་པར་ཆས་བཀོལ་ནས་བླངས་ཤིང༌། སྦྱིན་ཤོག་ཀྱང་རང་ཉིད་ཀྱིས་བཀྲུས་ཏེ་གྲུབ་
པ་ཡིན། ལྟོས་དང༌། དགོད་ཚུལ་ནི་ཇི་འདྲའི་གླེན་རྟགས་ཚ་བོ་ཞིག་རེད་ཨང༌། )
རྗེས་ནས་མཇལ།
ཞེས་ཟླ༡ཚེས༥ལ་དབང་མོས་ཕུལ། 5
鉄རྟ་རྒོད་ཀྱི་སྲབ་སྐྱོགས་དམ་པོར་ཟུངས་ཤིག鉅
རྒྱ་ཡིག་གིས་བྲིས་པའི་སློབ་གསོའི་རྩོམ་ཐུང་དེ་ཁོས鉄མི་གྲངས་དང་ཁོར་ཡུག鉅ཅེས་པའི་དུས་དེབ་ངོས་ནས་དྲས་
ཡོང་བ་ཡིན། ཁོས་ཁོ་མོར་བདེན་དོན་འདྲེས་མའི་ཀུ་རེ་དང་བཅས་སློབ་གསོ་ཞིག་བཏང་བ་ནི་ཐེངས་འདི་ཁོ་ན་ཡིན།
“ཝ་ཡེ། གླེན་མ་ཁྱོད་ཀྱིས་ཉོན་དང་ངས་ཁྱོད་ལ་རྩོམ་ཡིག་ཅིག་ཀློག”
“བཀའ་དྲིན་ཆེ། གླེན་པ།鉋
“ལོ་བཅུ་དྲུག་བཅུ་བདུན་སྟེང་ནས་དགའ་གྲོགས་བཙལ་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཡིན་ལ། ཕན་ཚུན་མཆུ་
སྦྱོར་དང་འཐམ་འཁྱུད། འདོད་གཏམ་སྨྲ་བ་ཐམས་ཅད་ཀྱང་ཧ་ལས་པའི་གནས་ཤིག་མ་ཡིན། ཡིན་ནའང་འཁྲིག་པ་སྤྱོད
… … ”
“ཁྲེལ་མེད། ཁྲེལ་མེད།鉋 ཁོ་མོས་ཁོའི་ཀློག་མཚམས་བཅད་པ་དང་ལག་གི་རྩོམ་ཡིག་ཕྲོགས་ནས་བྲོས་སོང༌། ཁོ་
དང་རྒྱང་ཐག་ཅུང་རིང་ས་ཞིག་ཏུ་ཁོ་མོས་མགོ་སྒུར་སྒུར་གྱིས་རྩོམ་ཡིག་དེ་ལ་ལྟ་བཞིན་འདུག
“ཧེ་ཧེ། རྟ་རྒོད་ཀྱི་སྲབ་སྐྱོགས་དམ་པོར་ཟུངས་ཤིག ཇི་འདྲའི་ཁ་བྱང་དགོད་བྲོ་བ་ཞིག”ཁོ་མོས་ཚིག་འབྲུ་
རྗེས་མ་རྣམས་སྐད་མགོ་ཇེ་མཐོར་བཏང་ནས་སྨྲས། ཁོ་མོས་བཀླགས་ཚར།
“རྩོམ་པ་པོ་དེ་རྫུན་གཏམ་ལབ་མཁས་པ་ཞིག་རེད་ཨང༌།鉋
“རྫུན་གཏམ་ག་ལ་ཡིན། འདི་བདེན་དོན་རེད།鉋
“ཁྱོད་ཀྱིས་ཇི་ལྟར་ཤེས།鉋
“ངས … … ངས … … དེ་ཤེས་ཐུབ་ཀི་རེད།鉋
“ང་རང་ཡིད་མི་ཆེས།鉋
“ཧེ་ཧེ—རྟ་རྒོད་ཀྱི་སྲབ་སྐྱོགས་དམ་པོར་ཟུངས་ཤིག ཇི་འདྲའི་ཁ་བྱང་དགོད་བྲོ་བ་ཞིག”
ཁོས་དབང་མོའི་འདྲ་པར་ལག་ཏུ་བཟུང་ནས་འདི་དག་ཕྱིར་དྲན་བྱེད་ཀྱིན་འདུག ཁོའི་ཕྱིར་དྲན་གྱི་དགོད་སྒྲ་དེ་
དང་འདྲ་པར་གཉིས་ཕན་ཚུན་བསྡུར་བ་ན། ཧ་ཅང་བཟོད་དཀའ་བའི་སྐྱོ་གདུང་ཞིག་གསེར་མིག་ཇི་བཞིན་ཁྲག་རྩ་ཕྲ་མོ་
རེ་རེར་འཛུལ། ཁོས་ལག་པ་འདར་བཞིན་འདྲ་པར་་ལོགས་ཤིག་ཏུ་བཞག་སྟེ་མདུན་གྱི་ཆང་དམ་བླངས་ནས་ཧུབ་ཆེན་པོ་
ཞིག་བྱས། དགའ་སྐྱོ་འདྲེས་མའི་གདངས་དབྱངས་ཀྱི་སྣ་གླུ་གསལ་ལ་མི་གསལ་བ་དེ་ཁེར་རྐྱང་གི་མི་སུས་ཀྱང་གཏོང་ཤེས།
མི་རྣམས་ཀྱིས་གནས་སྐབས་ཆེས་སྤྱིར་བཏང་གི་དངོས་པོ་ཞིག་བོར་བརླག་ཏུ་སོང་ཚེ་སྣང་དོགས་ཅི་ཡང་མི་བྱེད་མོད།
འོན་ཀྱང་ནམ་ཞིག་གི་དུས་དངོས་པོ་དེ་ཉིད་ཤིན་ཏུ་མཁོ་བ་བྱུང་ན། ད་གཟོད་དེ་ལ་གཏོགས་པའི་ལྐོག་གྱུར་གྱི་འཇོན་ཐང་
ཡོད་ཚད་རྟོགས་ཐུབ།
ནམ་ཟླ་ཇེ་འཁྱགས་སུ་འགྲོ་བཞིན་འདུག
6
ངའི་སེམས་ཤུགས་རིམ་བཞིན་ཉམས་རྒུད་དུ་གྱུར།
ཁྱོད་ཀྱིས་འཕྲིན་ཡིག་མ་སྤྲིངས་བར་དུ་ངས་འཕྲིན་མི་གཏོང་བའི་དམ་བཅའ་ཡང་རྦད་དེ་བཞག་མྱོང༌། ང་རང་
མུ་མཐུད་དུ་གྲག་འགུལ་མེད་པར་འདུག་མི་བཟོད། ཡ། བཟང་གི། དེས་ན་ངས་སྔོན་ལ་ང་རང་ཡིད་ནས་སྨིག་རྒྱུ་ལྟར་ཡལ་
བར་བྱས་པའི་ཁྱོད་ཀྱི་ལུས་ཕུང་བདེའམ། སློབ་སྦྱོང་ལ་ཡར་ཐོན་ཡོད་དམ། ཞེས་དྲི་བ་ཞིག་བཏོན་པ་ཡིན།
ཁྱོད་ཀྱིས་འཕྲིན་ཡིག་ལ་རེ་སྒུག་བྱེད་པའི་བྲོ་བ་མྱངས་མྱོང་ངམ། དེ་ནི་ཧ་ཅང་བློ་ཕངས་ཤིང་སེམས་སྐྱོ་བ་ཞིག་
རེད། ཁྱོད་ཀྱིས་འཕྲིན་ཡིག་མི་སྤྲིང་བ་ནི་ང་ལ་སུན་སྣང་སྐྱེས་ཡོད་པ་ཐག་ཆོད་ཡིན་ལ། ད་དུང་སློབ་གྲྭའི་ནང་དུ་བློ་མོས་
འདོད་མཐུན་གྱི་སྙིང་ཉེ་བའི་དགའ་གྲོགས་ཤིག་ཡོད་པའང་ཤེས་ཐུབ། ངས་ནམ་རྒྱུན་འདི་ལྟར་སྙམ་ཐེངས་རེར་སྙིང་
དབུས་སུ་ཚེར་མ་ཟུག་པ་དང་འདྲ། གཉེན་སློང་མཁན་གྱི་མི་དེ་ཚུད་པའི་ཕོ་གསར་མང་པོས་ང་ནི་ཁོ་ཚོར་དུང་བ་སྤུ་ཙམ་
མེད་པར་མ་ཟད། ཁོ་ཚོ་ཧ་ཅང་སྣང་མེད་དུ་གཏོང་མཁན་ཞིག་རེད་ཟེར། ངའི་སེམས་གཏིང་གི་བརྩེ་བ་དང་དུང་བ་མ་
ལུས་པ་ཁྱོད་ལ་ཕུལ་མོད། འོན་ཀྱང་ཐོབ་བྱ་དེ་ཅི་ཡིན་ནམ། ངས་འཕྲིན་ཡིག་ལས་གཞན་སྙིང་གཏམ་མང་པོ་མང་པོ་ཞིག་
ཉིན་ཐོར་བྲིས་ཡོད། དེའི་སྟེང་དུ་ངའི་སྤྲོ་སྣང་གི་འཛུམ་མདངས་དང་སྐྱོ་གདུང་གི་མཆི་མ་ཡོད། ཁྱོད་ལ་མཚོན་ན་དེ་དག་
སྣང་མེད་ཅིག་ཡིན་ནའང་ཐང༌། ང་རང་ད་ལྟ་ཧ་ཅང་འཇིགས་པ་ནི་ངའི་ཡོད་ཚད་འཆོར་བར་དོཊ་ཤིང་ཁྱོད་རང་ཟུར་
ཞིག་ཏུ་ལངས་ནས་ངའི་དགོད་བྲོ་བའི་ཟློས་གར་ལ་མི་ལྟ་བའི་ངེས་པ་མེད། འོ—མུ་མཐུད་དུ་བསམ་བློ་གཏོང་མི་སྤོབས།
བསམ་བློ་ཅི་ཙམ་ཞིག་བཏང་ན་སྐྲག་སྣང་དེ་ཙམ་གྱིས་ཇེ་ཆེར་འགྲོ། ངའི་བསམ་བློ་ཉོག་ཐལ།
བསམ་གཏན། འཕྲིན་ཡིག་ལ་བལྟས་ཚར་རྗེས་ཁྱོད་རང་ཁོང་ཁྲོ་སྐྱེ་སྲིད་པ་ཐག་ཆོད་རེད། ཕལ་ཆེར་ཁྱོད་ཀྱིས་
ནམ་ཡང་ངའི་འཕྲིན་ཡིག་ཀློག་མི་འདོད། སྐབས་རེར་ངས་དངོས་གནས་ཁྱོད་ཀྱི་བརྩེ་དུང་གི་གཏམ་ལ་ཉན་འདོད་ཅིང་
སྐབས་རེར་ད་དུང་བསམ་རྒྱུར … … ཤུ—བསྟུད་མར་མ་བརྗོད་པས་བཟང༌། འཕྲིན་འདི་འབྱོར་རྗེས་ད་དུང་ལན་
མ་སྤྲིངས་ན་ངས་ངོ་མ་འཕྲིན་ཡིག་འབྲི་མི་འདོད། ཐེངས་སྔོན་མར་ཕྲད་སྐབས་ཁྱོད་བྱེས“ངའི་ལས་གནས་སྤོར་སོང”
ཞེས་པའི་རྫུན་ལབ་ནའང་ངས་སྔར་བཞིན་ད་རུང་ཁྱོད་དྲན་བཞིན་འདུག
འཕྲིན་ཡིག་འདི་བཀླག་མི་འདོད་ན་མེར་བསྲིག་ཐོངས་ཤིག
གྲོགས་པོ་ཚོའི་མདུན་ནས་འཕྱ་དགོད་མ་བྱེད། ལྷག་པར་ཏུ་ཁྱོད་ཀྱི་དགའ་གྲོགས་གསར་བའི་མདུན་ནས་དེ་ལྟར་
མི་བྱེད་པར་འཚལ། གོང་སྨྲས་ཐམས་ཅད་ཀུ་རེའི་གཏམ་སྙན་གཅིག་ཀྱང་མེད། འདིའི་རྗེས་ནས་དངོས་སུ་ཁ་འབྲལ་
བའམ། ཡང་ན་ཅི་ཡང་མི་ཤེས། ཅི་ཡང་མི་ཤེས།
ཕལ་ཆེར་ཁྱོད་ཀྱིས་ནམ་ཡང་མཐོང་མི་འདོད་པའི—དབང་མོས་ཟླ༡༢ཚེས༡༦ཉིན་གྱི་ས་སྲོད་དུས་སུ་སྤང་
ཐང་ནས་བྲིས།
7
བསམ་གཏན་ལགས།
ནད་བྱུང་ནས་ཉིན་གཉིས་འགོར་མཐར་རེ་སྒུག་བྱས་པའི་ཁྱོད་ཀྱི་འཕྲིན་ཡིག་འབྱོར་བྱུང༌། (ཟླ་འདིའི་འཕྲིན་
གཉིས་པ)ཤོག་ལྷེ་ཕྱེད་ཙམ་བཀླགས་རྗེས་ངས་མུ་མཐུད་དུ་ཀློག་མི་སྤོབས། “བརྩེ་དུང་མེད་ཀྱང་མཛའ་བརྩེ་གནས་
ངེས”ཞེས་པའི་ཡིག་འབྲུ་ཆེན་པོ་དེ་དག་མཐོང་བ་ན། ངའི་སེམས་རྡོ་འཁྱགས་ལྟར་གྱུར། འདི་ནི་དྲག་ཏུ་འབར་བའི་
མེ་ལྕེའི་སྟེང་དུ་ཆུ་འཁྱགས་ཟོ་བ་གང་བྱོ་བ་དང་འདྲ། འུ་གཉིས་ཀྱི་བར་ལ་འདི་ལྟར་གོ་ལོག་ཐེབས་དོན་ཅི། ངས་ཁྱོད་ཀྱིས་
འཕྲིན་ཡིག་མི་སྤྲིང་བ་ལ་ཁྲོ་བ་ཐུང་ཐུང་ཞིག་ལངས་ནས་བྲིས་པའི“ཁ་འབྲལ”ཞེས་པའི་ཚིག་དེ་ཁྱོད་ཀྱིས་སེམས་ནད་
དུ་འཛིན་དགོས་དོན་ཅི། ངས་ཁྱོད་ལ་ཁ་གཏད་ཀྱིས་ཐད་ཀར་ལབ་པའི་ཡིད་ཆེས་འདྲེས་མའི་འཁང་ར་ཆུང་ངུ་དེ་ཁྱོད་
ཀྱིས་གནད་དོན་ཆེན་པོ་ཞིག་ཏུ་རྩི་དོན་ཅི། ཀྱི་ཧུད—ངའི་ལག་ཟུང་འདར་བྱུང༌། མཆི་མས་མིག་ལམ་རབ་རིབ་ཏུ་
བསྒྲིབས། འདི་ནི་དབང་མོས་ལྷད་མེད་བརྩེ་དུང་ལ་བརྗེས་འོངས་པའི་སྙིང་རྗེ་བྲལ་བའི་འཕྲིན་པ་ཅིག་རེད་ཨང༌། ཁྱོད་
ཀྱིས“ཕོ་རབ”དང“མཉམ་སྤྲོ་ཁང”གི་མིང་ཚིག་འདི་དག་བཀོལ་ནས་ངའི་སེམས་བསྣད་དོན་ཅི་ལགས་སམ།
ངས་དངོས་གནས་རྟོཊ་དཀའ། བསམ་གཏན་ལགས། ཁྱོད་ཀྱིས་ངའི་འཕྲིན་ཡིག་སྔ་མའི་ནང་གི“ཁྱོད་ཀྱི་འཕྲིན་
ཡིག་མ་སྤྲིངས་པ”དང“ཁྱོད་ལ་དགའ་གྲོགས་གསར་བ་ཡོད”པ་སོགས་ངའི་ཁ་གཡོར་ས་རུ་སྙམ་དོན་ཅི་ཡིན། ད་
དུང་ཅི་ཟེར་“ཁྱོད་ལ་དངོས་གནས་ཡིད་ཚིམས་པའི་སྙིང་གྲོགས་ཡོད་ན།鉋 ཁྱོད་ཀྱིས་ད་རུང་ང་སུ་ལ་དགའ་བ་མི་ཤེས་
སམ། ཁྱོད་ཀྱི་འཕྲིན་ཡིག་ཐམས་ཅད་ཐུང་ངུ་རེ་ལས་མེད་པས་ངའི་ཡིད་ངོར་བཞག་པའི་ཚོར་བ་ནི་ཡིད་མུག་ལ་ཁ་དོག་
མེད་པ་ཞིག་རེད། ཁྱོད་ཀྱིས་ཤོད་དང༌། ངའི་སེམས་ཅིའི་ཕྱིར་མི་འཁྲུག་“ཁ་འབྲལ” ཞེས་པའི་ཚིག་འབྲུ་དེའང་དོ་
སྣང་མེད་པར་བྲིས་ཤིང་འུ་གཉིས་ཀྱིས་ཀུ་རེ་རྩེ་དུས་རྒྱུན་བཀོལ་དུ་གྱུར་པ་མ་ཡིན་ནམ། ངོ་མ་ཚིག་འབྲུ་འདི་སྐྱོ་གར་དུ་
འགྱུར་རྒྱུ་ཡིན་པ་ཇི་ལྟར་ཤེས། ཨེ། རྟོགས་དཀའ། ཉིན་རེ་རེར་རེ་སྒུག་བྱེད་པའི་སེམས་ཁམས་སུས་རྒྱུས་ལོན་བྱེད་ཐུབ།
ཁྱོད་ཀྱིས་ནམ་ཞིག་ལ་རྟོགས་ཐུབ། ཁྱོད་ཀྱིས་བྲིས་ཡོད་པའི་དབྱིན་ཡིག་དེ་དག་ངས་ཚིག་མཛོད་དུ་རྔོག་མི་ཕོད། ཡིག་ཕྲེང་
དེས་བཀྲ་མི་ཤིས་པའི་གཏམ་ངན་ཅིག་གབ་ཡོད་ནའང་ཐང༌། གཏན་དུ་མི་ཤེས་པར་གྱུར་ཅིག ང་དངོས་གནས་ཁྱོད་
དང“ཁ་འབྲལ་འདོད་ཚེ། ད་དུང་འཕྲིན་ཡིག་སྤྲིངས་ཏེ་སྐྱོ་སྡུག་འདི་འདྲ་མང་པོ་ཞིག་བག་མེད་དུ་བརྗོད་ངེས་སམ།
ཁྱོད་ཀྱིས་མནོ་བསམ་ཞིག་ཐོངས་དང༌། བརྩེ་དུང་མེད་པར་གྱུར་ན་མཛའ་བརྩེ་ཡིས་ཅི་བྱེད། ཟླ་གསུམ་ལ་བྲིས་པའི་ཉིན་
ཐོ་ཐམས་ཅད་ཀྱི་ནང་དུ་ཁྱོད་གཅིག་པུ་བྲིས་ཡོད། དེ་ལས་ངའི་དམར་རྗེན་གྱི་སེམས་པ་སྟབས་བདེ་ངང་མཐོང་ཐུབ།
“ཡིད་ཚིམས་པའི་སྙིང་གྲོགས་ཡོད་ན” … … ངས་ངོ་མ་བཟོད་ཐབས་དཀའ།
ཁྱོད་ཀྱི་འཕྲིན་ཡིག་ཐེངས་དང་པོ་འཕྲོད་པ་ན(ཟླ་འདིའི་ནང་གི)ངས་ཁྱོད་རང་དོགས་པ་ཟ་བ་ཤེས་ལ། ཡི་གེ་མང་
པོ་མང་པོ་ཞིག་བྲིས་ནས་སྡིགས་མོ་བྱེད་འདོད། ཁྱོད་རང་ཐུགས་རྐྱལ་མི་བཞེངས་པར་མཁྱེན། ངའི་གཤིས་ཀ་ནི་ངོ་མ་ཡ་
མཚན་ཞིག་རེད། དབེན་འཇགས་ཀྱི་སེམས་ཁམས་སུ་འུར་འུར་དུ་མཆེད་པའི་བརྩེ་དུང་གི་མེ་ལྕེ་སྦས། ཡོད་ཚད་རེ་སྒུག་གི་
ཁྲོད་དུ་གལ་ཏེ། ད་དུང་ཐེངས་ཤིག་ལ་ཀོ་ལོག་ཐེབས་ཚེ་ངས་ཇི་ལྟར་གསལ་བཤད་བྱེད་དགོས་མི་ཤེས།
དབང་མོས་ཟླ་༡༢ཚེས༢༩ཉིན་གྱི་མཚན་མོར་བྲིས།
8
༡༩༩༠.༥.༦ལ།
ཁོས་འཕྲིན་ཡིག་རྗེས་མའི་ཟླ་ཚེས་ལ་བལྟས། །
གྱ་དགུ་ལོ་འདས་ཟིན། སྐབས་དེ … … འོ་དེ་རེད། དགུན་དུས་ཀྱི་ཟི་ལིང་གྲོང་ཁྱེར—མཐུན་སྒྲིལ་མགྲོན་ཁང༌།
鉊དྲན་བྱུང་ངམ།鉋
鉊ཅི་ཞིག ”
“ང༌།鉋
“ཁྱོད་དྲན་དོན་ཅི།鉋
鉊ཡ། དེས་ན་ང་འགྲོ་རྒྱུ་ཡིན། be-be”
“ be-be ”
ཁོ་རང་འབོལ་ཁྲིའི་སྟེང་ནས་ཡར་ལངས་ཏེ་སྒོར་ཕྱིན། དྲང་པོར་བཤད་ན་ཁོ་རང་ཐ་མག་ཉོ་བར་ཕྱིན་པ་རེད།
བརྒྱད་གཅིག་སྲང་ལམ་གྱི་གློག་སྒྲོན་རྣམས་ཁྲ་ལམ་མེར་བཀར་ཡོད་པས་ཉིན་དཀར་དང་དབྱེ་བ་མ་མཆིས། ཁོ་རང་ཚོང་
ཁང་ཞིག་ཏུ་ཕྱིན་ནས་ཐ་མག་བག་ཆ་གཅིག་དང་མངར་ཆ་ལྡན་པའི་སིལ་ཏོག་གི་ཟས་རིགས་ཐུམ་གཉིས་ཉོས་ཏེ་ཕྱིར་
འོངས་པ་ན། ཁང་པའི་སྒོ་བརྒྱབ་འདུག ཁོ་མོ་གར་སོང་མི་ཤེས། ཁོས་བསམ་གཞིག་ཡང་ཡང་བཏང་མཐར། ད་གཟོད་ཁོ་
མོས་སྐད་ཆ་རྣམས་བདེན་པར་རློམ་ནས་ཁོ་རང་འཚོལ་དུ་ཕྱིན་པ་རྟོགས། ཁོ་རང་རྒྱུགས་མ་འདུར་གྱིས་མགྲོན་ཁང་གི་
སྒོར་བུད་དེ། ཐག་མི་རིང་བའི་སྤྱི་སྦྱོད་རླངས་འཁོར་ལ་སྒུག་སའི་འབབ་ཚིགས་སུ་ཕྱིན་པ་ན། མི་མང་པོའི་ཁྲོད་དུ་ཁོ་མོས་
ཡར་ལྟ་མར་ལྟ་བྱེད་ཀྱིན་འདུག
མགྲོན་ཁང་དུ།
“ཁྱོད་ཁྱོད—”ཁོ་མོས་ཤུགས་ཆུང་ངུ་བཀོལ་ཏེ་ཁོའི་དཔུང་བའི་སྟེང་དུ་ཁུ་ཚུར་གྱིས་བར་མེད་དུ་བརྡེགས།
“ཡ་ཡ། ཆོག་གི་ཆོག་གི། འོ་ན་ཁྱོད་ཀྱིས་be-beཟེར་དོན་ཅི།鉋
“ངས་ཁྱོད་ཀྱིས་ཀུ་རེ་རྩེ་བ་རེད་སྙམ།鉋
“ངས་ཀུ་རེ་རྩེ་བ་མ་ཡིན་ནམ། འོ། འདི། ད་དུང་ཁྱོད་ལ་ཐ་མག་བག་ཆ་གཅིག་ཉོས་ཡོད།鉋
“ཨེ—ངའི་སྙིང་ད་རུང་འཕར་བཞིན་འདུག ཡ། ད་ཐ་མག་བཞེས། ཁྱོད་ཀྱིས་དཔོན་མོར་མེ་བསྒྲོན་ན་མི་ཆོག་
གམ།鉋
“ཨིན། ཧྥ་རན་སིའི་བཤང་འཚོང་མ་ཞིག་དང་ཨ་ན་མ་ན་རེད།鉋
“ཁྱོད་ཁྱོད—”ཁོ་མོས་བྲེལ་མྱུར་ངང་ཁར་བཙུགས་པའི་ཐ་མག་བླངས་པ་དང་ཁོ་ལ་ཁུ་ཚུར་བསྣུན།
“ཡ་ཡ་ད་མི་བཤད—ད་མི་བཤད།鉋
ཁང་པའི་ནང་དུ་ལྷིང་འཇགས་སེ་གྱུར། ཟླ་འགར་མ་ཕྲད་པའི་བརྩེ་དུང་གི་མེ་ལྕེ་མ་ལུས་ཅིག་ཅར་དུ་སྦར་བ་ནང་
བཞིན་ཁོ་དང་ཁོ་མོ་ཕན་ཚུན་དམ་དུ་འཁྱུད་ཅིང༌། དལ་གྱིས་དལ་གྱིས་མཆུ་འདབ་སྦྱར།
“དེ་འདྲའི་ས་ཆ་ཐག་རིང་ཞིག་ལ་ང་འགྲོ་མི་འདོད།鉋 ཁོ་མོས་མཆི་མ་བཞུར་བཞིན་དེ་སྐད་བཤད།
“ཅིས་ལིན་གྲོང་ཁྱེར། ཨེ་ངོ་མ་ཐག་རིང་རེད། ཡིན་ནའང་ཁྱོད་ཚོའི་ལས་ཁུངས་ཀྱི་མི་མང་བས་སྐྱོན་མེད།
ད་དུང་འགྲོ་རོགས་བུ་མོ་གསུམ་ཡོད་པ་མིན་ནམ།鉋
“ད་དུང་སློབ་སྦྱོང་དེ་སླ་མོ་ཞིག་ཡིན་པ་སུས་ཤེས།鉋
鉊སློབ་སྦྱོང་བྱེད་པའི་ཚེ། ང་རང་དྲན་མི་ཉན་ཨ།鉋
“སུས་ཁྱོད་དྲན་རྒྱུ་རེད།鉋
“སློབ་སྦྱོང་བྱེད་ཡུན།鉋
“གསལ་བོར་མི་ཤེས། རིང་ན་ཟླ་གསུམ་དང་ཐུང་ན་ཟླ་གཅིག”སྐབས་དེར་མཚན་མོའི་དུས་ཚོད་བཅུ་བའི་
བརྡ་གྲགས་བྱུང༌།
“ང་རང་འགྲོ་རན་སོང༌། ཁྱོད་ཀྱི་གྲོགས་མོ་གསུམ་པོའང་སླེབ་ལ་ཉེ།鉋
“སང་ཉིན་གྱི་དུས་ཚོད༢:༣༠སྟེང་གི་མེ་འཁོར་གྱི་སྤ་སེ་ཉོས་ཡོད་པས་”
“སང་ཉིན་ང་རང་སྐྱེལ་མ་བྱེད་དུ་ཡོང་མི་ཐུབ།鉋
“ཅིའི་ཕྱིར།鉋
“ང་ལ་དགའ་གྲོགས་གསར་བ་ཡོད་པས … … ”
“ཁྱོད—ཁྱོད—”
“ཨིན་ཨིན། ཀུ་རེ་ཡིན།鉋
“ལམ་ནས་སེམས་ཆུང་བྱོས།鉋
“ལགས་སོ—ལྕམ་མོ།鉋
ཉིན་དེའི་ནམ་ཟླ་ཅུང་ཟད་ཇེ་འཁྱགས་སུ་སོང་འདུག
ཟི་ལིང—པེ་ཅིན། མེ་འཁོར་ལམ་ལ་ཆས་མགོ་བརྩམས། ཚིགས་མལ་ཨང༥བའི་དྲ་མིག་ཁ་ན་མིག་ཟུང་མཆི་མས་
བརླན་པའི་བུ་མོ་ཞིག་འདུག་མེ་འཁོར་གྱིས་དུང་སྒྲ་རིང་མོ་ཞིག་བསྒྲགས་པ་དང་མཉམ་དུ་ཐག་རིང་ཐག་རིང་གི་ཡུལ་
དེར་བགྲོད་མགོ་བརྩམས། སྐྱེལ་མ་བྱེད་མི་རྣམས་རང་རང་སར་ཐོར་སོང༌། ཁོ་རང་དྲང་སྒ་ལེར་བསྲིངས་པའི་ལྕགས་ལམ་
གྱི་འགྲམ་དུ་ཕུར་བ་བརྡབས་པ་ཇི་བཞིན་རྒྱང་རིང་དུ་བལྟས་འདུག
དགའ་སྐྱོ་འདྲེས་མའི་ཕྱིར་དྲན་དང་ཆང་རག་གིས་ཁོ་རང་བཟི་བ་ལྟར་གྱུར་ཡོད། འཕྲིན་ཡིག་ངོས་ཀྱི་ཡིག་
འབྲུའང་རབ་རིབ་ཏུ་གྱུར་ནས་གསལ་བོར་མི་མཐོང༌།
9
བསམ་གཏན་ལགས།
ཉི་ཆར་འཚོ་བ་སྤྲོ་སྐྱིད་ངང་སྐྱེལ་བཞིན་ཡོད་དམ། སློབ་སྦྱོང་ཡར་ཐོན་ཡིན་ནམ། དྲན།
ངས་ད་ལྟ་སྲོག་བསྡོས་སྒོས་བྱ་བ་བསྒྲུབས་ཏེ་སེམས་ཀྱི་སྐྱོ་སྡུག་བརྗེད་ཅི་ཐུབ་བྱེད་ཀྱིན་ཡོད། འབྱུང་འགྱུར་ལ་
བསམ་བློ་གཏོང་མི་ཕོད། ང་ནིརླུང་འཚུབ་ཀྱིས་ཁྱེར་བའི་ས་བོན་ཞིག་དང་འདྲ། ངས་བསམ་པར་ཕལ་ཆེར་ང་རང་ལ་ལམ་
ནོར་ཐེབས་སོང་སྙམ། འཇིག་རྟེན་འདི་ནི་སྔོན་ཆད་ལྟར་འཕྲུལ་སྣང་དུ་གྱུར་པའི་སྔོ་མདོག་གི་རི་མོ་ཞིག་མ་རེད། ངའི་མིག་
ཆུ་རི་ལྡེབས་སུ་ཉིལ་ཟིན། ངའི་རེ་སྨོན་དང་བརྩེ་དུང་གི་མེ་ཏོག་བཞད་པའང་བཅོམ་ལ་ཉེ། ཁྱོད་རང་དང་ཁ་གྱེས་ཁར་
དངོས་གནས་འབྲལ་མི་ཕོད་ཅིང་ད་དུང་སྣང་ཚུལ་དེ་བསྐྱར་ཟློས་ཅི་ཙམ་བྱེད་དགོས་སམ། ཡིན་ནའང་འདི་ནི་ངས་
བསམ་གཟས་ནས་བཙལ་བ་ཞིག་རེད།
“ཐེངས་འདིའི་གནས་ཚུལ”དེས་ང་ལ་ཕོག་ཐུག་ཆེན་པོ་ཞིག་བཏང་སོང༌། ལས་ཀ་དང་ཞབས་བྲོས་དུས་
ཚོད་སྐྱེལ་ཐབས་བྱས་ནས་སྡོད་པ་ལས་ཐབས་ཅི་ཡོད། གར་འཁྲབ་ཁང་གི་དམར་ལྗང་སེར་ཁྲའི་གློག་སྒྲོན་འོག་ཏུ་ཡོད
ཚད་ལ་ཕྱིར་དྲན་བྱས་ཆོག་ལ་མ་བྱས་ཀྱང་ཆོག ཡིན་ནའང་མིག་ལམ་དུ་འཆར་བ་ནི་ཁྱོད་ཀྱི་གཟུགས་བརྙན་ཁོ་ན་རེད།
ཚོར་སྣང་ཞིག་ལ་འུ་གཉིས་ལྷན་དུ་ཞབས་བྲོ་རྒྱག་པ་དང༌། ཚོར་སྣང་ཞིག་ལ་འུ་གཉིས་ལྷན་ཏུ་བཤིབས་ཤིང༌། ཚོར་སྣང་
ཞིག་ལ … … སྐབས་ཤིག་གར་འཁྲབ་ཁང་ནས་ཁྱོད་ཚོ་སློབ་གྲྭའི་སློབ་མ་ཞིག་དང་ཕྲད། ཁྱོད་ཀྱི་གནས་ཚུལ་ཕྲན་
ཙམ་ཨེ་གོ་སྙམ་ནས་རོལ་དབྱངས་ཚན་པ་ཞིག་ལ་ལྷན་ཏུ་ཞབས་བྲོ་བརྒྱབ། ཁོས་ཁྱོད་ཀྱི་བཟང་མང་པོ་མང་པོ་ཞིག་བརྗོད་
བྱུང༌། ངས་བདེན་རྫུན་མི་ཤེས།
བསམ་གཏན་ལགས། ཐུགས་རྒྱལ་མི་བཞེངས་པར་མཁྱེན། ང་རང“ལྔ་བཞི”སྐབས་ཁྱོད་ལ་ལྟ་རུ་ཡོང་ཞེས་
སྨྲས་པ་མ་ཡིན་ནམ། འོན་ཀྱང་རྐྱེན་གང་མང་ཞིག་གི་དབང་གིས་ཡོང་མ་ཐུབ། ཁྱོད་ཀྱིས་བཟོད་སྒོམ་བྱེད་པར་འཚལ།
(ཁྱོད་ཀྱིས་དགའ་བསུ་མི་བྱེད་ནའང་ཐང)
ཁྱོད་ཚོར་མི་འགྱངས་པར་དཀྱིལ་རྒྱུགས་ལེན་རྒྱུ་ཡིན་ནམ། རྒྱུགས་བཟང་པོ་ཞིག་སྤྲོད་པར་སྨོན། དཀྱིལ་རྒྱུགས་
བླངས་རྗེས་རྫོང་ཐོག་ཏུ་ཐེངས་ཤིག་ཡོང་རོགས། ཁྱོད་རང་ཧ་ཅང་ཧ་ཅང་མཐོང་འདོད་སྐྱེས། འདི་ནི་ངའི་ཐལ་དྲག་པའི་
རེ་འདོད་ཅིག་ཡིན་ཡང་སྲིད།
ད་དུང་ཆང་རག་འཐུང་གི་ཡོད་དམ། ཆང་རག་ཡེ་ནས་མི་འཐུང་བར་མཁྱེན།
ཞེས་དབང་མོས་ཟླ་༥ཚེས་༦ལ་ཕུལ།
10
ཆང་རག་དམ་བེ་ཕྱེད་ཙམ་འཐུངས་ཟིན།
ཁོས་དུ་བ་རྐང་གཅིག་ལ་མེ་བསྒྲོན་ཏེ་མལ་ཁྲིའི་ཐོག་ཀན་རྐྱལ་དུ་ལོག དྲ་མ་ལས་འཕོས། འོངས་པའི་དཀར་གསལ་
ཟླ་འོད་ཀྱིས་ཁོའི་གདོང་རིས་དཀྱིལ་ལ་ཐིག་བཏབ་པ་ལྟར་དཀར་ནག་གི་ཆ་གཉིས་སུ་བགོས་ཤིང༌། གཏིང་དུ་ལྷུང་བའི་མིག་
ཟུང་ལ་གྲིབ་མ་སྟུག་པོ་རེ་བབས་ཡོད་ལ། དཀར་ཆ་འདུས་པའི་མཁུར་ཚོས་གཡོན་པའི་སྟེང་གི་རྨ་ཤུལ་རྙིང་བ་དེའང་ཅུང་
གསལ་བོར་མཐོང་ཐུབ། མི་ཚེའི་ལྡེབས་རིས་ནི་ཇི་འདྲའི་དགའ་སྐྱོ་འདྲེས་མ་ཞིག་རེད་ཨང༌།
ནམ་ཟླ་ཧ་ཅང་འཁྱགས་པའི་དགུན་ཟླ་བཅུ་བའི་ཉིན་ཞིག
鉊ང་རང་དྲན་བྱུང་ངམ།鉋
“ཨིན། ཅུང་ཙམ། ཧེ་ཧེ།鉋
“ཤུ—ཤོད་དང༌། སློབ་སྦྱོང་ལེགས་འགྲུབ་བྱུང་ངམ།鉋
“ལེགས་གྲུབ་བྱུང༌། ང་ཚོ་ཕྱིར་ལོག་ཁར་པེ་ཅིན་བརྒྱུད་དེ་ཡོང་བ་ཡིན།鉋
“ཧེ། པེ་ཅིན་གྱི་གནས་ཚུལ།鉋
“པེ་ཅིན། ཧེ་ཧེ། དམར་སའི་ཆ་དམར་པོ་རེད། དཀར་སའི་ཆ་དཀར་པོ་རེད།鉋 ཁོ་མོས་མུ་མཐུད་དུ་སྤྲོ་སྣང་
གིས“ང་ཚོ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ལྟ་སྐོར་ལ་འགྲོ་སྐབས། ངས་བོད་ལྭ་གྱོན་ཡོད།鉋
鉊སྐབས་དེར་ཁྱོད་ལ་འཕྲུལ་སྣང་ཇི་ལྟ་བུ་ཞིག་སྐྱེས།鉋
“འཕྲུལ་སྣང༌། ཨེ—བཤད་དཀའ། ཡིན་ནའང་ད་ཐེངས་ཨེན་ཙམ་མིན་ན། ང་རང་ཀ་ན་ཏར་བག་མར་ཕྱིན་
སོང༌།鉋
“ཇི་ལྟར།鉋
“ཨིན། ཁྱོད་ཀྱི་ལས་དབང་བཟང་གི། ཉིན་དེར་ངས་བོད་ལྭ་གྱོན་ཏེ་གནམ་བདེ་སྒོ་མོ་་ཆེའི་ཐང་ཆེན་དུ་ཆས་པ་
ན། ཀ་ན་ཏའི་ཕོ་གསར་ཞིག་གིས་ང་དང་མཉམ་དུ་པར་བརྒྱབ་པར་མ་ཟད། ད་དུང་ངའི་ལས་གནས་ཀྱང་དྲིས་བྱུང༌།鉋 ཁོ་
མོས་ཀུ་རེ་དང་བཅས་ཁོའི་གདོང་ལ་བལྟས། ཁོས་དཔྲལ་གཉེར་སྟུག་པོ་ཞིག་བསྡུས་ཤིང་ཁ་རོག་གེར་ཉན་འདུག
“ཁྱོད … … ཁྱོད་ཁོང་ཁྲོ་ལངས་ཀིན་འདུག”
“ཧིན། ཅིའི་ཕྱིར།鉋
“འོ་ན … … འོ་ན་ཁྱོད་ཀྱི་གདོང་གཤིས་སྔར་དང་མི་འདྲ鉋
“མིན། རྒྱུན་ལྡན་ཡིན།鉋
“ང … … ངས་ཁྱོད་ལ་ཀུ་རེ་རྩེ་བ་ཡིན། སྙིང་ཉེ་བའི་ཁྱེད་ཐུགས་རྒྱལ་མ་བཞེངས། ཨ།鉋
“མུ་མཐུད་དུ་ཤོད་དང༌།鉋
鉊ད་བཤད་མི་འདོད།鉋
“ཁྱོད་རང་ཀ་ན་ཏར་བག་མར་ཕྱིན་སོང་ན་ངོ་མ་འགྲིག ད་ཐེངས … … ཨེ།鉋
“ད་ཐེངས … … ད་ཐེངས་བྱ་བ་ཅི་བྱུང༌།鉋
“ཡུལ་ནས་ང་ལ་ཆུང་མ་ཞིག་བཙལ་སོང༌།鉋
“དེ … … དེ … … དེ་བདེན་ནམ།鉋
“ཤུ—ང་ལ་འཇིག་རྟེན་འདི་ནས་བཀའ་དྲིན་ཤིན་ཏུ་ཆེ་བ་ནི་ཕ་མ་གཉིས་ཡིན་པས … … ”
སྨུག་ལོང་ཁྲོད་ཀྱི་རི་རྒྱུད་ཐམས་ཅད་རབ་རིབ་ཏུ་གྱུར།
གདོད་མའི་དབྱངས་རྟ་འདྲེས་པའི་རང་བྱུང་གི་རོལ་དབྱངས་ཤིག་ག་ལེར་ཁོ་དང་ཁོ་མོའི་ཡིད་ངོར་རྒྱུ་ཞིང༌།
དབུགས་ཀྱི་རྒྱུ་བ་ཆད་པའི་ཁོར་ཡུག་གི་ཡོད་ཚད་ཐལ་མདོག་གི་མཁའ་དབུགས་འོག་ཏུ་ལྷིང་འཇགས་སེ། འདུ་འཛིས་
དབེན་པའི་གནས་དེ་རུ་ཁོ་མོས་ནམ་ཞིག་ནས་བསགས་པའི་མཆི་མ་བཞུར་མགོ་ཚུགས།
“གླེན་མ། ཁྱོད་ངུ་དོན་ཅི། ད་དུང་ཁྱོད་ཀྱིས་པེ་ཅིན་གྱི་གནས་ཚུལ་བཤད་མ་ཚར་བར།鉋
“ … … ”
ཁོས་འཕྲིན་ཡིག་ནང་དུ་བཀོད་པའི་ཐེངས་འདིའི་གནས་ཚུལ་ཞེས་པ་དེ་ཕྱིར་དྲན་བྱས་ཤིང༌། དཔྲལ་གཉེར་སྔར་
ལས་བསྡུས། སྔར་ལས་མཐུག་ཏུ་ཕྱིན།
11
“རྒྱུ་ནོར་ནི་ནམ་ཡང་འཇིག་རྟེན་དང་འབྲལ་ཐབས་མེད། ཡིན་ནའང་ཤོར་ཟིན་པའི་བརྩེ་དུང་ནི་ནམ་ཡང་
འཇིག་རྟེན་དང་གྱེས་པ་ཡིན་ལ། སླར་ཐོབ་ཀྱི་མནོ་བསམ་ཡོད་ཚད་སྟོང་བསམ་ཞིག་སྟེ། བརྩེ་དུང་ལ་རང་ཁོ་ནར་དམིགས་
བསལ་དུ་ལྡན་པའི་ཁྱད་ཆོས་དང་ཐུན་མོང་མིན་པའི་ཚེ་སྲོག་ཡོད་པས། སུས་ཀྱང་རང་འདོད་ལྟར་བཏང་ཆོག་ལ་བཟུང་
ཆོག་པ་ཞིག་ཡེ་ནས་མིན།鉋
ཁོའི་ཉིན་ཐོ་འདི་ཨ་ཕས་མཐོང་བས། ཉིན་དེར་ཁོ་ལ་གཤེ་གཤེ་དྲག་པོ་ཞིག་བཏང་མྱོང༌།
12
འཕྲིན་ཡིག་འབྱོར་ཟིན། འདི་ནི་ང་རང་ཧ་ཅང་སྤྲོ་བ་སྐྱེས་པའི་འཕྲིན་ཡིག་ཅིག་རེད། ང་རང་སླར་ཡང་དབེན་
འཇགས་ཀྱི་རི་སྒང་སྟེང་དུ་འཛེགས་ཤིང་དགའ་མགུ་བརྗོད་ལས་འདས་པ་ཞིག་རེད་ཨང༌། ངས་སྐྱོ་སྡུག་ཡོད་ཚད་བརྗེད་
ཟིན། དེ་སྔའི་གནས་ཚུལ་བྱུང་རྗེས་ང་རང་ཁྱོད་ལ་སྔར་ལས་དུང་བ་སྐྱེས་ཤིང༌། ཁྱོད་དང་འབྲལ་མི་ཕོད། བསམ་གཏན་
ལགས། ཁྱོད་རང་དེ་འདྲ་ཡིན་ནམ། ངས་བློ་ཐག་རྦད་ཆོད་སྒོས་བར་བགེགས་ཐམས་ཅད་ཀྱི་ཁ་གཏད་དུ་ལང་སྤོབས།
ཁྱོད་ཀྱིས་འདི་ལྟར་བྱེད་ཕོད་དམ།
སྐུ་ཞབས་ལགས། ངས་ཁྱོད་ལ་བདེ་སྐྱིད་མང་པོ་ཞིག་ཁྱེར་ཡོང་མ་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་ཁྱོད་སྐྱོ་སྡུག་
གི་ཁྲོད་དུ་བཙུད། ངས་ཇི་ལྟར་སྒྲུབ་དགོས་མི་ཤེས། ཡིན་ནའང་ང་རང་སུན་སྣང་སྐྱེ་སྐབས་དང་ཁེར་རྐྱང་ཡིན་དུས་ཁྱོད་
རང་དྲན་སྣང་དུ་གྱུར་པ་དང༌། ཁྱོད་ཀྱིས་ནམ་ཡང་ང་ལ་རྫོགས་མཐའ་བྲལ་བའི་ནུས་ཤུགས་ཤིག་སྦྱིན་པ་དང་འདྲ།
རྗེས་ནས་ཁྱོད་ཀྱང་བདེ་སྐྱིད་ཀྱི་ངང་ནས་གར་འཁྲབ་ཁང་དུ་ཐེངས་མང་པོར་སོང་སྟེ་སྤྲོ་སྤྲོ་གཏོང་བར་འཚལ།
ཕྱིར་རྫོང་ཐོག་ཏུ་འབྱོར་ཚེ་འུ་གཉིས་ཀྱིས་ལྷན་ཏུ་ཞབས་བྲོ་བརྒྱབ་ན་ཇི་འདྲ་རེད། “ང་རང་མེད་པའི་ལོ་ཟླའི་ནང་ཁྱོད་
ཀྱིས་རང་ལ་གཅེས་སྐྱོང་མཛོད་ཅིག”
(ཉིན་འདི་འགའི་རིང་ས་འགུལ་རྒྱུན་མི་ཆད། ཟི་ལིང་དུ་ཇི་འདྲ་རེད། དངོས་གནས་ཁྱོད་ལ་སེམས་མི་བདེ)
དབང་མོས་ཟླ་༥ཚེས་༦ལ་ཕུལ།
བསམ་གཏན་ལགས།
ངས་ཉིན་འདི་དག་གི་རིང་ལ་དུས་ཡུན་སྐར་ཆ་རེའང་སྐྱེལ་བར་དཀའ། སྡུག་བསྔལ་གྱི་སྦྲུལ་ནག་ལུས་ལ་འཁྲིལ་
བའི་མནར་སྤྱོད་བཟོད་དཀའ། ཕལ་ཆེར་མཐའ་མཇུག་གི་མནར་ཤི་ཐེབས་པར་སྒུག་སྡོད་པ་ལས་ཐབས་གཞན་མེད། ཇི་
འདྲའི་ཡ་ང་བ་ལ། ཡོད་ཚད་འདི་ལྟར་འཕེལ་རྒྱས་སུ་འགྲོ་དོན་ཅི། ངས་འདང་མང་པོ་མང་པོ་ཞིག་བརྒྱབ་མཐར། འདི་ནི་
ང་རང་སྐྱེས་པ་ནས་ཐེངས་དང་པོར་ཕྲད་པའི་ཧ་ཅང་ཀྱག་ཀྱོག་ཆེ་བའི་ལམ་ཕྲན་ཞིག་རེད། ང་རང་གཅིག་པུ་རི་ཁུགས་ལ་
སོང་ནས་ངུས། མཚན་མོ་ཐ་མག་འཐེན་པས་སྡུག་བསྔལ་སྔར་ལས་དྲག་ཏུ་ཕྱིན། སེམས་ཀྱི་རྨ་ཤུལ་འདི་སུས་གསོ་ཐུབ་བམ།
ངས་ད་ལྟ་རང་གིས་རང་ལ་མནར་སྤྱོད་གཏོང་ཤེས་པར་གྱུར། ཇི་ལྟར་སྒྲུབ་དགོས་མི་ཤེས། དངོས་གནས་མི་ཤེས།
བསམ་གཏན་ལགས། ཁྱོད་ཀྱིས་ང་ལ་སྐྱོན་འཛུགས་མི་བྱེད་པར་མཁྱེན། གལ་ཏེ་ཉིན་འདི་འགའི་རིང་ལ་ཁྱོད་རང་
ངའི་གམ་དུ་བསྡད་དེ་ནམ་རྒྱུན་ལྟར་ང་ལ་སྙིང་སྟོབས་སྦྱིན་ན་ཇི་འདྲའི་བཟང་བ་ལ། དྲང་བོརབརྗོད་ན། ཉིན་འདི་འགའི་
རིང་དུ་ང་ལ་ཡིད་ཆེས་ཡེ་ནས་མེད་པར་གྱུར། ངས་སྐྱོ་སྡུག་གི་ཁྲོད་དུ་ཁྱོད་ཀྱི་ཨ་མའི་ཁོང་ཁྲོའི་ཤ་རྩ་འཕར་བའི་གདོང་
རིས་མཐོང་བ་དང༌། སྐྱི་གཡའ་བའི་སྡང་མིག་དེར་ང་རང་གཡོལ་ཐབས་དབེན། ཡིན་ནའང་ད་ལྟ་ང་རང་ཡི་ཆད་པ་ནི་
འདི་མ་ཡིན། རྗེས་སུ་ཁོ་མོ་དང་ངེད་གཉིས་ཁྱིམ་གཅིག་ཏུ་འགྲིག་མཐུན་འབྱུང་མི་སྲིད་ཅིང༌། ནམ་ཞིག་གི་ཚེ་ཁྱོད་རང་ཡང་
ཨ་མའི་ཕྱོགས་ཡིན་པ་སྨོས་ཅི། སྐབས་དེར་ང་ལ་བཏང་བའི་རྡུང་རྡེག་ནི་ཇི་འདྲའི་ཚ་ཐག་ཆོད་པ་ཞིག་ཡིན་ཨང༌། དེ་བས་
ཁྱོད་ཀྱིས … … ཁྱོད་ཀྱིས་སྔོན་ལ་འབྲེལ་ཐག་གཅོད་རོགས།
ངས་གནས་ཚུལ་འདི་དག་ཟུར་ཙམ་ཨ་མར་བརྗོད་མ་མྱོང༌། ཁོ་ཚོས་ཡོད་ཚད་རྟོགས་པ་ན་ང་ལ“ཁྲེལ་མེད་མ”
ཞེས་སྡིགས་མོ་བྱེད་པ་ཁོ་ཐག་ཡིན་ལ། འདས་ལོའི་གཉེན་དོན་མྱུར་དུ་སྒྲུབ་རྒྱུ་ཡིན་པ་ཐག་གིས་ཆོད། ཨ་མས་འུ་གཉིས་ཀྱི་
འབྲེལ་བ་ཇི་ལྟར་ཡིན་པ་འདྲི་དུས། ངས་འུ་གཉིས་ཀྱི་འབྲེལ་བ་ཧ་ཅང་བཟང་ཞེས་སྨྲས་པ་དང༌། ཁྱོད་ཚང་གི་ལྟ་ཚུལ་འདྲི་
དུས། ཁྱོད་རང་མཐར་ཕྱིན་རྗེས་ད་གཟོད་གསལ་བཤད་བྱས་ཆོག་ཅེས་རྫུན་ལབ་པ་ཡིན། ངོ་མ་ང་ནི་ཉེས་ཅན་ཞིག་ཏུ་
གྱུར་འདུག
བསམ་གཏན་ལགས། ངས་སེམས་ཐག་བཅད་ནས་སྨྲ་སྤོབས་ཏེ། ང་ནི་ནུས་མེད་ཀྱི་བུ་མོ་ཞིག་ཡེ་ན་མིན། ངས་རང་
ཉིད་ཀྱི་དགའ་ཕྱོགས་ཆེད་དུ་ཡོད་ཚད་གཏོང་ཕོད་ཅིང༌། ལམ་ཕྲན་དེ་ཀྱག་ཀྱོག་ཇི་འདྲ་ཞིག་ཡིན་རུང་བགྲོད་ཐུབ། ཡིན་
ནའང་ཁྱོད་ཚང་གི་གོ་གནས་དང་ཁྱོད་ཀྱི་ཕ་མའི་རྣམ་དག་གི་སེམས་པ། སྤྱི་ཚོགས་ཀྱི་འཁོར་ཕྱོགས་བཅས་ལ་བརྟགས་ན་
ཁྱོད་ཀྱིས་འདི་ལྟར་སྒྲུབ་མི་ཐུབ་པ་རྟོགས་ཐུབ།
བསམ་གཏན་ལགས། ཐབས་ཅི་ཡང་མི་འདུག ངས་ཐ་མག་འཐེན་ལོབས་སུ་སོང་བ་དང་མི་འགྱངས་པར་ཆང་
རག་ཀྱང་འཐུང་རྒྱུ་ཡིན་པ་འདྲ། འོན་ཀྱང་ཁྱོད་ཀྱིས་ཆང་རག་ཁམ་གང་ཡང་མི་འཐུང་བར་མཁྱེན། རྗེས་སོར་འཕྲད་
སྐབས་མཁུར་ཚོས་སྟེང་ལ་ཡང་བསྐྱར་རྨ་ཤུལ་གསར་པ་ཞིག་ཁྱེར་མི་ཡོང་བར་འཚལ།
ངོ་མ་མིང་མེད་པས་སྐྱིད་པ་ལ།
༡༩༩༠.༦.༡༡
ལོ་དེའི་དབྱར་གནང་སྐབས་སུ།
“དོ་ནུབ་ཟླ་བ་མར་ངོ་ཡིན་ནམ”ཁོ་མོས།
鉊ཕལ་ཆེར་ཡིན་པ་འདྲ”
“ནམ་ཟླ་འདི་ཧ་ཅང་འཁྱགས་དོན་ཅི།鉋
“ཁྱོད་རང་གྲང་ངམ།鉋
“ཅུང་ཙམ།鉋
“ངའི་སྟོད་ལ་འདི་གྱོན། ང་རང་མི་གྲང༌།鉋
“མིན་མིན། མྱུར་དུ་ཕྱིར་གྱོན། འཁྱགས་སོང་ན་ཆམ་པ་འཕོག་ངེས།鉋
“ཧིན་ཧིན། ཆམ་པ། ང་ལ་སྔར་ནས་ནད་བྱུང་འདུག”
“ཅི་ཟེར། སྨན་ཁང་ལ་མ་སོང་ངམ།鉋 ཁོ་མོས་སེམས་ཁྲལ་ངང་ལག་པས་ཁོའི་དཔྲལ་བར་རེག
“སེམས་ནད། སྨན་ཁང་གིས་ག་ལ་གསོ་ཐུབ།鉋
ཆར་བ་འབབ་མགོ་བརྩམས། ཁོ་དང་ཁོ་མོ་གཉིས་དབེན་འཇགས་ཀྱི་ལུང་ཁུགས་དེ་ནས་ལམ་ལ་ཆས་ཏེ་མི་བསྡད་
མེད་པའི་ཁང་པ་ཞིག་གི་སྒོ་ཁར་འཚངས།
“འདི་ནི་ལས་དབང་ཡིན་ནམ།鉋
“ཨེ—ཕལ་ཆེར་ཡིན་སྲིད།鉋
“ད་ལྟ་ཁྱོད་ལ་དགོད་སྒྲ་མེད་པ་ཅི།鉋
“ཨེ—ཁ་བགད་ཀྱང་ཁོག་གི་སྨྲེང་རེད།
ངས་འདང་རྒྱག་མི་ཕོད། སང་ཉིན་གྱི་འཚོ་བ … … ”ཁོ་མོ་ངུ་དངངས་ཤིག་བྱས་ནས་ཁོའི་ཟང་ཁར་
འཐམས་སོང༌།
ཆར་བ་ཤག་ཤག་ཏུ་བབས་བྱུང༌། ཆར་རྡོག་གིས་ས་གཞིར་བར་མེད་དུ་རྡེག་པའི་སྒྲ་ཁོ་ན་ལས་ཡོད་ཚད་སྟོང་
འཇགས་སེ། ཡུལ་མི་རྣམས་གཉིད་དུ་ཡུར་འདུག སྲང་ལམ་གྱི་གློག་སྒྲོན་ཐམས་ཅད་ཆར་བའི་ཁྲོད་དུ་ཁ་དོག་ལྗང་ཁུ་ཞིག་
འཚེར་གྱིན་འདུག སྐབས་སྐབས་སུ་ཁྱི་ལྡོམ་རེ་གཉིས་ཀྱི་འོ་དོད་ཐོས།
“ཁྱོད་ཀྱིས་འུ་གཉིས་ཀའི་བརྩེ་དུང་གི་རྒྱུད་རིམ་འདི་སྒྲུང་གཏམ་དུ་འགོད་ཐུབ་བམ།鉋
“ངས་ཀྱང་དེ་ལྟར་བསམ་བཞིན་ཡོད།鉋
“ཁྱོད་ཀྱིས་ང་ལ་ཁས་ལེན་རྒྱུ་ཞིག་ཡོད་པ་ནི་དེ་གཅིག་པུ་ཡིན། གཞན་རེ་བ་ཅི་ཡང་མེད།鉋
“མིག་མདངས་ཀྱི་ཁྲོད་ནས་འུ་གཉིས་ཀྱི་ཐོག་མའི་བརྩེ་བ་འབུས་ཤིང༌། ལྷན་འཛོམས་ཀྱི་དགོད་སྒྲའི་ཁྲོད་ནས་
དུང་བ་འཕེལ། འབྲལ་ཁའི་མཆི་མའི་ཁྲོད་ནས་ད་དུང་འཛུམ་རིས་སྟོན་བཞིན … … ”ཁོའི་མིག་ཆུ་བཞུར་བྱུང་བས་
མུ་མཐུད་དུ་བརྗོད་ཐབས་བྲལ། ཁོས་ཁོ་མོ་དམ་པོར་བྲང་དུ་གླན་ཞིང་ཡུན་རིང་དུ … …
ཆར་བའི་མདེའུ།
ཤྭ་འོད་ཀྱི་རླབས་རྒྱུན།
མུན་པའི་མཆོང་རྒྱུགས།
ཕྱིར་དྲན་ཡ—
13
བསམ་གཏན།
ཁྱོད་བདེ་མོ།
ཁྱོད་རང་སྔར་ལས་བདེ་སྐྱིད་ཀྱི་ངང་འཚོ་བཞིན་ཡོད་ངེས། རྒྱུ་མཚན་ནི་སློབ་གྲྭར་ཁྱོད་ལ་སྤྲོ་བ་འདྲེན་པའི་སློབ་
གྲོགས་མང་བས་རྐྱེན་ནོ། །
ཁྱོད་ཀྱིས་ངའི་སྐྱོ་གདུང་ཇི་ལྟ་བུ་ཞིག་ཡིན་པ་ཤེས་ཐུབ་བམ། ལས་དབང༌། ཅིའི་ཕྱིར་འུ་གཉིས … … ད་དུང་
ཆང་རག་འཐུང་བཞིན་ཡོད་དམ། ཆང་རག་རྩ་བ་ནས་མི་འཐུང་བར་མཁྱེན། ཐ་མག་ཉུང་ཉུང་འཐེན་རོགས། ཉིན་འདི་
འགའི་རིང་ལ་ཁྱོད་ཀྱིས་ཐ་མག་འཐེན་པ་ཤིན་ཏུ་མང༌། དེས་གློ་བར་གནོད་པ་ཆེ། བསམ་བྱ་བགྲང་ལས་འདས་པ་ཞིག་
བརྗོད་རྒྱུ་ཡོད་མོད། འོན་ཀྱང … …
གཏན་དུ་བདེ་བར་སྨོན།
སྙིང་ནས་ཁྱོད་ལ་སྡང༌།
༡༩༩༠ .༩ .༨ ཉིན་དབང་མོས་ཕུལ།
ཁོས་དབང་མོའི་འཕྲིན་ཡིག་ཡོད་ཚད་བཀླགས་ཚར། ཚོར་སྣང་ཇི་འདྲ་ཞིག བྲོ་བ་ཇི་འདྲ་ཞིག ཁ་དོག་ག་འདྲ་
ཞིག … … ཁོས་བརྗོད་དཀའ། བརྗོད་དཀའ། ཁང་པའི་ནང་དུ་ཧ་ཅང་འཁྱགས་མོད། ཡིན་ནའང་ཁོས་ཆང་རག་
དམ་བེ་གང་འཐུངས་ཟིན་པས་ཁྲག་གི་དྲོད་རྒྱུན་རྒྱས་ཤིང་ཁྲག་རྩ་ཐམས་ཅད་སྦོམ་པོར་གྱུར། ཁོ་རང་མལ་ཁྲིའི་ཐོག་ཀན་
རྐྱལ་དུ་ལོག་སྟེ་ཐ་མག་རྔམ་འཐེན་བྱས། མིག་ལམ་གྱི་ཡོད་ཚད་གཡོ་འགུལ་བྱེད་པ་དང་འདྲ། ཨ་ལོང་མང་པོ་མང་པོ་ཞིག་
མིག་ལམ་ནས་བརྒྱ་ཕྲག་སྟོང་ཕྲག་ཏུ་གྱེས། ཁེར་རྐྱང་དང་སྟོང་འཇགས་ཀྱི་མནར་སྤྱོད་ནམ་ཡང་ཁོའི་སྙིང་དབུས་སུ་དངུལ་
ཆུ་ལྷུང་བ་ཇི་བཞིན་ཧ་ཅང་ལྩི། ཧ་ཅང་ལྩི།
ཁོའི་མིང་ལ་བསམ་གཏན་ཟེར།
ལོ་མ་དམར་པོ།
བར་ཆད་ཀྱི་རླུང་བུ་ཤག་ཤག་ལྡང་བས་ཁྱོད་ཐག་རིང་ཐག་རིང་ལ་ཁྱེར། ཤུལ་དུ་ལུས་པ་ནི་སྐྱ་མདོག་གི་ལྗོན་པ་
གཅིག་པུ། དཀར་དམར་ལྗང་ཁུ་ཡོངས་སུ་ཉམས་པའི་ལྷིང་འཇགས་ཀྱི་འཇིག་རྟེན་གྱི་ཁུགས་པ་མང་པོ་ན། རྨི་ལམ་དང་
འཕྲུལ་སྣང་གི་ཚེ་སྲོག་སྦྲུམ་ཞིང༌། ནམ་ཞིག་གི་དུས་སུ་འུ་ཅག་ལ་སླར་ཡང་གསོན་ཤུགས་རྒྱས་ཏེ་གདོད་མའི་གབ་ཚིག་
བགྲང་ལས་འདས་པར་ལན་ལྡོན་ངེས།