ཤ་མོ།

༄༅།། ཤ་མོ།

   ཨ་ལེགས། (འབར་ཁམས)

 གློག་བརྙན་གྱི་རྒྱབ་ལྗོངས་དང་འདྲ་བའི་གྲོང་རྡལ་འདི་མ་ཆགས་པའི་སྔོན་ལ། ས་ཆ་འདི་ན་རྒན་པོ་ཚོའི་ངག་རྒྱུན་ཙམ་
དང་གཙང་པོའི་རྦ་རླབས་ཀྱིས་ཉིན་མཚན་མེད་པར་བརྡབས་ནས་ཇེ་ཆེར་འགྱུར་བཞིན་པའི་བྱེ་ཐང་མ་གཏོགས་ཅི་ཡང་མེད། ཚོ་བ་འདིའི་གནའ་བོའི་ངག་རྒྱུན་དུ་ལྷའམ་གང་ཟག་ཁྱད་པར་ཅན་སུམ་རྩེན་ལྷ་ཡི་གནས་ནས་ཡུལ་འདིར་བབས་ཚུལ་
བཤད་རྒྱུ་ཡོད་ནའང༌། དེ་དག་ཕྱིར་ལྷ་ཡུལ་དུ་གཤེགས་པའི་གཏམ་རྒྱུད་གཅིག་ཀྱང་ཐོས་མ་མྱོང༌། ཉེ་བའི་ལོ་ངོ་སུམ་བརྒྱའི་
ནང་དུ་ངག་རྒྱུན་གསར་བ་གཏན་ནས་མ་བྱུང་བས། ལྷ་ལས་བབས་པའི་སྐད་ཆའང་རིམ་བཞིན་ཐོས་པའི་ཡུལ་དུ་མ་གྱུར།
འདིར་གླེང་བར་བྱ་བ་ནི་རི་བོའི་རྔམས་མཐོ་ལ་འགག་འཕྲང་དོག་པའི་གནས་ཏེ་མདོ་སྨད་ཀྱི་རོང་ཆེན་བཞིའི་ཡ་གྱལ་རྒྱལ་མོ་
ཚ་བ་རོང་ཞེས་པ་དེ་ཡིན་ལ། འདིར་འཚོ་ཞིང་གནས་པའི་མི་རྣམས་ལ་རྒྱལ་རོང་པ་ཞེས་འབོད་དོ། །རྒྱ་མཚོ་ལོ་ཆུང་བའི་
སྐབས་སུ་ཁོའི་སྤོ་བོ་དགེ་བོ་དེས་བདག་ཅག་གི་ཚོ་བ་འདིའི་མེས་པོ་ནི་སྐྱི་བསེར་རླུང་དང་བྱ་རྒྱལ་ཁྱུང་གི་རྒྱུད་ཡིན་པས་ང་ཚོ་
ནི་དགུང་སྔོན་གནམ་ནས་མཆེད་པ་ཡིན་ཞེས་རྒྱུན་པར་ཁོ་ལ་བཤད་མྱོང༌།
སྤོ་བོ་འདས་ནས་ལོ་དུ་མ་འགོར་བའི་དབྱར་གཞུང་ཞིག་ལ་རྒྱ་མཚོས་གློ་བུར་དུ་རང་ཉིད་བྱིས་པའི་སྐབས་སུ་སྤོ་བོས་ཁོ་
ལ་བཤད་པའི་གོང་གི་སྐད་ཆ་དེ་དག་དྲན་བྱུང༌། ཁོས་མགོ་བོ་བཏེགས་ཏེ་གནམ་ལ་བལྟས་པ་ན། སྔོ་བསངས་ཀྱི་ནམ་མཁའ་
ལས་ཅི་ཡང་མ་མཐོང༌། དེ་ཡང་ཁོ་རང་སློབ་ཆུང་ལ་ཞུགས་པའི་སྐབས་སུ་གྲོང་རྡལ་གྱི་འགན་འཛིན་གཞོན་པའི་འགན་འཁུར་
བའི་ཨ་མས་ཁོ་རང་ཕ་ཡུལ་དུ་སྤོ་བོར་བལྟ་བར་མངགས། རྒྱ་མཚོ་དང་སྤོ་བོ་གཉིས་ཀྱིས་ལུག་ཁྱུ་གཟས་ལ་བཀྲམ་རྗེས་ཤིང་
སྡོང་ཞིག་གི་གྲིབ་བསིལ་དུ་གན་རྐྱལ་དུ་ཉལ་ནས། ཀུན་གསལ་གྱི་ལྷ་ལམ་དུ་ནམ་ཡང་ཐང་ཆད་རྒྱུ་མེད་པར་གནམ་འཕང་
བསྟོད་པའི་ཐང་དཀར་རྒོད་པོར་བལྟས། གློ་བུར་དུ་སྤོ་བོའི་སྣ་གཤོག་ནི་བྱིས་པ་ཚོ་དགའ་བའི་འགུལ་རིས་གློག་བརྙན་ནང་གི་
ཁྱི་གུའི་སྣ་གཤོག་དང་འདྲ་བར་འགུལ་འགུལ་བྱེད་བཞིན“ཁྱོད་ཀྱིས་ཉོན་དང་鉋ཞེས་ཟེར།
ཡིན་ནའང་ཁོས་ཅི་ཡང་མ་ཐོས།“སྣ། སྣས་ཉོན། ” མིག་ཟུང་རྡེབ་རྡེབ་བྱེད་པའི་རྒན་པོ་འདི་ཀུ་རེ་རྩེ་དགའ་ཆེ་བའི་
མི་ཞིག་ཡིན།
སྐབས་དིར་རྒྱ་མཚོའི་སྣས་དངོས་གནས་དྲི་མ་ཞིམ་པོ་ཞིག“ཐོས”བྱུང༌། མགོ་བོ་སྤྱི་ཐེར་དུ་གྱུར་པའི་རྒན་པོས་སྐེ་
བསྲིངས་ནས་ཚ་བོའི་རྣ་ལམ་ལ“ཁ་རོག་ཏུ་སོང་ལ་དེ་དག་ཟུངས་ཤོག”ཅེས་ཤུབ་བུར་སྨྲས།
“དེ་དག་ཅི་ཞིག་རེད། ”
“ཤ་མོ་རེད། ”ཅེས་ཁོ་རང་ཧེ་ཧེ་ཞེས་བགད་བྱུང༌།
སྤོ་བོས་བཤད་པ་ཤིན་ཏུ་བདེན་ཏེ་གོམ་པ་བཅུའི་མཚམས་སུ་རྒྱ་མཚོས་ད་སོ་མ་ས་ཁར་འབུས་པའི་ཤ་མོ་གསུམ་རྙེད། དེ་
དང་མཉམ་དུ་མཐའ་འཁོར་གྱི་བརླན་ཞིང་སོབ་པའི་ཤ་བལ་སྲབ་མོའི་འོག་ཏུ་ཅི་ཞིག་འགུལ་བཞིན་འདུག་པ་མཐོང༌། ཅུང་
ཙམ་འགོར་རྗེས་ཤ་མོ་ཆུང་ཆུང་རེ་རེ་བཞིན་དལ་གྱིས་ས་ཁར་འབུས་ཤིང་སྐད་ཅིག་དེ་ཉིད་ལ་དྲི་མ་ཞིམ་པོ་དབེན་ཐིང་ཐིང་
གི་ནགས་ཁྲོད་དུ་ཁྱབ། སྐབས་དེར་ཁོ་ལ་དངོས་གནས་སྙན་མོའི་སྒྲ་ཞིག་ཐོས་འདྲའི་སྣང་བ་ཞིག་སྐྱེས་བྱུང༌།
སྤོ་བོས་སྐེད་ཀྱི་གློ་གྲི་བླངས་ནས་ཤ་མོ་ལེབ་མོ་ལེབ་མོ་བྱས་ཏེ་སྲབ་བུར་གཙབས་རྗེས་དེ་ལ་ཚྭ་བཏབ་ནས་མེ་ཐོག་ལ་
བཞག མེར་བསྲེགས་པའི་ཤ་མོ་ནི་བལྡད་ན་སྙི་ཞིང་བྲོ་བ་ཞིམ་པས་དངོས་གནས་ཟས་རིགས་གཞན་དང་སྡུར་ཐབས་མེད་པ་
ཞིག་རེད། རྗེས་སུ་ཁོ་གཉིས་ཀྱིས་ཤ་མོ་མ་མོའི་འོ་མའི་ནང་དུའང་བཙོས་ནས་ཟོས་མྱོང་བས་ཞིམ་མངར་ལྡན་པའི་བྲོ་བ་དེ་ནི་
དེ་བས་ཀྱང་བརྗེད་དཀའ་བ་ཞིག་རེད།
ད་ལྟ་ལུག་རྫི་རྒན་པོ་སྔ་མོ་ནས་འདས་སོང༌། ཨ་མ་ལས་འཁྱུར་ངལ་གསོ་བྱས་ཏེ་གྲོང་རྡལ་འདིའི་ཤར་མཐའི་ལས་བྱེད་
པའི་ངལ་གསོ་ཁང་དུ་བསྡད་ཡོད། ཁོ་མོའི་དབུགས་འཚང་བའི་ནད་དེ་ཤིན་ཏུ་ལྩི་ནའང་སྨན་འཐུངས་ནས་ཕན་ཐོགས་ཅུང་
ཙམ་བྱུང་ཚེ་རྒྱུན་དུ་ཨ་ཕ་ལ་འཁང་ར་བྱས་ཏེ། ལོ་ལྔ་བཅུ་ཟད་ནས་དྲུག་ཅུ་ལོན་ནའང་ད་དུང་རྒྱུན་དུ་རིག་གནས་ཁང་གི་བྲོ་
ཚོགས་ལ་ཞུགས་ཞེས་སྡུག་ཡུས་འདོན། རྒྱ་མཚོ་ཡང་རྒྱུན་པར་ཡུལ་ལ་མི་ཡོང་བས་ལས་འཁྱུར་ངལ་གསོ་བྱས་པའི་གྲོང་རྡལ་
འགན་འཛིན་པས་ཁྱོད་བཙའ་བའི་སྐབས་སུ་ཅུང་ཙམ་མིན་ན་ཨ་མའི་སྲོག་ཀྱང་ཤོར་སོང་ཞེས་རྒྱུན་པར་རྒྱ་མཚོའི་རྣ་ལམ་དུ་
མ་ཎི་འདོན་འདོན་བྱེད། གྲོང་རྡལ་འགན་འཛིན་པ་ནི་གོ་ས་ཆེན་པོ་ཞིག་མིན་ཏེ་གྲོང་རྡལ་འདི་ལ་མཚོན་ནའང་ཆེ་རྒྱུ་མེད། རྒྱུ་
མཚན་ནི་གྲོང་རྡལ་འདི་ན་དེ་ལ་དོ་དམ་བྱེད་པའི་གོང་རིམ་གྱི་ལས་ཁུངས་ཏེ་རྫོང་ཨུ་དང་རྫོང་སྲིད་གཞུང་ཡོད་ལ། དེའི་གོང་
ན་ཁུལ་ཨུ་དང་ཁུལ་སྲིད་གཞུང་ཡོད། ཁོ་མོས་ད་དུང་རྒྱ་མཚོར་ལེ་བདའ་བྱས་ཏེ། ཁོ་ཆུང་བའི་སྐབས་སུ་དགོང་མོ་ཉལ་ཁར་
རྒྱུན་པར་སྒེའུ་ཁུང་འབྱེད་པས་ཁོ་མོ་ནམ་གུང་ཡར་ལངས་ཉེ་སྒེའུ་ཁུང་བརྒྱབ་ནས་ཆམ་པ་ཕོག་པ་ཡང་གང་མང་མང་ཡིན་
ཟེར། ཕལ་ཆེརསྤོ་བོའི་ཤན་ཞུགས་པ་ལོས་ཡིན། རྒྱ་མཚོ་ཆུང་བའི་དུས་སུ་མཚན་མོ་མཁའ་དབྱིངས་ལ་ལྟ་བར་དགའ། སྐབས་
རེར་རྨི་ལམ་ནང་དུའང་རང་ཉིདནམ་མཁའི་དབྱིངས་སུ་འཕུར་བ་རྨིས།
ཨ་མས་བཤད་པ་ལྟར་ན་རྨི་ལམ་དུ་རང་ཉིད་འཕུར་བཞིན་པ་ནི་ལུས་གཟུགས་སྐྱེས་པའི་རྟགས་ཡིན་ལ། མཐོ་ས་ཞིག་ནས་
ལྷུང་བ་རྨིས་ཀྱང་དེའི་རང་བཞིན་ཡིན་ཟེར།
སྐབས་འདིར་གྲོང་རྡལ་འདིའི་རྒྱབ་ལྗོངས་ལ་ད་དུང་གསལ་བཤད་ཅིག་བྱེད་དགོས་པ་ནི།
གྲོང་རྡལ་འདི་ཆགས་ནས་ད་ལྟའི་བར་ལོ་ངོ་བཞི་བཅུ་ཙམ་མ་གཏོགས་འགོར་མེད། རྒྱ་མཚོ་ནི་གྲོང་རྡལ་འདིའི་མི་
དམངས་སྨན་ཁང་དུ་སྐྱེས་པའི་ཕྲུ་གུ་ཨང་ང་བཞི་བ་ཡིན་ལ། ད་ལོ་ཁོ་ཕོ་ལོ་སོ་དྲུག་ཏུ་སོན་འདུག སྔོན་ཆད་རི་གཉིས་ཀྱི་བར་
ནི་འཁོབས་ཡངས་པའི་གྲམ་པ་ཞིག་ཡིན་ལ། རི་འདབས་ན་རི་སྐྱེས་སིལ་ཏོག་གི་ལྗོན་པས་གང་བའི་ཤིང་ཕྲན་གྱི་ཚལ་ཆུང་ཆུང་
ཞིག་ཡོད་པའི་དབུས་སུ་དགོན་པ་ཞིག་ཡོད་པ་སྔར་ནས་འཇིག་པའི་ཤུལ་ནི་ད་ལྟའི་གྲོང་རྡལ་འདིའི་མདུན་གྱི་ཐང་ཆེན་དེ་
རེད། དབྱར་གསུམ་གྱི་དུས་སུ་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་ཀྱང་སྟོན་གསུམ་གྱི་སྐབས་སུ་གཡུར་དུ་ཟ་བའི་འབྲས་བུ་
རྣམ་པར་སྨིན་པའི་མཛེས་སྡུག་ཡིད་དུ་འོང་བའི་ནགས་ཚལ་དེ་ད་ནི་གར་སོང་ཆ་མེད་དུ་གྱུར་འདུག ཡིན་ནའང་ས་འདིར་
མཐོང་དཀོན་པའི་སྡོང་རྒན་ཆེན་པོ་ཞིག་ད་དུང་མི་ཚོགས་འདུ་སའི་ཚོགས་ར་ཆེན་པོ་འདིའི་འགྲམ་དུ་གཅིག་པུར་ལུས་འདུག
ཆག་སྒོ་རབ་དང་རིམ་པ་བརྒྱུད་ཀྱང་ད་དུང་ཚེ་སྲོག་གི་བར་ཆད་མ་བྱུང་བར་སྔར་ལས་ལྷག་པར་སྐྱེ་སྟོབས་ཀྱི་དཔལ་འབར་
བའི་ཚུལ་ཞིག་ངོམ་འདུག རྒྱུས་ཡོད་ཀྱི་མི་ཚོས་བཤད་པ་ལྟར་ན་དེ་ནི་ཡོ་འབོག་གི་སྡོང་བོ་ཞིག་ཡིན་ཏེ། ལོ་དེར་གྲོང་རྡལ་
འཛུགས་སྐྲུན་བྱེད་པའི་སྐབས་སུ་སྡོང་བོ་གཅོད་པའི་དམག་དེ་དག་ནི་ཤིང་སྡོང་འདི་སྐྱེས་སའི་ཡུལ་གྱི་མི་ཡིན་པས་སྡོང་བོ་
འདི་ད་གཟོད་མཚོན་བར་ནས་ཐར་སོང་ཟེར། ངག་རྒྱུན་དུ་སྡོང་བོ་འདི་ནི་རྒྱ་ནག་ལ་གནས་མཇལ་དུ་ཕེབས་པའི་སྐྱེས་མཆོག་
དམ་པ་ཞིག་གིས་ཁྱེར་ཡོང་ནས་བཙུགས་པ་ཡིན་ཟེར།
སྡོང་རྒན་དེ་ཨར་འདམ་གྱིས་བཟོས་པའི་སྟེགས་བུའི་འགྲམ་དུ་གྲོགས་མེད་ཁེར་རྐྱང་དུ་ཀྲོང་ངེར་འགྲེང་འདུག་ལ། ཕར་
བལྟས་ཚོད་ཀྱིས་ཤིན་ཏུ་སྐྱོ་ཞིང་ཅི་ཞིག་ལ་རེ་སྒུག་བྱེད་པ་དང་འདྲ།
ཉིན་འདིར་རྒྱ་མཚོ་ཁྲོམ་དུ་སླེབས་པ་ན། མི་མང་པོ་ཞིག་ཡོ་འབོག་གི་སྡོང་རྒན་དེའི་འོག་ཏུ་ཚོགས་ནས་ཚང་མས་ནམ་
མཁར་ཅེར་འདུག མི་ཚོགས་ཀྱི་ཁྲོད་དུ་ཁོའི་གྲོགས་པོ་ཞིག་ཀྱང་འདུག
ཨ་ཡ་མཚན། མི་འདི་དག་གིས་ཅི་ཞིག་ལ་ལྟ་བ་ཡིན་ནམ།
ལོ་བཞི་ལྔའི་སྔོན་ལ། མི་ལོ་བདུན་ཅུ་དོན་དྲུག་གི་ནང་ལ་ད་གཟོད་ཐེངས་གཅིག་མཐོང་ཐུབ་པའི་སྐར་མ་དུ་བ་མཇུག་རིང་
བྱུང་བའི་སྐབས་སུ་ད་གཟོད་མི་འདི་འདྲ་མང་པོས་མཉམ་གཅིག་ཏུ་ནམ་མཁར་ལྟ་བ་རེད།“གོ་ཐོས་ལ་གནམ་གྲུ་སླེབས་རྒྱུ་
རེད་ཟེར། ”
“གྱེན་འཕུར་གནམ་གྲུ་རེད།鉋
“འཇར་པན་གྱི་རེད།鉋
“ཐང་ཆེན་འདིར་འབབ་རྒྱུ་རེད་ཟེར།鉋
“འཇར་པན་གྱི་མིས་གནམ་གྲུའི་ནང་དུ་ཤ་མོ་གསར་བ་བཞག་སྟེ་དགོང་མོ་མཚན་བརྒྱབ་ནས་འཇར་པན་ལ་སྐྱེལ་རྒྱུ་རེད་
ཟེར། ཨ་རོགས ཨེ་གོ། རྒྱ་མ་གང་ལ་སྒོར་བརྒྱ་ལྷག་སྟེར་བ་རེད་ཟེར།鉋
རྒྱ་མཚོའི་གྲོགས་པོས་འགྲམ་ནས“ཁོ་ཚོས་དེ་ལ་ཐང་ཤིང་ཤ་མོ་ཟེར། ཤ་མོ་ནི་སྤྱི་མིང་ཙམ་ཡིན”ཞེས་དག་སེལ་བྱས།
ཡུལ་འདིའི་མི་རྣམས་ཀྱིས་ཤ་མོ་ནི་ཐང་ཤིང་ཤ་མོ་ཁོ་ན་སྟོན་པ་ལས། བཟའ་བྱའི་ཤ་མོའི་རིགས་ཡོད་ཚད་ནི་མིན། ད་ནི་ཤ་མོ་
སྐྱེ་བའི་དུས་ཚིགས་ཏེ་ཟླ་དྲུག་པར་སླེབས་ལ་ཉེ་ཞིང༌། ནམ་མཁར་སྤྲིན་བྱིའུ་མགོ་ཙམ་ཡང་མེད་པའི་ཉིན་འགའ་བྱུང་ན། ཟླ་
བདུན་པའི་ནང་དུ་སྦྲང་ཆར་སིམ་སིམ་འཇོ་བས་ཤ་མོའི་དུས་ཚིགས་གཞི་ནས་སླེབས་པ་རེད། དེ་དུས་དྲི་བསུང་འཐུལ་བའི་ཤ་
མོ་རེ་རེ་ནི་ཐོད་བརྒལ་དངོས་ཡོད་རིང་ལུགས་ཀྱི་མེ་ཏོག་ལྟར་ལྗོན་ཤིང་གི་རྩ་བ་དང་རྩྭ་ལྗང་གི་བར་གསེབ། གོར་མའི་སྲིབ་
ཕྱོགས་བཅས་ནས་སྐྱེས་ཤིང༌། དེ་དག་ནི་རླན་གཤེར་ཡིན་ལ། དག་གཙང་གི་ཁོར་ཡུག་ཏུ་འོད་ཀྲིག་ཀྲིག་དང་སྣུམ་ཀྲིག་ཀྲིག་ཏུ་
བརྡོལ་ཡོང་ལ། ཤ་མོའི་འདབ་མ་རིམ་གྱིས་ཕྱེ་བ་དང་བསྟུན་ནས་དྲི་བསུང་ཡང་དལ་བུར་ཡལ་ནས་མཐར་རུལ་མྱག་ཏུ་འགྱུར་
ངེས། དེ་དག་རང་སྐྱེས་རང་འཇིག་ཏུ་འགྱུར་བ་ལས་མི་རྣམས་ཀྱིས་ལོངས་སུ་སྤྱོད་ཐུབ་པ་ནི་ཉུང་ཤས་ཙམ་ལས་མེད། དེར་མ་
ཟད་འདབ་ལྡན་བྱ་ཡི་ཚོགས་ཀྱིས་ཀྱང་ཏོག་ཏུ་ཟས་སུ་བྱེད། སྐབས་དེར་ཤ་མོ་ཞེས་པའི་ཡུལ་མིང་ཕལ་བ་ཙམ་ལས་མེད་མོད།
ད་ལྟ་ཤ་མོ་ལ་སྐྱེ་དངོས་རིག་པའི་མིང་ཡོད་པར་མ་ཟད།ལ་ཏིང་ཡི་གེས་འབྲི་ཚུལ་ཡང་ཡོད་པས་གནམ་གྲུར་བསྡད་ནས་ཕྱིའི་རྒྱ་མཚོའི་ཕ་རོལ་ཏུ་བརྒལ་ལ་ཉེ། ཞོར་དུ་བཤད་རྒྱུ་
ཞིག་ནི། གྲོང་རྡལ་ཆུང་བ་འདི་ཆགས་རྗེས་ངོ་མཚར་གྱི་དོན་གཅིག་ཀྱང་བྱུང་མ་མྱོང༌། དངོས་པོ་གང་ཞིག་མཁའ་ལས་བབས་
པ་མ་ཐོས་ཤིང་ཐ་ན་གནམ་གྲུ་ཞིག་ཀྱང་བབས་མ་མྱོང༌།
གཞུང་ལམ་གཅིག་ཡོད་པ་ཡང་བྱེ་ཟེགས་ཀྱིས་བཅད་ཡོད་པའི་རྒྱང་ཐག་རིང་བའི་གྲོང་རྡལ་འདིས། མཁའ་དབྱིངས་སུ་
དངོས་པོ་གང་ཞིག་འཕུར་ཡོང་བར་རེ་སྒུག་བྱེད་བཞིན་ཡོད་ནའང༌། ཐང་ཤིང་ཤ་མོས་ཀྱང་གནམ་གྲུ་འགུགས་མ་ཐུབ།
དེ་ལྟ་ན་ཡང༌། འཇར་པན་གྱི་མི་སླེབས་བྱུང༌།
འོན་ཀྱང༌། འཇར་པན་གྱི་མི་དེ་ཚོ་སྤྱད་གྲུང་ལྡན་པ་ཤ་སྟག་ཡིན་པས་ས་འདི་གའི་ཚོང་པ་རྣམས་དང་འདྲ་བར་ཤ་མོ་ཐད་
ཀར་མི་ཉོ་བར། གྲོང་རྡལ་ནས་དཔར་བའི་ཚགས་པར་ལྟར་ན་འཇར་པན་གྱི་མི་དེ་དག་ནི་ཐང་ཤིང་ཤ་མོའི་ཐོན་ཁུངས་ལ་
རྟོག་དཔྱོད་བྱེད་དུ་ཡོང་བ་རེད་ཟེར། འདི་གའི་རྒྱང་བསྒྲགས་ཀྱི་ནང་དོན་ཡང་ཁུལ་ཚགས་པར་ཁང་དང་གཅིག་མཚུངས་
རེད། འཇར་པན་གྱི་མི་དེ་ཚོས་ཁུལ་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཚོམས་ཆེན་དུ་ཐང་ཤིང་ཤ་མོའི་སྐོར་གྱི་ཚན་རིག་སྙན་ཞུ་
ཞིག་ཚོགས་མོད། ཡིད་ཕངས་པ་ཞིག་ལ་སྐྱེ་དངོས་རིག་པ་དང་ནང་སྒོས་ཕྲ་ཕུང་སྐྱེ་དངོས་རིག་པའི་ཤེས་བྱ་ཅན་གྱི་ལོ་ཙཱ་པ་ཧ་
ཅང་དཀོན་པས། སྙན་ཞུར་ཉན་པའི་མི་རྣམས་ཀྱིས་ད་དུང་ཐང་ཤིང་ཤ་མོའི་རིན་ཐང་ངོ་མ་རྟོགས་མི་འདུག དེ་ལས་ལྡོག་སྟེ་
སྙན་ཞུའི་ནང་དུ་མེད་པའི་འཕྲིན་གསར་མང་པོ་མི་རྣམས་ཀྱིས་གང་སར་སྒྲོགས་བཞིན་འདུག ཁ་ཅིག་ལྟར་ན། འཐུས་ཚབ་
ཚོང་དཔོན་གྱིས་འཁྱག་ཉར་གྱི་ནུས་པ་ལེགས་པའི་རླངས་འཁོར་ཞིག་བསྐོར་ཡོང་སྟེ། ཉོ་སྡུད་བརྒྱབ་ཟིན་པའི་ཐང་ཤིང་ཤ་མོ་
ཐོག་མར་ཞིང་ཆེན་ལྟེ་གནས་སུ་བསྐྱལ་ཅིང༌། དེ་ནས་གནམ་གྲུའི་ནང་དུ་བཞག་སྟེ་འཇར་པན་དུ་འདྲེན་བཞིན་ཡོད་ཅེས་སྨྲས་
ཤིང༌། ལ་ལས་ཐང་ཤིང་ཤ་མོས་འབྲས་སྐྲན་འགོག་ཐུབ་པར་བཤད་ལ། ཡང་ཁ་ཤས་ཀྱིས་ཐང་ཤིང་ཤ་མོ་མར་དང་བསྡེབས་ན་
ཐོ་ཁྱོ་དང་ཏ་པཎ། ད་དུང་ཕ་རི་སི་བཅས་སུ་རིན་ཐང་ཨ་རིའི་སྒོར་བརྒྱ་ཕྲག་འགའ་ལས་བརྒལ་བའི་ཚོད་མ་གོང་ཆེན་ཞིག་
ཡིན་ཚུལ་ཡང་གླེང་བཞིན་འདུག མི་དེ་དག་གིས་ལྡོག་ཕྱོགས་ནས་བསམ་གཞིག་ཕྲན་བུ་ཙམ་ཡང་བཏང་མི་འདུག་སྟེ། སྔོན་
ཆད། གྲོང་རྡལ་ནང་གི་མི་རྣམས་ཀྱིས་སྒོར་གཉིས་གསུམ་ཙམ་གྱིས་རྒྱ་མ་གང་རེ་ཉོ་ཐུབ་པའི་དངོས་པོ་དེ་ནམ་རྒྱུན་ཟ་བཞིན་
ཡོད་ན་ཡང༌། ཤ་མོ་ཟ་མཁན་གྱི་ལུས་པོ་མི་གཞན་ལས་ཐང་བའི་ངེས་པ་མེད་པར་མ་ཟད། ད་དུང་འབྲས་སྐྲན་བྱུང་བའི་མིའི་གྲངས་ཀ་སྔར་ལས་ཇེ་མང་དུ་འགྲོ་བཞིན་འདུག
རྒྱ་མཚོའི་ཨ་མས་འཕྲིན་གསར་དེ་ཐོས་རྗེས་ཤུགས་རིང་འབྱིན་བཞིན“དེ་ཚོང་གྲོང་རྡལ་གྱི་འགན་འཛིན་བྱེད་དུས་ཡོང་
ན་ཅི་མ་རུང༌།”ཟེར།
ཨ་ཕས་དེའི་རྒྱུ་མཚན་ཅི་ཞིག་ཡིན་ཚུལ་འདྲི་དུས། ཁོ་མོས“དེ་ལྟར་ན་ང་ཚོས་ཚོང་ཟོང་ཕྱིར་གཏོང་བྱས་ནས་ཕྱི་དངུལ་
བརྗེ་ལེན་བྱེད་ཐུབ་པས། གྲོང་རྡལ་འདིའི་དཔལ་འབྱོར་གྱི་བྱ་བ་ནི་དཔལ་འབྱོར་བྱ་བ་ངོ་མ་ཞིག་དང་འདྲ་ངེས་རེད། ”
ཅེས་ལན་བཏབ།
དབྱར་གཞུང་དུ། ཁོ་མོའི་དབུགས་འཚང་བའི་ནད་དེ་སྔར་ལས་ལྡབ་འགྱུར་གྱིས་ཇེ་བདེར་སོང་འདུག ཉིན་ཞིག་ཁོ་མོ་གློ་
བུར་དུ་རྒྱ་མཚོའི་མལ་ཁང་དུ་འོངས་ཏེ། “མི་རྐྱང་གི་འཚོ་བ་ཐབས་རྡུགས་པ་ལ་ལྟོས་དང༌། ང་ཚོས་ཁྱོད་ཀྱི་ཆུང་མའི་ལས་
གནས་འདི་གར་སྤོར་རྩིས་བྱེད་鉋ཅེས་ལབ།
རྒྱ་མཚོའི་སེམས་སུ་ཁོ་མོས་བཤད་འདོད་ཆེ་བའི་དོན་དག་འདི་མིན་པ་རྟོགས། རྒྱུ་མཚན་ནི་ཁོ་མོ་རང་གི་བུ་དགའ་བའི་
བུད་མེད་ལ་མི་དགའ་བས་རེད།
ཅུང་ཙམ་འགོར་རྗེས། ཁོ་མོས“ངས་རྨི་ལམ་ནས་ཁྱོད་ཀྱི་སྤོ་བོ་ལགས་མཐོང་བྱུང”ཟེར།
“ཨ་མ་ལགས། ཁྱོད་ཀྱིས་བཤད་འདོད་པའི་དོན་དག་ད་དུང་བཤད་མི་འདུག”
“རྨི་ལམ་ནང་དུ་ཁྱོད་ཀྱི་སྤོ་བོ་ལགས་ཀྱིས་ང་རང་ཁྲིད་ནས་ཤ་མོ་འཚོལ་དུ་འགྲོ་བཞིན་འདུག”
“ཨ་མ་ལགས། ཁྱོད་ཀྱིས་དངོས་གནས་ཤ་མོ་བཙལ་ན་ཕྱུག་པོར་འགྱུར་ངེས་རེད་སྙམ་པ་ཡིན་ནམ།鉋
ཡུལ་ཕྱོགས་འདིའི་མི་རྣམས་ཀྱིས་ཤ་མོ་“འཐུ鉋མི་ཟེར་བར“བཙལ”ཞེས་བཤད་ན་འོས་ཤིང་འཚམས་པར་འདོད།
དེའི་རྒྱུ་མཚན་ནི་ཤ་མོ་ས་ཕྱོགས་ཀུན་ཏུ་སྐྱེ་བ་ཞིག་མ་ཡིན་པར་རླན་གཤེར་དང་དྲོ་གྲང་འོས་ཤིང་འཚམ་པ་ཞིག་ནས་སྐྱེ་བ་
ཡིན་ཏེ། གལ་སྲིད་ཁྱོད་ཀྱིས་སྐྱེ་ས་དེ་རྙེད་ཚེ་ལོ་རེ་རེར་གནས་དེར་ཤ་མོ་འཐུ་ཆོག་ལ། དེ་དག་ནི་གྲག་མེད་འགུལ་མེད་ཀྱི་ངང་
ནས་ཚོམ་བུ་བྱས་ནས་སྐྱེས་ཡོད། རྒྱ་མཚོའི་སྤོ་བོས་ས་ཆ་དེ་འདྲ་མང་པོ་ཤེས་པ་རེད།
ཨ་མས་བཤད་རྒྱུར“ཁོང་གིས་ང་རང་ཁྲིད་ནས་ས་གནས་གཅིག་ཏུ་ཤ་མོ་སླེ་བོ་གང་བཏུས་པར་མ་ཟད། ད་དུང་མ་ཤོང་
བར་ཐུ་བའི་ནང་དུ་ཁྱེར་ཡོང་བ་ཡིན།སྐབས་དེ་ནི་སྡེ་བའི་འོང་སྐོར་དུས་ཆེན་ཡིན། ད་ལྟ་འཇར་པན་གྱི་མིས་རྒྱ་མ་གང་ལ་སྒོར་སུམ་ཅུ་སྟེར་ཚེ། ཁྱོད་ཀྱིས་རྩིས་
ཤིག་རྒྱོབ་དང༌། ཐེངས་དེའི་ཤ་མོར་རིན་ཐང་ག་འདྲ་ཡོད་དམ”ཟེར།
ཕྱི་ཉིན། ཁོ་མོས་དངུལ་ཁང་ནང་གི་དུས་ཡུན་ལོངས་མ་ལོངས་གཉིས་ཀའི་བཅོལ་དངུལ་ཚང་མ་བླངས་ཤིང༌། རླངས་
འཁོར་གྱི་སྤ་སེ་ཉོས་ནས་གྲོང་གསེབ་ཏུ་སོང༌།
ཨ་ཕས“ཁྱོད་ཀྱི་ཨ་མའི་ནད་ལ་སེམས་ཁུར་བྱེད་མི་དགོས། ”ཞེས་ལབ་རྗེས། རིག་གནས་ཕོ་བྲང་གིས་རྒན་དར་
མཛའ་འབྲེལ་ཞབས་བྲོའི་གསོ་སྦྱོང་འཛིན་གྲྭའི་དགེ་རྒན་དུ་གདན་འདྲེན་ཞུས་ཡོད་པ་ལྟར་བྲོ་རྩེ་རུ་ཕྱིན་སོང༌། ཁོ་རང་སློབ་
གྲྭ་ཆེན་མོ་ལས་མཐར་ཕྱིན་རྗེས་འདི་གའི་རྫོང་སྲིད་གཞུང་གི་དྲུང་ཡིག་བྱས་ནས་མི་ལོ་སུམ་ཅུ་ཙམ་འགོར་ཞིང༌། རིག་གནས་
ཏིལ་འབྲུ་ཙམ་ཡང་མེད་པའི་ཆུང་མ་ཞིག་བླངས། ད་ལྟ་གློ་བུར་དུ་ཁོས་དོན་དག་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་རྩེད་མོ་ཁོ་ནར་
གཡེང་བཞིན་དུས་འདའ་བ་ལ་རྒྱ་མཚོས་བསམ་བློ་མ་དཕོགས་པར་འདུག ཨ་ཕས་ད་དུང་“ཤ་མོས་ཕྱི་གླིང་པའི་འབྲས་
སྐྲན་དྲག་ཏུ་འཇུག་ཐུབ་ན། ཀྲུང་གོའི་མིའི་དབུགས་འཚང་བའི་ནད་ཀྱང་དྲག་ཏུ་འཇུག་ཐུབ་ལ། ཀྲུང་གོའི་གྲངས་ཉུང་མི་
རིགས་ཀྱང་གྲངས་མང་མི་རིགས་སུ་འགྱུར་ངེས་རེད”ཟེར།
ཚན་རྩལ་ཨུ་ཡོན་ལྷན་ཁང་གི་གྲོགས་པོ་ཞིག་གིས་རྒྱ་མཚོ་ཟས་བཟའ་བར་གདན་འདྲེན་ཞུས་སོང༌།
ཁ་པར་ནང་དུ“ངས་ཁྱོད་རང་ལ་ཟས་བྲོ་བ་ཅན་ཞིག་བཟའ་རུ་འཇུག་ངེས་ཟེར།
“སྐར་ཆེན་ཡང་བོས་ཤོག鉋
“ཁྱོད་རང་འབོད་དུ་སོང༌། ”
སྐར་ཆེན་གྱིས་སྤྱི་བདེ་ཅུས་སུ་བྱ་བ་སྒྲུབ་བཞིན་ཡོད་ལ། ད་ལྟ་སྤྱི་བདེ་མངག་གཏོང་ཟོ་ཡི་ཟོ་ཀྲང་གཞོན་པ་ཡིན། ཁོ་རང་
ཡང་ལོ་དེར་སྐར་མ་དུ་བ་མཇུག་རིང་ལ་ལྟ་རུ་ཡོང་དུས་རྒྱ་མཚོས་ཐེངས་དང་པོར་ངོ་ཤེས་པ་རེད། དེ་དུས། ན་གཞོན་ཕལ་མོ་
ཆེ་ནི་ནམ་གུང་ཡར་ལངས་ཏེ་གྲོང་རྡལ་གྱི་ཤར་ཕྱོགས་སུ་ཁེར་རྐྱང་དུ་གནས་པའི་རི་སྒང་ཆུང་ཆུང་ཞིག་ཡོད་པ་དེའི་རྩེ་མོར་
འཛེགས་ཏེ། གྲང་ངར་ཆེ་བའི་དགུན་དུས་ཀྱི་མཚན་མོར་མེ་ཕུང་སྐོར་དང་སྐོར་བྱས་ནས་སྤར་བའི་སྣང་ཚུལ་དེ་ནི་ཆོས་ཀྱི་
དུས་སྟོན་སླེབས་པ་ལྟར་གཟབ་རྒྱས་ཆེ་ལ། མི་སེམས་སྤྲོ་བར་བྱེད་པ་ཞིག་ཡིན། ཚན་རྩལ་ཨུ་ཡོན་ལྷན་ཁང་གི་གྲོགས་པོ་ཧྭ་ཚུན་
ནི་སྐབས་དེར་སློབ་འབྲིང་གཉིས་པའི་དངོས་ཁམས་རིག་པའི་དགེ་རྒན་ཡིན། ཁོ་རང་མེ་ཕུང་གི་འགྲམ་དུ་བསྡད་དེ་མཚར་
སྣང་དང་བཅས་སྐར་མ་དུ་བ་མཇུག་རིང་གི་སྐོར་གླེང་བཞིན་འདུག དེ་བས། ངོ་ཤེས་སུ་གྱུར་རྗེས་ཁོ་རང་ལ“ཧ་ལེ”ཟེར་
བ་ལས་དངོས་མིང་མི་འབོད་པར་གྱུར། སྐར་ཆེན་ནི་སྐབས་དེར་ཉེན་རྟོག་པ་ཡིན་པས་སྒང་ཐོག་ཏུ་སྒྲིག་ལམ་སྲུང་འཛིན་བྱེད་
དུ་ཡོང་བ་རེད། ལག་ཏུ་གློག་སྒུལ་ཉེན་ཟོན་དབྱུག་པ་དང་ལག་སྒྲོན་བཟུང་ཡོད་ལ། སྐེད་པར་དུས་སྨྲ་འཁོར་ལོ་ཆུང་བ་ཞིག་
བཏགས་འདུག ཡིན་ནའང༌། ཉིན་དེ་དག་གི་རིང་ལ་གྲོང་རྡལ་ནང་གི་ཆང་འཐུང་ཁྲམ་པ་གྲགས་ཅན་ཚོའང་དེར་ཡོང་ནས་
གཟབ་ནན་གྱི་སྒོ་ནས་སྐར་མ་དུ་བ་མཇུག་རིང་ཨེ་འཆར་ལ་ངང་སྒུག་བྱེད་བཞིན་འདུག དེ་དུས། རྒྱ་མཚོ་དང་ཧ་ལེ་གཉིས་
ཀས་རང་ཉིད་ཀྱི་བྱ་སྤྱོད་མཐའ་དག་ལ་གཟབ་ཅིང་གཡེར་བའི་གསར་བུ་དེའི་མིང་ལ་ཅི་ཞིག་ཟེར་བ་མི་ཤེས་ལ། རྒྱུན་དུ་
མཐོང་བ་ནི་ཁོས་རྒྱང་མཐོང་བླངས་ནས་ཤེས་མདོག་གི་སྒྲོབ་ཉམས་མངོན་བཞིན་ནམ་མཁར་ཡང་དང་ཡང་དུ་ལྟ་བར་བྱེད་
པ་དེ་རེད། ཉིན་གསུམ་པའི་ནམ་ལངས་ཁར། ཁོས་གློ་བུར་དུ“སླེབས་བྱུང༌། སླེབས་བྱུང་鉋ཞེས་འུར་ཟིང་ངེར་གྱུར།
དངོས་ཁམས་དགེ་རྒན་གྱིས“མི་འདུག་鉋ཟེར།
“ཀན་ཇི་འདྲའི་གསལ་བ་ལ་ཨང༌། ད་ཅི་ཀན་ནམ་མཁའ་ནས་མ་རིག鉋
“དེ་ནི་གསེར་མདོག་གིསྐར་མ་སྟེ། གསེར་དང་ཤིང༌། ཆུ། མེ། ས་བཅས་ཀྱིསགྲུབ་པ་ཡིན་ལ། དེ་ཉིད་ཡར་འཕགས་ཚེ་ནམ་
གསལ་ལ་ཉེ།鉋
རྒྱ་མཚོས་ཁོ་རང་ཁོང་ཁྲོ་སྐྱེ་ན་ཐང་སྙམ་མོད། ཁོ་རང་དེ་ལས་ལྡོག་སྟེ་ཕམ་པའམ་ཡང་ན་དོགས་མི་བདེ་བར་གྱུར་ནས
“ཨ་ཙི། སྐར་ཆེན། ཐོ་རངས་སྐར་ཆེན་མ་ཡིན་ནམ鉋ཟེར།
དུས་དེ་ནས་བཟུང་ཁོའི་མིང་ལ་སྐར་ཆེན་ཞེས་ཐོགས་པ་ཡིན་ནོ། །
རྒྱ་མཚོ་དང་སྐར་ཆེན་གཉིས་དུས་ཚོད་བརྒྱད་ཀྱི་སྟེང་ནས་ཧ་ལེ་ཚང་ལ་སོང་བ་ན། དེར་སྟོན་མོ་བྱེད་པའམ་མགྲོན་པོ་
བསུ་བའི་སྣང་ཚུལ་ཅི་ཡང་མཐོང་རྒྱུ་མི་འདུག ཅོག་ཙེའི་སྟེང་དུའང་ཨ་རག་དང་ཟས་རིགས་ཅི་ཡང་མི་སྣང༌།
“ཨ་ཕའི་རོ། སྐར་ཆེན་ཁྱོད་ཀྱིས་ང་ཉེན་རྟོག་པ་ལ་མགོ་སྐོར་གཏོང་ཕོད་དམ། 鉋
སྐར་ཆེན་དགོད་བཞིན“ཁྱོད་ཚོས་སྣོམས་དང”ཟེར།
ཁང་པའི་ནང་དུ་ངོ་མ་དྲི་ཞིམ་ཞིག་ཁྱབ་འདུག་ཧ་ལེ་སྒུར་ཏི་མལ་ཁྲིའི་འོག་ནས་གློག་ཐབ་ཅིག་ཕྱིར་བླངས་པ་ན།དེའི་སྟེང་གི་སླ་ང་ལས་རླངས་པ་ལྷོག་ལྷོག་ཏུ་འཕྱུར་བཞིན་འདུག
“ཁྱོད་ཀྱིས་གློག་བརྐུས་པ་ཡིན་ནམ། ”
སླ་ངའི་ནང་དུ་བཙོས་ཡོད་པ་ན་ནིང་གི་ཤ་མོ་སྐམ་པོ་ཡིན་ལ། ཤ་མོའི་དྲི་ཞིམ་དང་གཅིག་ཏུ་བསྡེབས་ནས་ལྡང་བ་ནི་དམར་
རྔོད་བྱས་པའི་ལྕགས་ཀྲིན་ནང་གི་ཕག་ཤ་རེད། སྐར་ཆེན་གྱིས་བཤད་པ་ལྟར་ན་ཤ་མོ་དེ་རྣམས་ནི་ན་ནིང་གི་ལྷག་མ་ཡིན་ཟེར། ན་ནིང་ཁོ་ཚོར་ཚན་རྩལ་གྱི་གནས་ཚུལ་འབྱོར་བ་ལྟར་ན། དབྱར་རྩྭ་དགུན་འབུའི་ “གཡུལ་འགྱེད”ཀྱི་རྗེས་སུ་ཐང་ཤིང་
ཤོ་མོའི“གཡུལ་འགྱེད”འབྱུང་རྒྱུ་རེད་ཟེར་བས། ཁོ་ཚོས་ཤ་མོ་གསར་བ་མང་པོ་ཉོས་ཤིང་མིའི་ལག་རྩལ་གྱིས་གསོ་བར་
ཚོད་ལྟ་ཡང་ཡང་བྱས་མོད། འོན་ཀྱང་མཐར་གྲུབ་འབྲས་ཅི་ཡང་མ་ཐོབ་པས། ད་ལྟ་ཟ་བཞིན་པ་ནི་དེའི་ལྷག་མ་ཡིན་ཟེར། ཧ་
ལེས་ཟས་ཟ་བཞིན་གྲོགས་པོ་གཉིས་ལ་ཕྲ་མཐོང་ཆེ་ཤེལ་ལས་མཐོང་བའི་མཚན་མེད་འཕེལ་ནུས་ཕྲ་ཕུང་སྐྱེ་འཕེལ་གྱི་ངོ་
མཚར་ལྟད་མོ་བཤད་ཀྱིན་འདུག མཚན་མེད་འཕེལ་ནུས་ཕྲ་ཕུང་དེ་ཚོ་ནི་འབུ་ཕྲ་མེད་པའི་ཚོད་ལྟའི་ཤེལ་སྦུག་ནང་དུ་གངས་
ལྟར་དཀར་ཞིང་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཡིན་པར་མ་ཟད། བྱུ་རུ་དང་མཚུངས་པའིརིལ་བུར་གྱུར་མོད། འོན་ཀྱང་རིལ་
བུ་དེ་ཚོ་ས་འོག་ཏུ་འདེབས་མི་རུང༌། གལ་ཏེ་ས་འོག་ཏུ་བཏབ་ན་མྱུར་དུ་འཆི་བར་འགྱུར།
“དེ་ནི་ཁྱོད་ཚོའི་ལག་རྩལ་དམའ་བའི་རྐྱེན་གྱིས་རེད། ”
“འཇར་པན་གྱི་ཚན་རིག་པས་སྙན་ཞུ་བྱེད་དུས་ཀྱང་མིའི་ཐབས་ཀྱིས་གསོ་སྐྱོང་བྱེད་མི་ཐུབ་ཟེར། ”
ཁོ་ཚོས་ཤ་མོ་ཟོས་ཤིང་ཁུ་བ་ཡང་འཐུངས་ཚར་རྗེས། ད་ལོའི་ཤ་མོ་འཐུ་བའི་དུས་ཚིགས་སླེབས་ཚེ། མཉམ་དུ་ཤ་མོ་འཐུ་
བར་འགྲོ་རྒྱུར་དུས་ཆད་བྱས། སྐབས་དེར་ཤ་མོའི་རིན་གོང་ཧ་ཅང་མཐོ་བས། རང་ཉིད་དངོས་སུ་འཐུ་བར་མི་འགྲོ་ཀ་མེད་
རེད།
རྒྱ་མཚོས་རྐུརེའི་ཚུལ་གྱིས“སྐབས་དེར་རིན་པོ་ཆེ་དེའི་བྲོ་བ་ཅི་འདྲ་ཞིག་ཡིན་པ་དངོས་སུ་མྱང་དགོས”ཞེས་བཤད།
“ད་སོ་མ་ཁྱོད་ཀྱིས་མ་ཟོས་སམ། ”
“ངས་བརྗེད་འདུག”
ཚང་མ་ཧབ་ཆ་བརྒྱབ་རྗེས་ཁོ་གསུམ་པོས་ཅི་ཡང་མི་བཤད་པར་འདུག་པ་ལ་བལྟས་ན་ཁོ་ཚོ་ཚང་མས་ཟོས་མ་ཐག་པའི་
ཤ་མོའི་བྲོ་བ་མྱོང་བཞིན་པ་འདྲ། མཚན་མོ་དེར་ཟླ་བདུན་པའི་ཐེངས་དང་པོའི་ཆར་བ་བབས་བྱུང༌། ཤག་ཤག་ཏུ་འབབ་པའི་
ཆར་ཐིག་དྲ་མའི་ཤེལ་སྒོ་ལ་ཕོག་དུས་ཐག་སྒྲ་གྲགས་ཤིང༌། དྲ་མའི་ཕྱི་རོལ་ཏུ་ལང་ལོང་དུ་ལྡང་བའི་སྨུག་རླངས་དང་ཤག་ཤག་
ཏུ་འབབ་པའི་ཆར་བ་གཅིག་ཏུ་བསྡེབས་ནས་སྨག་མུན་ཞིག་འཐིབས་འདུག རི་ཁུལ་དང་ནགས་ཚལ་དུ་འདམ་དང་རྩི་ཤིང་
གི་དྲི་མས་ཁྱབ་ཅིང༌། ལྷུང་ལྷུང་དུ་འབབ་པའི་ཆུ་འགྲམ་དུ་རླན་གཤེར་དང་གཡའ་དྲིས་ཁྱབ་འདུག རེད་ཡ། ཤ་མོ་ནི་འདི་
འདྲའི་ཆར་ལྡན་གྱི་མཚན་མོར་མྱུ་གུ་འབུས་ཤིང༌། དྲི་བསུང་ནི་ནགས་ཚལ་དང་སྤང་ལྗོངས་ཀུན་ཏུ་ཁྱབ་པ་རེད།
ཐེངས་དང་པོའི་ཤ་མོ་ཚོང་རར་ཐོན་བྱུང་བ་རེད།
ཚོང་རའི་གནས་ཚུལ་ཀྱང་སྔར་དང་མཚུངས་པར་ཤ་མོ་ནི་ལོ་མ་སེར་པོའི་སྟེང་དུ་བཞག་ཅིང༌། དེའི་སྟེང་དུ་ཐང་ཤིང་གི་
ལོ་མ་དང༌། སྔོན་པོའམ་དམར་སྨུག་ཏུ་གྱུར་པའི་ཤ་བལ་སོགས་འབྱར་འདུག་པར་མ་ཟད། བྱས་སྒུམ་བུ་འཐུ་དུས་བཏོད་པའི་བུ་ག་ཆུང་ཆུང་འགའ་རེའང་མཐོང་ཐུབ།
སྐབས་དེའི་ཤ་མོ་ནི་གྲོང་རྡལ་འདིའི་མི་རྣམས་ཀྱིས་གང་འདོད་དུ་ཟ་ཐུབ་པ་ཞིག་མིན། ཤ་མོ་ཚོང་རར་ཐོན་པ་ན་དེའི་
རིན་གོང་ནི་རྒྱ་མ་གང་ལ་སྒོར་ལྔ་བཅུ་རེད། མི་དམངས་མགྲོན་ཁང་དང་ཚོང་ཁང༌། ཕྱི་ཕྱོགས་ཉོ་ཚོང་ཅུས། འཁྱག་མཛོད་
སོགས་ཉོ་སྒྲུབ་ལས་ཁུངས་དེ་ཚོས་རང་ཉིད་ནི་འཇར་པན་གྱི་སྐུ་ཚབ་ཚོང་པ་ངོ་མ་ཡིན་ཚུལ་བཤད་པར་མ་ཟད། རིན་གོང་
ཡར་བསྟད་དེ་རྒྱ་མ་གང་ལ་སྒོར་བརྒྱད་བཅུར་འཕེལ། ཤ་མོའི་རིན་གོང་ཡར་བསྟད་དེ་ཧ་ཅང་མཐོ་བའི་དུས་སུ། ཉོ་སྒྲུབ་
ལས་ཁུངས་ལ་ལས་ཤ་མོ་འཚོང་མཁན་ལ་རིན་མི་ལེན་པར་ཟ་མ་ལྡུད་པ་དང༌། ལས་ཁུངས་ལ་ལས་བརྙན་འཕྲིན་གསར་བ་
གཏོང་བ་དང་ཇ་གང་འདོད་དུ་ལྡུད་པ། ཡང་ལས་ཁུངས་གཅིག་གིས་ཤ་མོ་རྒྱ་མ་ཉི་ཤུ་འཚོང་མཁན་ལ་ཤེལ་གྱི་ཤོ་རྡེའུ་གཅིག་
རེ་སྟེར་བ་དང༌། ཤོ་རྡེའུ་ལྔ་ཚན་ཁག་གཅིག་ཏུ་བྱས་ནས། ཚན་ཁག་གཅིག་ལ་ལོངས་དུས་ཤོ་བརྒྱབ་ནས་དགའ་རྟགས་འཐོབ་
མིན་ལ་ལྟ་བ་རེད། གལ་ཏེ་ལྔ་བོ་ཚང་མ་མདོག་གཅིག་དང་གྲངས་ཀ་གཅིག་ཡིན་དུས། དཔེར་ན་དམར་པོ ༡༡༡༡༡ དང་
ལྗང་ཁུ༦༦༦༦༦སོགས་ཡིན་ན་སྒོར་ཁྲི་གཅིག་གི་བྱ་དགའ་འཐོབ་ཐུབ་པ་རེད། ཡང་ལས་ཁུང་ས་གཅིག་གིས་ཐབས་བཀོད་
གཞན་ཞིག་བཙལ་བ་ནི། འཁྱག་སྒམ་ཅན་གྱི་རླངས་འཁོར་སྟེང་ལ་སྒྲ་སྐྱེད་གློག་དུང་བཞག་ཅིང་རླངས་འཁོར་གྱི་སྟེང་ལ་ཤ་
མོའི་རི་མོ་མང་པོ་བྲིས་འདུགརྒྱང་བསྒྲགས་ལས་བཤད་པ་ནི་འདི་ལྟ་སྟེ། “རང་རེའི་གྲོང་རྡལ་འདི་ཆགས་པ་ནས་ད་ལྟའི་བར་དུ་འདབ་ཆགས་ཀྱི་
རིགས་མ་གཏོགས་ནམ་མཁའ་ནས་ཅི་ཡང་སར་བབས་མ་མྱོང༌། རང་རེའི་ཀུང་ཟིས་ཤ་མོ་རྒྱ་མ་ཁྲི་ཕྲག་མང་པོས་གནམ་གྲུ་ས་
ལ་འབབ་ཏུ་འཇུག་རྒྱུ་ཡིན་པས། ང་ཚོས་གདན་ཞུས་ལྟར་ཚང་མ་རང་འགུལ་གྱིས་བྱ་འགུལ་འདིར་ཞུགས་རོགས་ཞུ། དེ་ཡང་
ཚང་མས་ཤེས་དགོས་པ་ཞིག་ལ། ཤ་མོ་རྒྱ་མ་ཁྲི་ཕྲག་མང་པོ་ཡང་གཅིག་ནས་མགོ་བརྩམས་པ་ནི་ཐུགས་འཇགས་འཚལ། 鉋
རྒྱ་མཚོའི་ཨ་ཕས་རྒྱ་མཚོ་ལ་བཤད་པ་ལྟར་ན་རིག་གསར་གྱི་སྐབས་མ་གཏོགས་རང་རེའི་གྲོང་རྡལ་འདིར། ལྟད་མོ་འདི་
འདྲ་གཏན་ནས་བྱུང་མ་མྱོང་ཟེར།
“སྐབས་དེར་ཁྱོད་ཚོས་ང་རང་ཞིང་གྲོང་གི་སྤོ་བོ་ལགས་ཀྱི་སར་བཞག་ཡོད་པ་རེད། 鉋
“གནམ་དང་གནམ་ཟེར་བའི་བརྡ་ཁྱབ་ཀྱི་ཚིག་དེ་རྣམས་ཁྱོད་ཀྱིས་བྲིས་པ་འདྲ། 鉋
“ཕལ་ཆེར་མི་དེ་ལའང་ང་དང་འདྲ་བའི་སྤོ་བོ་ཞིག་ཡོད་པ་འདྲ། 鉋
“ད་ཁྱོད་ཀྱིས་རྟག་མི་རྟག་མ་བཤད། ངེད་ཚང་ཕྱུག་པོར་གྱུར་སོང༌། ” ཞེས་ཨ་ཕས་གཟབ་ནན་གྱིས་བཤད། རྒྱ་
མཚོའི་ཨ་མས་ཤ་མོ་ཉོ་སྒྲུབ་ཀྱི་བྱ་བ་མགོ་མ་བརྩམས་གོང་ནས་ཕ་ཡུལ་གྱི་གྲོང་སྡེ་འགའི་ཁྱིམ་ཚང་མང་པོར་སྒོར་མོ་སྟོང་དྲུག་
ལྷག་སྔོན་གཏོང་བྱས་པས། ད་ལྟ་སྒོར་མོ་སྟོང་དྲུག་དེ་ལྡབ་གསུམ་ལ་འཕེལ་ནས་ཁོ་མོས་སྒོར་ཁྲི་གཉིས་དངུལ་ཁང་དུ་བཞག་
ཟིན།
ཨ་ཕ་དགའ་སྤྲོ་ཚད་མེད་སྐྱེས་ནས། ཕལ་ཆེར་སྒོར་བདུན་བརྒྱ་བརྒྱད་བརྒྱ་དགོས་པའི་གྱོན་ཆས་གསར་བ་དེ་རྒྱ་མཚོར་
ངོམ།
རྒྱ་མཚོའང་ཨ་ཕ་དང་མཚུངས་པར་དགའ་སྤྲོ་ཚད་མེད་སྐྱེས།
ཨ་ཕས“ང་ཚོ་རྒས་ཟིན་པས། སྒོར་མོ་དེ་ཚོར་བདག་པོ་ཁྱོད་ལས་གཞན་མེད”ཅེས་བཤད།
སྐབས་དེར་རྒྱ་མཚོའི་སེམས་ལ། ལོ་གཅིག་གི་ཤ་མོའི་དུས་ཚིགས་ནི་ཕྱེད་ཙམ་ལས་མ་འདས། འཇར་པན་གྱི་མི་ལ་མཚོན་
ནའང་དངོས་པོ་དེར་དགའ་བོ་བྱེད་པ་ལོ་གཅིག་ཏག་ཏག་ག་ལ་ཡིན། དེའི་དུས་དེར་རྒྱ་མཚོ་ལ་འཇིག་རྟེན་དང་མི། ཐ་ན་ཁོ་
རང་ཉིད་སོགས་ཚང་མ་འགྱུར་བཞིན་འདུག་སྙམ་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས།
གཟའ་ཉི་མར། རྒྱ་མཚོས་དུས་ཆད་ལྟར་གྲོགས་པོ་གཉིས་དང་མཉམ་དུ་རི་མགོར་ཤ་མོ་འཐུ་བར་སོང༌།
གྲོགས་པོ་གཉིས་འཚབ་འཚུབ་ཀྱིས་རི་མགོར་འགོ་བཞིན་པའི་རྒྱབ་གཟུགས་དེ་མཐོང་དུས། ཁོའི་སེམས་ཀྱི་མེ་ལོང་དུ་ཤར་
བ་ནི་མཛའ་བརྩེ་ཁོ་ན་ག་ལ་ཡིན། ཐོག་མར་ཁོ་ཚོས་གྲོས་བྱས་པ་ནི་ཤ་མོ་རྒྱ་མ་གང་རྙེད་ན་ཟ་བ་དང༌། རྒྱ་མ་དོ་འཐུ་ཐུབ་ན་རྒྱ་
མ་གང་ཟ་བ་དང་རྒྱ་མ་གང་བཙོངས་ནས་འབྲུ་སྣ་ལྔའི་ཉིང་ཁུའམ་མའོ་ཐེ་ཏོགས་ཅན་གྱི་ཨ་རག་ཉོས་ནས་འཐུང་རྒྱུ་དེ་ཡིན།
ད་ལྟ་ཁོ་གཉིས་ལ་མཚོན་ན་རེ་བ་དེ་ལས་འདས་པའི་རེ་བ་“གཞན་ཞིག་གིས་སྐུལ་མ་བྱེད་ཀྱིན་ཡོད་པ་སྨོས་ཅི་དགོས། ཁོ་
གཉིས་ཅི་འདྲའི་ཐང་ཆད་ནའང་གོམ་པ་ཇེ་དལ་ལ་གཏན་ནས་མི་གཏོང༌། རྒྱ་མཚོས་གོམ་པ་ལྷོད་པོར་སྒྱུར་བཞིན་རི་སྐེད་ཀྱི་
སིལ་ཏོག་དམར་པོ་སྨིན་པའི་ནགས་ཁྲོད་བརྒྱུད་དུས། ཁོས་ད་རུང་སྤོས་ཤེལ་གྱི་ཁ་དོག་ལྡན་ཞིང་ཕུང་བོར་སྤུངས་པའི་ཆ་ག་
པའི་སྐོགས་ཤུན་ལ་ལྟ་བཞིན་འགྲོ་བ་རེད། མཚན་མོ་ཆར་བ་བབས་པས། རྐང་ལམ་ནི་ཧ་ཅང་སྙི་ཞིང་འབོལ། སྤྲིན་དཀར་གྱི་
འདབ་མ་ཕྱོགས་ཀུན་ཏུ་ཁྱབ་པའི་ཡུལ་ལྗོངས་དེ་ནི་སྐབས་དེའི་རྒྱ་མཚོའི་སེམས་པ་དང་འདྲ། ཁོ་ཚོ་སྟག་དཀར་སོགས་ལྗོན་
ཤིང་མང་པོ་ཡོད་པའི་ནགས་ཚལ་བརྒྱུད་དེ་ཤ་མོ་ཡོད་པའི་ས་རུ་སླེབས།
རྒྱ་མཚོས་སླར་ཡང་ཕ་བ་དགོ་དགོ་མཐོང་བྱུང༌། དེ་ནི་མདོག་དཀར་ཞིང་ཕྱི་མཛེས་ལ། ནང་བཙོག་པའི་དྲི་ཞིམ་ཅུང་ཙམ་
ཡང་བྲོ་རྒྱུ་མེད་པའི་ཤ་མོའི་རིགས་སུ་གཏོགས་པ་ཞིག་སྟེ་ཤ་མོ་སྐྱེ་ས་ནས་སྐྱེ་བ་ཞིག་ཡིན་པས། རྒྱ་མཚོས་ཁོ་གཉིས་ལ་ཉེ་སར་
ཤ་མོ་ཡོད་ཤས་ཆེ་ཞེས་བཤད། ཁོ་གཉིས་ཀས་དེ་མ་ཐག་སྐེད་པ་མར་སྒུར་ནསབཙལ། མཐར་རྙེད་པ་ནི་གཞན་པས་བཏོགས་
པའི་ཤ་མོ་སྐྱེས་ཤུལ་རེད། རླན་གཤེར་ཆེ་བའི་གཤིན་ས་རུ་ཤ་མོ་བཏོགས་པའི་ཤུལ་མང་པོས་ཁྱབ་འདུག དེ་དག་གི་ནང་དུ་ད་
དུང་མདོག་དཀར་བའི་ཤ་མོ་རེ་གཉིས་ལུས་འདུག ཤ་མོ་འཐོག་མཁན་གྱི་རྐང་རྗེས་ལ་བལྟས་ན་དུས་ཚོད་ཕྱེད་ཀ་ཙམ་ཡང་མ་
འགོར་བ་འདྲ། ཁོ་ཚོས་རྗེས་དེད་ནས་སོང་བ་ན་མི་དེ་ཚོ་ས་གཞན་དུ་ཡང་སོང་བ་འདྲ་བས་གྲོགས་པོ་གཉིས་བློ་ཤིན་ཏུ་ཕམ་པ་
བྱུང༌། རྒྱ་མཚོས་ཤ་མོ་ནི་ལོ་རེར་ས་གཅིག་ཏུ་སྐྱེ་བ་ཡིན་པས་སང་ལོ་ང་ཚོ་སྔ་མོར་ཡོང༌། ད་ལོ་ཆར་ཆུ་མོད་པས་ད་དུང་སླར་སྐྱེ་
ཡང་སྲིད་ཅེས་སེམས་གསོ་བྱས། སྤང་ཁུག་ཅིག་ལ་སླེབས་དུས་རྐང་རྗེས་དེ་གར་སོང་ཆ་མེད་དུ་གྱུར།
ལམ་མདོ་ཞིག་ཏུ་ཞིང་པ་འགས་ལག་ལ་དབྱུག་པ་ཐོགས་ནས་ཁོ་ཚོ་བཀག་སྟེ་གཤེ་གཤེ་གཏོང་བཞིན་འདུག
“ང་ནི་ཉེན་རྟོག་པ་ཡིན། ”སྐར་ཆེན་གྱིས་དེ་ལྟར.བཤད།
“ཁྱོད་རང་ཉེན་རྟོག་པ་ཡིན་ན་ང་ཚོའི་ཤ་མོ་བཏོག་ག་ལ་རུང༌། ”
“ཁྱོད་ཅག་ལ་ཟླ་རེའི་ཟླ་ཕོགས་ཀྱིས་ཀྱང་མི་འདང་ངམ། ”
“ཁྱོད་ཚོས་ལག་འགུལ་རྒྱུ་ཡིན་ནམ། དེས་ན་ང་ལ་རྡུངས་དང༌།鉋
“ཁྱོད་བུ་ཡིན་ན་ཚུར་ཤོག ཤ་མོ་སྐྱེ་བའི་དུས་ཚིཊ་ཡལ་དུས་ངེད་ཅག་རང་འགུལ་གྱིས་མགོ་འཛུལ་དུ་ཡོང༌། གང་ལྟར་
སྐབས་དེར་སྒོར་མོའང་བློ་ཚིམ་པ་ཞིག་བླངས་ཡོད་ངེས་རེད། ”ཁོ་ཚོས་དེ་ལྟར་བཤད་རྗེས་ཧབ་ཆ་བརྒྱབ། ཧབ་ཆ་དང་
བསྡོངས་པ་ནི་ནགས་ཚལ་ལས་གྲགས་ཡོང་བའི་བུད་མེད་ཚོའི་ཀི་སྒྲ་རེད། “ནགས་ཚལ་འདི་རྒྱལ་གཉེར་མིན་ཏི་ང་ཚོའི་སྡེ་
བ་ཐུན་མོང་ལ་དབང་བ་ཡིན། ཁ་སང་ང་ཚོས་སེམས་བཟང་བྱས་ཏེ་བུད་མེད་གཉིས་ནགས་ཚལ་དུ་འགྲོ་རུ་བཅུག་པས་དེ་
གཉིས་ཀས་ཤ་མོ་ཡོད་སའི་ས་ཀུན་འཇོར་གྱིས་བསློགས་འདུག དེ་ལྟར་བྱས་ན་སང་ལོ་ཤ་མོ་ཇི་ལྟར་སྐྱེ”ཞེས་བཤད། སྐར་
ཆེན་གྱིས“ང་རང་གྱོད་གཞི་དེ་རྩད་གཅོད་བྱེད་དུ་ཡོང་བ་ཡིན། ” ཞེས་རྫུན་ལབ། “ཁྱོད་རང་གྱོད་གཞི་གཞན་པ་རྩད་
གཅོད་དུ་སོང༌། བུད་མེད་དེ་ལྟ་བུ་ད་རུང་བཙོན་དུ་འཇུག་རན་མི་འདུག” སྐབས་དེར་རྒྱ་མཚོས་བོད་སྐད་བརྒྱབ་བྱུང༌།
དེ་དག་གིས་ཁོ་ལ་ཡང་ལན་བསློགས། ཅང་མ་འགོར་བར་ཁོ་ཚོ་ཕྱིར་འགྲོ་རུ་བཅུག
鉊ཁྱོད་ཀྱིས་ཁོ་ཚོར་ཅི་ཞིག་བཤད་པ་ཡིན། 鉋“ངས་ང་རང་ནི་རྒྱུ་ཅན་ཞིག་ཡིན་པར་བཤད། ཤ་མོ་བཟའ་འདོད་ན་ཉོས་
ཆོག་མོད། ངས་ཤ་མོ་འཐོག་པའི་སྐྱིད་སྣང་དེ་མྱོང་འདོད་པ་ཡིན་ཞེས་བཤད། ” སྐར་ཆེན་དགོད་བཞིན“ཁྱོད་ཀྱིས་རང་
གི་སྤུན་ཟླར་རྫུན་བཤད་པ་རེད།鉋རྒྱ་མཚོས“རྫུན་མི་བཤད་ཀ་མེད་རེད། ”ཅེས་ཧབ་ཆ་བརྒྱབ།
ཁོ་ཚོས་རྐང་རྗེས་མང་པོ་མ་གཏོགས་ཤ་མོ་གཅིག་ཀྱང་མ་མཐོང༌། རི་ལས་མར་འབབ་དུས་ཁོ་ཚོ་ཤ་མོ་འཁུར་བའི་བུད་
མེད་འགའི་རྗེས་དེད་དེ་ཡོང༌། གྲོགས་པོ་གཉིས་ཀས་མགོ་བོ་སྨད་འདུག སྔོན་དུ་ཁུར་པོ་ཁུར་ནས་འགྲོ་བཞིན་པའི་བུད་མེད་
རྣམས་དགོད་སྒྲ་རྒྱུན་མི་ཆད། རི་ལམ་ཅུང་གཟར་ས་ཞིག་ཏུ་རྒྱ་མཚོས་ལག་པ་བསྲིངས་ཏེ་མདུན་གྱི་བུད་མེད་དེའི་རྒྱབ་ཏུ་ཁུར་
བའི་ཤ་མོ་གཅིག་བླངས་ཉེ་གཞུག་གི་སྐར་ཆེན་ལ་བྱིན། སྐར་ཆེན་གྱིས་ཁོའི་གཞུག་གི་ཧ་ལེ་ལ་བྱིན་པས་ཧ་ལེས་འཁུར་ཁུག་
ནང་དུ་བཅུག དེ་ལྟར་ཤ་མོ་གསུམ་བླངས།
རྒྱ་མཚོས་མདུན་གྱི་བུད་མེད་དེར“ཁྱོད་ཀྱི་མགུལ་བ་དེ་ངོ་མ་ཡག་པོ་འདུག”ཅེས་ཀུ་རེ་བྱས།
“འོ། ང་ནི་བྱིས་པའི་ཨ་མ་ཡིན་པས་ཁྱོད་ཀྱིས་ང་ལ་ལྟ་བ་ལས་མོ་གསར་ཚོར་ལྟོས་ཡ། ”ཞེས་བཤད་རྗེས། ཁོ་མོ་མདུན་
ལ་སོང༌། ད་མདུན་གྱི་བུད་མེད་འདི་མོ་གསར་ཞིག་ཡིན་ཁོ་ཐག་རེད། དེ་མིན་ན་རྣ་བ་དམར་པོར་འགྱུར་དོན་མེད། རྒྱ་མཚོས་
དེའི་རྒྱབ་ཀྱི་ཁུར་པོ་ལས་ཀྱང་ཤ་མོ་གསུམ་བླངས། སྐར་ཆེན་གྱིས་བརྡ་བསྟན་ཏེ་ད་དུང་ལོངས་ཞེས་བསྐུལ་ཀྱང༌། ཁོས་བསམ་
གཟས་ནས་འཁྲིག་ཚིག་འགའ་བཤད་པས་མོ་གསར་དེ་ཡང་དེའི་མདུན་ལ་སོང༌།
ཤ་མོ་དྲུག་པོ་དེས་ཁོ་ཚོའི་རེ་བ་སྐོང་ཐབས་བྲལ།
རྒྱ་མཚོས་ཁོ་གཉིས་ཁྲིད་དེ་གྲོང་གསེབ་ཏུ་འགྲོ་བར་ཁས་བླངས།
གཟའ་ཉི་མ་སླེབས་བྱུང༌། ཉིན་དེར་ཁོ་ཚོས་མངག་གཏོང་ཁང་གི་འཁོར་ལོ་གསུམ་ལྡན་གྱི་སྦག་སྦག་དེར་ཞོན་ཏེ་གྲོང་
གསེབ་ཏུ་སོང༌།
རྒྱ་མཚོའི་ཨ་མས་སྡེ་འདབས་སུ་བསྒུགས་འདུག སྡེ་མགོའི་ཤུག་པའི་སྡོང་ར་དང་གྲམ་ཆུ་འགྲམ་གྱི་སྡོང་ཕྲུག རྩྭ་ལྗང་གི་
རྩེར་བ་མོ་སྲབ་བུ་རེ་ཆགས་འདུག ཁོ་མོའི་མགོར་མདོག་མཛེས་པའི་མགོ་དཀྲི་དྲ་རིས་ཅན་ཞིག་དཀྲིས་ཤིང་ལུས་ལ་བོད་ལྭ་གྲ་
དག་ཅིག་གྱོན་འདུག རྐང་ལ་ཆུ་ལྷམ་ཡུ་རིང་ཞིག་གྱོན་ཡོད་ལ། ཁོ་མོའི་གདོང་ལ་ནད་ཏོགས་ཙམ་ཡང་མེད་པར་མ་ཟད་ད་
དུང་དམར་མདངས་ཤིག་རྒྱས་འདུག
“ངས་ཉོ་སྡུད་ཁང་གི་རླངས་འཁོར་སླེབས་ཡོང་བསམས་བྱུང༌།
“ཁྱོད་ཀྱིས་འཇར་པན་གྱི་གནམ་གྲུ་སླེབས་བྱུང་མ་འདོད་པ་ཅི་ཡིན། ”རྒྱ་མཚོས་ཨ་མར་ཀུ་རེ་བྱས།
ཁོ་མོ་ནི་དབུགས་འཚང་གི་ནད་ཡོད་པ་ཞིག་དང་གཏན་ནས་མི་འདྲ་བར་ཧབ་ཆ་བརྒྱབ། དེ་དང་ལྷན་དུ་ལག་བདེ་ཕྱོགས་ཀྱིས་
རྒྱ་མཚོའི་འཕོངས་མགོར་ཐལ་ལྕག་གཞུ་བཞིན་ལོགས་སུ་འཐེན་ཏེ། “གནམ་གྱི་དོན་དག་གླེང་ནས་ཅི་བྱེད། དེང་སང་ནི་ས་
ནས་སྒོར་མོ་སྐྱེ་བའི་དུས་རེད”ཅེས་བཤད།
“ཁྱོད་ཀྱིས་དངོས་གནས་འདི་ཕྱོགས་ཀྱི་ཚོང་ར་སྒེར་སྡོམ་བྱས་པ་ཡིན་ནམ། ” ཁོ་མོ་སླར་ཡང་བགད།
“ང་འདིར་ཡོང་དུས། ངས་སྐྱེས་པ་ཚོར་ཆང་དང་བྱིས་པ་རྣམས་ལ་ཀ་ར། བུད་མེད་ཚོར་ལེགས་སྐྱེས་ཆུང་བ་ཉོས་པ་ལ་
ཡང་སྒོར་སྟོང་གཅིག་ལྷག་བཏང༌། འཇར་པན་གྱི་མི་དེ་དག་ཉོ་བར་མ་ཡོང་ན་ང་འདི་ནས་ཤི་བ་ལས་ཐབས་གཞན་མེད། དང་
ཐོག་ཁོ་ཚོས་ཤ་མོ་རྒྱ་མ་གང་སྒོར་སུམ་ཅུ་ལ་བཙོང་ཐུབ་ཟེར་ན་རྣར་མི་འགྲོ། ད་དེང་སང་ཁོ་ཚོར་ཤ་མོ་ཡོད་ན་ངས་སྒོར་བཞི་
བཅུ་བྱིན་ཆོག鉋
“ཚོང་རའི་རིན་གོང་སྒོར་བརྒྱད་ཅུ་རེད།鉋
“ཡ། ད་འདི་དག་བཤད་ནས་ཅི་བྱེད། ཁྱོད་ཀྱིས་གོ་ཡང་མི་གོ། ཁྱོད་ཀྱི་ཕ་རྒན་ད་ལྟ་ཅི་འདྲ་རེད། 鉋
“ཁྱོད་ཀྱིས་ཉོས་པའི་ལྭ་དེ་གོན་ན་གཟི་ཉམས་ལྷག་པར་ཆེ་པ་ཞིག་རེད། ”
“ངས་ཁོ་ལ་སྒོར་མོ་ཁོ་ན་བྱིན་པ་ཡིན། ” ཁོ་མོས་ལག་པ་གཡུག་བཞིན་དེ་ལྟར་བཤད།
“ངས་སྒོར་མོ་འཚོལ་བ་ནི་ཁྱིམ་ཚང་གང་པོས་སྐྱིད་པའི་འཚོ་བ་ཞིག་རོལ་ཆེད་ཡིན། ” ཞེས་བཤད་ཞོར་དུ“ངས་ཁྱོད་
ལ་སྒོར་ཁྲི་གཉིས་སྟེར་རྩིས་བྱེད་ཀྱིན་ཡོད།鉋ཅེས་རྒྱ་མཚོའི་རྣ་བར་ཤུབ་བུར་བཤད་རྒྱ་མཚོས་སྐད་ཆ་དེ་ཐོས་པས་དགའ་བའི་
རྣམ་འགྱུར་ཅི་ཞིག་སྟོན་དགོས་ཀྱང་མི་ཤེས་པར་གྱུར། གྲོགས་པོ་གཉིས་ཀས་སྒུག་མ་བཟོད་པར་སྦག་སྦག་གི་དུང་བརྡ་ཡང་
ཡང་བརྒྱབ།
“ཁྱོད་ཚོ་ཅི་བྱེད་དུ་ཡོང་བ་ཡིན། ”
“ཤ་མོ་འཚོལ་དུ་ཡོང་བ་ཡིན།鉋
. ཨ་མས་ཁོའི་གྲོགས་པོ་གཉིས་ཀར་ལག་བརྡ་ཞིག་བརྒྱབ། ཧ་ལེ་དང་སྐར་ཆེན་གཉིས་ཚུར་ཡོང།
“རིར་འགོས་ན་དཀའ་ཚེགས་ཆེ། ངས་ཁྱོད་ཚོར་ཅུང་ཙམ་སྟེར། ཁྱོད་ཚོ་མྱུར་དུ་ཕྱིར་སོང༌།”
སྐར་ཆེན་གྱིས་མྱུར་དུ་སྦག་སྦག་གི་ལྡེ་མིག་ཕྱིར་བཏོན། ཧ་ལེའི་གདོང་ལའང་འཛུམ་གྱིས་ཁེངས། ཨ་མས་མགོ་དཀྲིའི་ཁུག་
ཏུ་ཤ་མོ་བཅུག་སྟེ་ཁྱེར་ཡོང༌།
རྒྱ་མཚོས“མིན། ཨ་མ་ལགས། གནས་གང་དུ་ཤ་མོ་ཡོད་པ་ངས་ཤེས་ཡོད། སྔོན་སྤོ་བོ་ལགས་ཀྱིས་ང་རང་ཁྲིད་མྱོང་བ་
ཡིན། ”
“ཁྱོད་ཀྱིས་བརྗེད་མེད་དམ།鉋
“ཨ་མ་ལགས། བརྗེད་ག་ལ་སྲིད། 鉋
ཨ་མའི་གདོང་ན་མཆི་མ་དཀུ་བ་མཐོང་བས་རྒྱ་མཚོའི་སེམས་གཏིང་ནས་དགའ་བ་དང་སྐྱོ་བ་གཉིས་འགྲན་བཞིན་མཉམ་
དུ་ཐོན། གྲོགས་པོ་གཉིས་ཀའི་གདོང་ལ་མི་དགའ་བའི་མདོག་ཅིག་ཤར་འདུག ཅུང་ཙམ་འགོར་རྗེས། ཁོས་ད་གཟོད“གལ་
ཏེ་མ་རྙེད་ན་ངེད་ཅག་ཕྱིར་ཡོང་སྟེ་ཁོ་མོར་སློང”ཞེས་བཤད།
དེ་རིང་གནམ་ངོ་དྭངས་ཤིང་ཉི་འོད་ཤིན་ཏུ་གསལ། བསིལ་རླུང་ལས་ལོ་འདིའི་ཆེས་མཐའ་མའི་མེ་ཏོག་གི་དྲི་བསུང་ལྡང་
ཞིང༌། ལྗོན་ཤིང་གི་ཡལ་གའི་སྟེང་ན་བལ་དཀར་གྱི་ཉག་མ་འགའ་རེ་དཔྱངས་འདུག
རྒྱ་མཚོས་རང་གི་སྤོ་བོ་ལགས་གླེང་བསམས་མོད། འོན་ཀྱང་སྐབས་འདིར་གྲོགས་པོ་གཉིས་དོན་འདི་དག་ལ་སྤྲོ་པ་མེད་པ་
ཤེས། ཁོང་ཚོས་དེ་ནི་དོན་ཕྲན་ཚེགས་ཀྱི་གྲས་སུ་བརྩི་ངེས་རེད། དཔེར་ན། སྤོ་བོ་ལགས་ཀྱིས་རིན་ཆེན་གཡང་ཉི་བཞིན་དཀོན་
པའི་ཚྭ་རྡོག་ཁྱེར་ཡོང་ནས་ལུག་རེ་རེར་བལྡག་ཏུ་བཅུག་རྗེས་ཚ་བོ་ལའང་ལྕེ་ལྡག་བྱེད་དུ་བཅུག་ཅིང༌། ད་དུང་འཇིག་རྟེན་
འདིར་ལྷའི་ངོ་མཚར་གྱི་མཛད་པ་མ་བྱུང་བར་དུས་ཡུན་རིང་པོ་འགྱངས་ཞེས་དབུགས་རིང་ཞིག་འཐེན། གལ་ཏེ། ད་སྐབས་ཤ་
མོའི་རིན་གོང་སྐད་ཅིག་དེ་ཉིད་ལ་ལྡབ་བརྒྱ་འགྱུར་གྱིས་འཕེལ་བ་འདི་ཤེས་ཚེ་ཁོང་ངོ་མཚར་སྐྱེ་སྲིད་དམ། སྤོ་བོ་ལགས་ད་ལྟ་
མི་མཐོང་ཕྱི་མའི་ཡུལ་དུ་བཞུད་ཟིན་པས་ཁོང་གི་ཚེ་སྲོག་ནི་དུས་ཚིགས་གཅིག་གི་མེ་ཏོག་ཇི་བཞིན་གཏན་དུ་ཡལ་བར་གྱུར།
“ཁྱོད་ཀྱི་སྤོ་བོའི་ཤ་མོ་གང་ན་ཡོད། 鉋
གྲོགས་པོས་དེ་སྐད་དྲིས་པས་ཁོ་རང་བསམ་གཞིག་གི་ཀློང་ལས་ཕྱིར་དྲངས།
“ད་སླེབས་ཉེར་འདུག”
ཁོང་གིས“ལྷའི་ཐབ་ཚང”ལ་སླེབས་ཉེར་ཡོད་པ་ཤེས་པས་དེ་སྐད་བཤད་པ་རེད། ཤ་མོ་སྐྱེ་སའི་ས་ཁུལ་རེ་རེར་མིའི་
སྡོད་གནས་དང་འདྲ་བར་མིང་རེ་བཏགས་ཡོད་པ་ཡིན། ས་དེར་རྡོ་དཀར་སུམ་ཚུགས་སུ་ཡོད་པ་ནི་ཇ་སྐོལ་བྱེད་ཀྱི་ཐབ་རྡོ་
དང་འདྲ་བར་ཡོད་པས་སྤོ་བོ་ལགས་ཀྱིས་ས་དེ་ལ“ལྷའི་ཐབ་ཚང”ཞེས་བཏགས་པ་རེད།
རྒྱ་མཚོ་ནི་ས་དེར་སྐད་ཅིག་ཙམ་ཡང་ཁ་བྲལ་མ་མྱོང་བ་བཞིན་ཁོས་དེ་མ་ཐག་རྙེད་བྱུང༌། རྡོ་དཀར་གསུམ་པོ་སྔར་བཞིན་
དཀར་ཞིང་གཙང་བར་འདུག་ནའང༌། ཤ་མོའི་ཚོམ་བུ་རུལ་ལ་ཉེ་བར་འདུག ས་གཞོང་དམའ་སར་ཤ་མོ་སྐྱེ་སྔ་ལ་རུལ་ཡང་སྔ། ནགས་གསེབ་ཀྱི་དྭངས་ཤིང་གཙང་བའི་མཁའ་དབུགས་ཀྱི་ནང་དུ་ཤ་མོ་རུལ་བའི་དྲི་མ་ཞིག་ཀྱང་འཐུལ་འདུག
དེའི་ཕྱིར། སླར་ཡང་རི་མགོར་འགོ་དགོས་བྱུང༌།
རྒྱ་མཚོའི་སེམས་ནས་གྲོགས་པོ་གཉིས་ལ་ཡིད་ཆད་ཡོད་ནའང༌། ཁོང་གཉིས་ཁྲིད་ནས་ས་ཁུལ་གཞན་ཞིག་ལ་སོང༌། ས་
དེའི་མིང་ལ“ཚེས་རིས་ནང鉋ཟེར། དེ་ནི་ཤིང་སྟག་དཀར་མང་པོ་ཚེས་རིས་ཀྱི་དབྱིབས་ལྟར་སྐྱེས་ཡོད་པས་དེ་ལྟར་བཏགས་
པ་རེད། སྤང་ཐོག་ཏུ་ཟེའུ་འབྲུ་སེར་པོར་འདབ་མ་སྔོ་སྐྱས་གཡོགས་པའི་མེ་ཏོག་རྣམས་ཁྲ་ལམ་མེར་བཞད་པའི་ནང་དུ་ཤ་མོའི་
ཚོམ་བུ་དག་སེར་ལམ་མེར་སྐྱེས་འདུག གྲོགས་པོ་རྣམ་གཉིས་དགའ་ནས་གནམ་ལྡིང་ས་ལྡིང་བྱས་ཏེ་སྤང་ཐོག་ཏུ་བརྒྱུགས།
ཁོང་གཉིས་ཀྱིས་ཤ་མོ་ཇི་ལྟར་འཐུ་དགོས་པ་མི་ཤེས་པར་རྩྭ་གསེབ་ན་གདུགས་ལྟར་མཐོན་པོར་སྐྱེས་ཤིང༌། དྲི་ཞིམ་ལྡང་བའི་
ཤ་མོ་ཆེན་པོ་དག་གི་སྟེང་ལ་ཧམ་རྒྱུག་བྱས། ད་དུང་རྩྭ་གསེབ་ན་ཡར་བུད་མེད་པའི་ཤ་མོ་བཟང་ཤོས་རྣམས་རྡོག་པས་བརྫིས།
དེར་མ་ཟད་ཉེ་ཆར་དོམ་ས་འདིར་ཡོང་ནས་སྤང་ཐོག་ཏུ་ལོ་བཅུ་ཕྲག་གི་སྔོན་ནས་ཡོད་པའི་སྦྲང་ཚང་བསྔོགས། དོམ་དེ་དག་
གིས་སྡེར་འདྲེད་བྱས་ཏེ་སྤང་ཤ་བཀོག་ནས་སྦྲང་ཚང་བཤིག་ཅིང་སྦྲང་རྩི་ཚང་མ་ཟོས་རྗེས་ཧ་ཅང་ཡིད་ཚིམས་ནས། སྤང་ཐོག་
ཏུ་ཁོ་ཚོས་ལྕེ་ཤེས་ལ་སྣང་མི་ཐུབ་པའི་ཤ་མོའི་སྟེང་དུ་འགྲེ་ལྡོག་བརྒྱབ། དེའི་ཕྱིར་སྔོན་ཆད་ཡིན་ན་ཤ་མོ་རྒྱ་མ་ལྔ་བཅུ་དྲུག་ཅུ་
རྙེད་པའི་ས་འདིར་དེང་སང་རྒྱ་མ་ཉི་ཤུ་ལྷག་ལས་བཏུ་རྒྱུ་མེད་པར་གྱུར། རྒྱ་མཚོས་གྲོགས་པོ་གཉིས་ལ་སྤོ་བོ་ལགས་ཀྱིས་དང་
ཐོག་ཁོ་རང་ཁྲིད་ནས་ས་འདིར་ཡོང་ནས་སྦྲང་རྩི་ཇི་ལྟར་བླངས་ཚུལ་རྣམས་བཤད། ཁོང་གིས་ཐོག་མར་ཤུག་དུད་བདུག སྤོ་བོ་
ལགས་ཀྱིས་ཤུག་པ་ནི་དྲི་བྲལ་དྭངས་གཙང་ཡིན་ལ། སྦྲང་མ་ཡང་གཙང་མ་ཡིན་པས་ཁོ་ཚོར་གྲིབ་བཙོག་པཏཛ་ན་ཁོ་ཚོ་གནས་
གཞན་དུ་སྤོར་སྲིད་ཟེར། ཤུག་པ་བདུག་རྗེས་སྦྲང་མ་རྣམས་ཕྱི་ནང་དུ་འཚུབ་ལང་ལོང་བྱས་ནས་འཚང་ཀ་མི་རྒྱག་པར་ལྷོད་
པར་འདུག སྐབས་དེ་དང་བསྟུན་ནས་རྩི་ཐུར་སྦུ་གུ་ཅན་ཞིག་སྦྲང་ཚང་དུ་གཏད་དེ་སྦྲང་རྩི་འཇིབ་ཆོག་པ་ཡིན། རྒྱ་མཚོས་
དོན་འདི་བཤད་སྐབས་ཧ་ལེ་དང་སྐར་ཆེན་གཉིས་ལ་ཅི་མི་སྙམ་པའི་ཉམས་ཤིག་མངོན་འདུག
ཁོ་གཉིས་ཀྱིས་སྒུག་མི་བཟོད་པར་ད་དུང་ས་ཆ་འདི་འདྲ་ཡོད་མེད་དྲིས།
རྒྱ་མཚོས“ཡོད། ད་ང་རང་འགྲོ་མི་འདོད”ཅེས་བཤད།“ཅིའི་ཕྱིར་འགྲོ་མི་འདོད། 鉋ཧ་ལེས་དེ་ལྟར་དྲིས།
“ད་སྐྱུར་ཞོག གལ་ཏེ་ང་རང་ཡིན་ན་ཡང་རང་ཉིད་གཅིག་པུ་རྒྱུ་ཐོག་ལ་བུད་ན་འདོད་པ་ཡིན།鉋སྐར་ཆེན་གྱིས་དེ་ལྟར་
བཤད།
“དེས་ན་ད་མར་རི་ཞོལ་དུ་འབབ། དོན་ཚང་མ་གྲུབ་ཟིན། སྔོན་གྱི་འཆར་གཞི་ལས་ལྡབ་བཅུ་འགྱུར་གྱིས་ལྷག་འགྲུབ་
བྱུང་ཡོད། ”རྒྱ་མཚོས་དེ་སྐད་བཤད་རྗེས་དེ་མ་ཐག་རི་ལས་མར་བབས། གྲོགས་པོ་གཉིས་ཕྱིར་འཁོར་ནས་རི་ལ་འགོས། རྒྱ་
མཚོས་ཁོང་གཉིས་ལ་ཨོང་ཤ་བསྟན་ནས། “ཁྱོད་ཚོར་ས་མིང་འགའ་རེ་བཤད་ཆོག ཀླད་པ་འགུལ་ན་རྙེད་སྲིད”ཟེར།
སྤོ་བོ་ལགས་ཀྱིས་ཤ་མོ་སྐྱེ་ས་རེ་རེར་མིང་རེ་བཏགས་ཡོད་པ་དེ་དག་ཧ་ཅང་འབྱོར་མོ་ཞིག་མིན་ནའང༌། ངེས་དོན་གྱི་རང་
བཞིན་ལྡན་པ་ཞིག་རེད། གཞོང་སར་ཆུ་འཁྱིལ་ཡོད་པའི་སར“མེ་ལོང་ནང་གི་སྐར་མ鉋ཞེས་བཏགས་ཡོད་པ་དང༌། ནགས་
ཚལ་སྟུག་པོ་སྐྱེས་པའི་གསེབ་ཏུ་ཉི་ཐིག་ཁྲ་ཆིལ་ལེར་བཀྲ་བའི་སར“ཀླད་ཞོའི་མཚོ་མོ鉋ཞེས་བཏགས་ཡོད་པ་རེད། རྒྱ་
མཚོས་དེ་ལྟར་སྐད་བརྒྱབ་ནས་བཤད་རྗེས། ཁོ་རང་རི་འདབས་སུ་སོང༌།
སྤོ་བོ་ལགས་ཀྱི་དུར་སའི་ལོགས་སུ་སླེབས་དུས། ཁོ་རང་དྲང་པོར་ལངས་ནས་ཡུད་ཙམ་ལ་བསྡད། ས་འབུར་བོ་ཆུང་ཆུང་
ཞིག་སྤུངས་ཡོད་པ་ལུག་ཁྱུས་བདེ་སྙོམས་བྱས་འདུག དུར་ཐོག་དང་དེའི་ཁོར་ཡུག་ཏུ་སྐྱེས་པའི་རྩྭ་ལ་མེ་ཏོག་རྣམ་པར་བཞད་
དེ་དྲི་བསུང་འཐུལ། ཁོས་དང་ཐོག་ཅི་ཞིག་བཤད་བསམས་མོད། ཡང་བསམ་བློ་ཞིག་བཏང་སྟེ་མི་ཤི་རྗེས་རྣམ་ཤེས་ཀྱིས་ཅི་
ཡང་ཤེས་ནའང༌། གལ་ཏེ་རྣམ་ཤེས་འདིར་མེད་ན་ཅི་བཤད་ཀྱང་ཁོང་གིས་མི་གོ་བས་བཤད་མ་བཤད་མེད་སྙམ།
སྡེ་བའི་ནང་དུ་སླེབས་རྗེས། ཁོས་བསམ་ཚུལ་འདི་དག་ཨ་མ་ལ་བཤད། ཨ་མས“ང་རང་ད་ལྟ་ཁོམ་ལོང་མེད་པ་མི་
མཐོང་ངམ། བུ་ལགས། ཁྱོད་ཀྱིས་ང་ལ་རྩིས་ཐོ་འགོད་རོགས་བྱོས་དང 鉋ཟེར། ཕལ་ཆེར་དུས་ཚོད་གསུམ་གྱི་རིང་ལ་ཁོས་རྩིས་
ཐོ་བཅུ་གཉིས་བྲིས་ཏེ་སྒོར་མོ་ཉིས་སྟོང་ལྷག་བཏང༌། སྒོར་ལྔ་བཅུ་རེ་འགྲོ་གྲོན་བཏང་ན་རང་ལ་སྒོར་སུམ་ཅུའི་ཁེ་སྤོགས་ལོན་
པ་ལྟར་བརྩིས་པ་ཡིན། ཁོ་མོའི་དེ་རིང་སྒོར་མོ་ཆིག་སྟོང་ལྷག་གི་ཁེ་སྤོགས་བླངས།
ཨ་མ་གཞི་ནས་མར་བསྡད་བྱུང༌། ཤ་མོ་བཙོངས་ཚར་བའི་ཡུལ་མི་ཚོ་དང་མཉམ་དུ་ཁོ་མོར་ཤ་མོ་བཙོངས་ནས་ཐོབ་པའི་
སྒོར་མོའི་བཀོལ་སྤྱོད་བྱེད་སྟངས་ཀྱི་སྐོར་གླེང་མགོ་བརྩམས།སུ་ཚང་གིས་བཞོན་མ་དགའ་རབ་ཅིག་ཉོ་དགོས་ཚུལ་དང༌། སུ་ཚང་གིས་ཁང་པ་རྒྱག་དགོས་ཚུལ། སུ་ཚང་གིས་སྔར་ནས་
བསགས་ཡོད་པའི་སྒོར་མོས་འདྲུད་འཐེན་འཁོར་ལོ་ཆུང་བ་ཞིག་ཉོ་དགོས་ཚུལ་སོགས་གླེང་བར་མ་ཟད། ད་དུང་སྡེ་དཔོན་
ལ“ཁྱིམ་རེ་ནས་ཤ་མོ་བཙོངས་པའི་སྒོར་མོ་ཅུང་ཟད་རེ་བསྡུས་ནས་ཆུ་གློག་ཚིགས་མལ་གྱི་ཆུ་རྐ་ཞིག་གསོ་བྱེད་དགོས་ཚུལ
”ཡང་བཤད། ད་དུང་ཁོ་མོས་མི་སུར་ཐུག་ཀྱང་ངའོ་སྙམ་པའི་ང་རྒྱལ་དང་བཅས་ཏི། “འདི་ངའི་བུ་ཡིན། ད་ལྟ་ཨ་མ་
མིག་ནང་དུ་མི་འཇོག་པར་འདུག ང་རང་གིས་
ཁོ་ལ་གཅེས་པ་ཡིན།鉋 ཟེར་སྐབས་རྒྱ་མཚོ་དགོད་པ་ཙམ་ལས་ཡིད་དགའ་བའི་ནོམ་འགྱུར་ཅི་ཡང་མི་མངོན། ཁོས་ཨ་མ་
ལ་ཁྱོད་ནི་ལས་བྱེད་པ་ཞིག་ཏུ་བརྩི་འོས་སམ། ཐེ་གཏོགས་མི་བྱེད་པའི་བྱ་བ་གཅིག་ཀྱང་མི་འདུག དེ་ལས་ཁྱོད་ནི་དབུལ་སྐྱོབ་
དོན་བྱེད་ཚན་སྐོར་གྱི་ཚན་གཙོར་བཞག་ན་ཧ་ཅང་འོས་པ་རེད། དེ་ཨེ་ཆོག་གི། ཨ་མས“དེ་ལོས་ཆོག”ཟེར། རྒྱ་མཚོས་
སླར་ཡང“སྤོ་བོ་ལགས་ཀྱི་དུར་ས་དེ་སར་བསྙམས་འདུག鉋ཟེར་བ་ལ་ཨ་མས། “བུ། སྤོ་བོ་ལགས་ཀྱིས་ཁྱོད་ཀྱི་སེམས་ན་
ཁོང་བརྗེད་མེད་པ་ཤེས་ན་དེས་ཆོག་པ་ཡིན། དུར་སའི་ནང་དུ་རྣམ་ཤེས་མེད་པས་རྗེས་སུ་ང་རང་ཤི་ན་ཡང་འདི་བཞིན་ཡིན
”ཟེར། རྒྱ་མཚོའི་སེམས་སུ་ཨ་མས་ད་བར་དུ་སྐད་ཆ་འདི་ལྟར་གསལ་བོར་བཤད་མ་མྱོང་སྙམ།
ད་ནི་དགོང་དྲོའི་དུས་ལ་སླེབས་པས། རྫི་བོ་རྒན་བྱིས་འགའ་རེས་ལུག་ཁྱུ་རི་མགོ་ནས་མར་བསྐོར་ཡོང༌། རབ་དཀར་ལུག་
ཁྱུ་ནི་རྒྱ་མཚོའི་རྦ་རླབས་བཞིན་གཡོ་ཞིང༌། རླབས་རྩེར་ལུག་གི་རྭ་ཅོ་རྣམས་ནག་ཡོམ་ཡོམ་དུ་གཡེང་བར་བྱེད། རྒྱ་མཚོས་ར་སྒོ་
ཕྱེ་བ་ན་གཡང་དཀར་ལུག་གི་ཁྱུ་ཚོགས་རྣམས་བག་ཕེབས་ཀྱིས་ལུག་རའི་ནང་དུ་བཤར།
ཨ་མ་ལུག་ར་ལ་ཁེན་ནས་བསྡད་འདུག ཁོ་གཉིས་ཀྱིས་ཡུད་ཙམ་ལ་སུས་ཀྱང་ཁ་མ་གྲགས། ཅུང་ཙམ་འགོར་རྗེས་ཨ་མ་ཁ་
གྲགས་སོང༌།“ཁྱོད་ཀྱིས་གྲོགས་པོ་གཉིས་ཀ་རི་ལས་བབས་བྱུང་ཟེར། ཁོ་གཉིས་ལག་སྟོང་ལ་སླེབས་བྱུང་བར་མ་ཟད། ད་
དུང་རྒྱ་མཚོ་ལ་ཁོང་ཚོའི་བར་གྱི་མཛའ་བརྩེ་སྟོང་ཟད་དུ་བཏང་བའི་རྣམ་འགྱུར་བསྟན་ནའང༌། རྒྱ་མཚོས་འཛུམ་གྱིས་བསུས།
དེ་ནི་རྗེས་སུ་ད་རུང་མཛའ་བའི་གྲོགས་པོ་བྱེད་དགོས་པ་ཤེས་ཡོད་པའི་རྒྱུ་མཚན་གྱིས་རེད། ཨ་མས་ཁོ་ཚོའི་ཤ་མོ་དེ་ཉོ་མི་ཕོད་
པར“བྱིས་པ་ཚོ། ངས་ཁྱོད་ཚོར་ཤ་མོ་རྒྱ་མ་གང་ལ་སྒོར་ལྔ་བཅུ་ལས་སྟེར་མི་ཐུབ། དེ་བས་རྗེས་སུ་གོང་མཐོན་པོ་བྱས་ནས་
ཚོངས་དང ”ཟེར།
ཤ་མོ་བསྡོམས་པས་རྒྱ་མ་ཉི་ཤུ་ལྷག་ཡོད་པ་རྒྱ་མ་གང་ལ་སྒོར་མོ་བརྒྱད་ཅུ་བྱས་ནས་སྒོར་མོ་ཁྱོན་བསྡོམས་ཆིག་སྟོང་ལྷག་
ཟིན། རྒྱ་མཚོས་སྐར་མ་གང་ཡང་མ་བླངས། གྲོགས་པོ་གཉིས་ལ་མི་རེར་སྒོར་མོ་བརྒྱད་བརྒྱ་རེ་བགོས། དེའི་ལྷག་མ་ཚང་མས་
མཉམ་དུ་ཟ་མ་ཟོས་ཤིང་ཆང་འཐུངས་ནས་བརླགས། སྐར་ཆེན་གྱི་སྒོར་མོ་ཁ་ཤས་ཤོ་བརྒྱབ་ནས་སྐུགས་ལ་ཤོར། དེའི་ལྷག་
མས་ཆུང་མ་ལ་དུས་རབས་ཀྱི་གྱོན་ཆས་ཉོས། རྒྱ་མཚོའི་སེམས་སུ་ཁོ་ནི་ལག་ཡང་གྲུང་ཤ་དོད་པོ་ཞིག་རེད་སྙམ། ཧ་ལེས་ཉོས་
པ་ནི་དེ་བས་ཀྱང་ཁྱད་ཆོས་ལྡན་པ་ཞིག་རེད། ཁོས་འཇར་པན་ནས་ནང་འདྲེན་བྱས་པའི་གླུ་གཏོང་འཕྲུལ་ཆས་གཅིག་ཉོས་ཏེ།
སྔར་ཡོད་སྒྲ་སྡུད་ལེན་འཕྲུལ་ཆས་དང་ལྷན་དུ་སྦྱར་ཞིང་ད་དུང་ཧོང་ཀོན་རྟགས་ཅན་གྱི་སྒྲ་སྐྱེད་སྒྲོམ་བུ་ཆ་གཅིག་ཉོས། རྒྱ་
མཚོའི་སེམས་སུ་ཁོ་ནི་དོན་ལ་གནས་ཤིང༌། ཡོན་ཏན་ཅན་ཞིག་ཀྱང་རེད་སྙམ། ཁོང་ཚོ་སྔར་བཞིན་གྲོགས་པོར་གྱུར་འདུག
སྐབས་དེར་རྒྱ་མཚོའི་སེམས་སུ། སང་ལོ་ཁོ་ཚོས་ང་ཁྲིད་ནས་སྤོ་བོ་ལགས་ཀྱི་ཤ་མོ་ཡོད་ས་འཚོལ་དུ་འགྲོ་སྲིད་དམ། གལ་ཏེ་
སོང་ན་ང་ཚོ་ནི་གྲོགས་པོ་མིན་སྙམ། ད་ནི་དགུན་སྨད་ཡིན་པས་ཆུང་མ་ལོ་གསར་གྱི་དགའ་སྟོན་ལ་ཡོང་བར་ཉེ། ཨ་མས་ཁོ་ལ་
སྒོར་ཁྲི་ཚོ་གཉིས་བྱིན། ཁོས་མལ་ཁང་དུ་ས་གདན་མདོག་དམར་པོ་ཅན་ཞིག་བཏིངས། ད་དུང་འཇིག་རྟེན་འདིར་ཡོང་མེད་
པའི་བུ་ལ་གློག་གི་རོལ་རྩེད་འཕྲུལ་ཆས་གཅིག་དང་དེར་བཀོལ་རྒྱུའི་འཁོར་ལོ་འགའ་ཉོས།
(སྐར་མས鉄མི་རིགས་རྩོམ་རིག鉅ལས་བདམས་ཏེ་བསྒྱུར)
(རྩོམ་སྒྲིག་པ་བསྟན་གོ་ཡིན)

བརྒྱུད་སྐུལ།

མཆན་སྤེལ།