༄༅། །ཆོས་འབྱུང་ ༡༢༥ཙམ་གྱི་མཚན་བྱང་བཞུགས་སོ།།

༄༅། །ཆོས་འབྱུང་ ༡༢༥ཙམ་གྱི་མཚན་བྱང་བཞུགས་སོ།།

༄༅། །ཆོས་འབྱུང་ ༡༢༥ཙམ་གྱི་མཚན་བྱང་བཞུགས་སོ།།

 

དེ་ཡང་བསྟན་པ་བྱུང་ཚུལ་གྱི་ལོ་རྒྱུས་ཆོས་འབྱུང་གི་དཔྱད་གཞིའི་ཕྱག་དེབ་མང་དུ་བཞུགས་པ་ལས། འདིར་གང་དྲན་རྣམས་བཀོད་པ་གཤམ་གསལ། གུ་བཀྲའི་ཆོས་འབྱུང་དང་། ཧོར་གྱི་ཆོས་འབྱུང་། བདུད་འཇོམས་ཆོས་འབྱུང། རྒྱ་ནག་ཆོས་འབྱུང་། རྒྱ་གར་ཆོས་འབྱུང་། ཤེལ་དཀར་ཆོས་འབྱུང་། རྫོགས་ཆེན་ཆོས་འབྱུང་། འབྲི་གུང་ཆོས་འབྱུང་། མྱང་ཆོས་འབྱུང་། ལྷོ་རོང་ཆོས་འབྱུང་། མུ་ལི་ཆོས་འབྱུང་། རིས་མེད་ཆོས་འབྱུང་། མདོ་སྨད་ཆོས་འབྱུང་།

བཀའ་གདམས་ཆོས་འབྱུང་། འདུལ་བའི་ཆོས་འབྱུང་། ལབ་ཆོས་འབྱུང་། འབྲས་སྤུངས་ཆོས་འབྱུང་། ངོར་ཆོས་འབྱུང་། བོད་སོག་ཆོས་འབྱུང་། བདེ་མཆོག་ཆོས་འབྱུང་། ཀློང་ཆེན་ཆོས་འབྱུང་། ས་སྐྱ་ཆོས་འབྱུང་། རྙིང་མའི་ཆོས་འབྱུང་། མགོན་པོའི་ཆོས་འབྱུང་། གསང་འདུས་ཆོས་འབྱུང་། སྡེ་དགེ་ཆོས་འབྱུང་། དགའ་ལྡན་ཆོས་འབྱུང་། ལྷོ་བྲག་ཆོས་འབྱུང་། བོན་གྱི་ཆོས་འབྱུང་། གནས་རྙིང་ཆོས་འབྱུང་། འཇིགས་བྱེད་ཆོས་འབྱུང་། སྨན་གྱི་ཆོས་འབྱུང་། ཆོས་འབྱུང་ཆེན་མོ། མཁར་ནག་ཆོས་འབྱུང་། བུ་སྟོན་ཆོས་འབྱུང་། ཆོས་འབྱུང་ཕྱོགས་བསྒྲིགས། སྔ་འགྱུར་ཆོས་འབྱུང་། གནམ་ལྕགས་ཆོས་འབྱུང་། གཤེད་སྐོར་ཆོས་འབྱུང་། ཆོས་འབྱུང་ནོར་བུའི་བང་མཛོད། ཆོས་འབྱུང་བསྟན་པའི་ཉི་མ། རྒྱ་བོད་ཆོས་འབྱུང་རྒྱས་པ། ཆོས་འབྱུང་མཁས་པའི་ཡིད་འཕྲོག །ཆོས་འབྱུང་ངོ་མཚར་རྒྱ་མཚོ། ཡར་ལུང་ཇོ་བོའི་ཆོས་འབྱུང་། ཆོས་འབྱུང་མཁས་པའི་དགོངས་རྒྱན། ཆོས་འབྱུང་མཁས་པའི་དགའ་སྟོན། ཤར་པའི་ཆོས་འབྱུང་། དགའ་ལྡན་ཤར་རྩེའི་ཆོས་འབྱུང་། འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་འབྱུང་། ཆོས་འབྱུང་འབེལ་གཏམ་ཉུང་ངུ་། ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཆོས་འབྱུང་བསྟན་པའི་ཉི་མ། ཆོས་འབྱུང་ཀུན་གསལ་མེ་ལོང་། ཕུར་པའི་ཆོས་འབྱུང་དང་རྒྱུད་འགྲེལ། ཆོས་འབྱུང་ལུང་རིིགས་སྒྲོན་མེ། ཉི་ཧོང་ཆོས་འབྱུང་ཕྱོགས་བསྡུས། ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་། ཟུར་མང་བཀའ་བརྒྱུད་ཆོས་འབྱུང་། ཆོས་འབྱུང་ནོར་བུའི་མེ་ལོང་། གྲུབ་མཐའ་ཁག་གི་ཆོས་འབྱུང་། ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ཆོས་འབྱུང་སི་ཏཱའི་གཡས། རེབ་གོང་ཆོས་འབྱུང་། སྟོང་འཁོར་ཆོས་འབྱུང་། ལྡུམ་རའི་རྒྱལ་རབས་དང་ཆོས་འབྱུང་། མཁས་དབང་དཔལ་ཚུལ་གྱི་ཆོས་འབྱུང་། བདེ་གསང་འཇིགས་གསུམ་གྱི་ཆོས་འབྱུང་། ཟངས་དཀར་གྱི་རྒྱལ་རབས་དང་ཆོས་འབྱུང་། དུས་འཁོར་ཆོས་འབྱུང་ངོ་མཚར་རྟོགས་བརྗོད། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། ཆོས་འབྱུང་དྲིས་ལན་ནོར་བུའི་ཕྲེང་བ། རྒྱ་བོད་ཆོས་འབྱུང་རིན་པོ་ཆེ། ཆོས་འབྱུང་དྲིས་ལན་བརྒྱ་པ་ལེགས་བཤད་སྙིང་བསྡུས། སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། བསམ་ཡས་ཆོས་འབྱུང་གངས་ཅན་རྒྱན་གྱི་མེ་ཏོག །ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ། བཀའ་བརྒྱུད་ཆོས་ནོར་བུའི་ཕྲེང་བ། ལྷོ་ལུང་དགོན་གྱི་གདན་རབས་ཆོས་འབྱུང་། ལྷོ་ཁའི་ཆོས་འབྱུང་སྐྱེས་མའི་ནུ་རིན། དུས་འཁོར་ཆོས་འབྱུང་ཨིནྡྲ་ནཱི་ལའི་ཕྲ་ཚོམ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། གཏེར་བཏོན་གྱི་ལོ་རྒྱུས་གཏེར་བཏོན་ཆོས་འབྱུང་། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། གསོ་ཪིག་ཆོས་འབྱུང་བཻཌཱུརྱའི་ཕྲེང་བ། འཕགས་བོད་ཆོས་འབྱུང་ཛམྦུ་གསེར་གྱི་ཁྲི་ཤིང་། ཀཿཐོག་ཆོས་འབྱུང་རིན་ཆེན་ཕྲེང་བ། ཆོས་འབྱུང་བསྡུས་པའི་ཟིན་ཐོ། དཔལ་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་འབྱུང་། དཔལ་རྙིང་མའི་ལོ་རྒྱུས་དང་ཆོས་འབྱུང་། རྒྱལ་རབས་ཆོས་འབྱུང་སྙིང་པོ་བསྡུས་པ། དར་གླིང་ཆོས་འབྱུང་དཔག་བསམ་ཁྲི་ཤིང་། རྫོང་ཆོས་ཆོས་འབྱུང་བདུད་རྩིའི་ཟིལ་མངར། བདེ་གཤེགས་བསྟན་པའི་གསལ་བྱེད་ཆོས་ཀྱི་བྱུང་གནས། སངས་རྒྱས་བསྟན་པའི་ཆོས་འབྱུང་དྲིས་ལན་ནོར་བུའི་བང་མཛོད། ཞལ་སྔ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་འབྱུང་། དུས་འཁོར་ཆོས་འབྱུང་ལེགས་བཤད་ངོ་མཚར་དད་པའི་ཤིང་རྟ། བཀའ་བརྒྱུད་ཆོས་འབྱུང་རིན་པོ་ཆེ་སྤུངས་པའི་འོད་སྟོང་འཁྱིལ་བ། ཟབ་ཁྱད་གཏེར་མའི་ལོ་རྒྱུས་ཆོས་འབྱུང་གཏེར་སྟོན་ཆོས་འབྱུང་ནོར་བུའི་ཕྲེང་བ། སྔ་འགྱུར་རྙིང་མའི་ཆོས་འབྱུང་ངོ་མཚར་ཚད་མ་གསུམ་ལྡན། སེ་ར་ཐེག་ཆེན་གླིང་གི་ཆོས་འབྱུང་རབ་གསལ་ནོར་བུའི་མེ་ལོང་། ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད། གཡའ་བཟང་ཆོས་འབྱུང་། ཆོས་འབྱུང་བསྟན་པའི་སྒྲོན་མེ་རྩོད་ཟློག་སེངྒེའི་ང་རོ། བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་། ལྷོའི་ཆོས་འབྱུང་བསྟན་པ་རིན་པོ་ཆེའི་འཕྲོ་མཐུད་འཇམ་མགོན་སྨོན་མཐའི་ཕྲེང་བ། དཔལ་ལྡན་སྨད་རྒྱུད་པའི་ཆོས་འབྱུང་གཡའ་དག་འཕྲུལ་གྱི་མེ་ལོང་། སྲད་རྒྱུད་དགའ་ལྡན་ཕོ་བྲང་གི་ཆོས་འབྱུང་ངོ་མཚར་དོན་ལྡན། པཎ་ཆེན་ཡེ་ཤེས་རྩེ་མོའི་བཀའ་གདམས་ཆོས་འབྱུང་། གསུང་ངག་ལམ་འབྲས་ཀྱི་ཆོས་འབྱུང་། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། དེབ་ཐེར་སྔོན་པོ། འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་འབྱུང་གསལ་བྱེད་སྒྲོན་མེ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་འབྱུང་ཁམས་གསུམ་ལས་རྣམ་པར་རྒྱལ་བ་དངོས་གྲུབ་གཏེར་མཛོད། རྫོགས་པ་ཆེན་པོ་རྒྱུད་ཀྱི་རྒྱལ་པོ་པདྨ་ཞི་ཁྲོའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་རཏྣའི་ཆར། བསྟན་པ་སྔ་དར་གྱི་ཆོས་འབྱུང་འབྲེལ་ཡོད་དང་བཅས་པའི་དུས་རབས་ཀྱི་མཐའ་དཔྱོད་འཕྲུལ་གྱི་མེ་ལོང་། གྲུབ་མཐའ་སོ་སོའི་བཞེད་ཚུལ་གསར་བར་སྟོན་པའི་ཆོས་འབྱུང་གྲུབ་མཐའ་ཆེན་པོ་བསྟན་པའི་སྒྲོན་མེ་སོགས་ཆོས་འབྱུང་གི་དེབ་ཐེར་མང་དུ་བཞུགས་པ་རྣམས་ལ་གཟིགས་གལ་ཤིན་ཏུ་ཆེའོ།།  །།

 

 

བརྒྱུད་སྐུལ།

མཆན་སྤེལ།