འཛམ་གླིང་གི་ཆོས་ལུགས་ཆེན་པོ་ བཞི་ཡི་ལོ་རྒྱུས་མདོར་བསྡུས།
ཧིན་དྷུའི་ཆོས་ལུགས།
ཧིན་དྷུའི་ཆོས་ལུགས་ནི་དུས་རབས ༨ པའི་ནང་རྒྱ་གར་རང་ས་ནས་དར་ཁྱབ་ ཏུ་སོང་བའི་ཆོས་ལུགས་ཤིག་ཡིན། རྒྱ་གར་དུ་ཕོ་ལོ་མུན་ཟེར་བའི་ཆེ ས་གནའ་བོའི་ཆོས་ལུགས་དེ་དང་སངས་ རྒྱས་ཆོས་ལུགས་གཉིས་ལས་ཧིན་དྷུ འི་ཆོས་ལུགས་བྱུང་བར་འདོད། ཆོས་ལུགས་འདི་ལའང་ལས་རྒྱུ་འབྲས་ དང་སྐྱེ་བ་སྔ་ཕྱི་ཡོད་པར་འཛིན་ པ་མ་ཟད། བྱ་བ་བཟང་སྒྲུབ་ངན་སྤང་གི་སྲོལ་ ཡང་དག་ཀྱང་ཡོད། ད་དུང་མི་རྣམས་ཀྱིས་ལྷ་ཆེན་པོ་ གསུམ་སྟེ་ཧྥན་ཐེན་དང་ཧྲི་ཕོ། ཕེས་ཧྲི་ནེ་ཟེར་བ་གསུམ་སྐྱབས་ གནས་ཀྱི་ལྷ་ཡིན་པར་འདོད།
དེའི་ཕྱིར་རྒྱ་གར་དུ་བྲམ་ཟེའི་ རིགས་སོགས་ནི་ལྷ་དེ་དག་གི་རིགས་ ཡིན་པས་དེ་ལས་སྐྱེས་པའི་མི་རྣ མས་ཤིན་ཏུ་བཟང་པོར་འདོད་པ་དང་། གདོལ་བ་ཤན་པའི་རིགས་སོགས་དེ་ལས་ ལྡོག་སྟེ་དམན་པར་བརྩི་བ་སོགས་མི འི་གྲལ་རིམ་མཆོག་དམན་འཛིན་པའི་ ལྟ་བ་ཧ་ཅང་ཛ་དྲག་ཆེ། ཡ་མཚན་པ་ཞིག་ལ་བ་ལང་དཀར་པོ་སོ གས་ནི་ལྷ་གང་དེའི་བཞོན་པ་ཡིན་ པས་དད་གུས་ཚད་མེད་ངང་མཆོད་འབུལ་ ཡང་ཡང་གནང་བ་དང་། ར་ལུག་ནག་པོ་སོགས་སྲོག་ཆགས་གཞན་ པ་འགའ་རེ་ནི་ལྷ་མོའི་དུས་ཚིགས་ ལ་བསླེབས་པ་ན་གྲངས་མང་པོ་དམར་ གསོད་དུ་བཏང་ནས་ལྷ་མོར་ཤ་ཁྲག་གི ་མཆོད་འབུལ་བྱེད་པའི་ལུགས་སྲོལ་ ཡོད། དེང༌སྐབས་ཡང་ས་ཁུལ་མི་ཉུང་བ་ཞི ག་ན་ར་ལུག་དང་རྔ་མོང་ཆུ་གླང་ནག་ པོ་སོགས་གསོད་པའི་བྱ་འགུལ་རྒྱ་ ཆེན་པོ་སྤེལ་ཏེ། མི་རྣམས་ཀྱིས་ཉིན་དེར་ར་ལུག་གསོ ན་པོའི་སྐེ་བཅད་དེ་ལྷ་མོ་ལ་མཆོ ད་འབུལ་བྱེད་པ་སོགས་ནི་ཁོ་ཚོའི་ འཚོ་བའི་ནང་མེད་ཐབས་མེད་པའི་བག་ ཆགས་མཐུག་པོ་ཞིག་ཏུ་ཆགས་ཡོད། རྒྱ་གར་རང་གནས་ཀྱི་མི་བརྒྱ་ཆའི ༨༠ ཆོས་ལུགས་འདིར་དད་གུས་ཡོད་པ་དང༌ ། ད་ཆའི་འཛམ་གླིང་མི་གྲངས་ལ་གཞི གས་ན་དད་གུས་བྱེད་མཁན་དུང་ཕྱུར ༨ ཙམ་དང་མིའི་རིགས་ཀྱི་བརྒྱ་ཆའི་ ༡༣ ཟིན་ཡོད་པས་མི་གྲངས་ཀྱི་ཆ་ནས་ འཛམ་གླིང་སྟེང་གི་ཆོས་ལུགས་ཨང་ གསུམ་པར་རང་བཞིན་གྱིས་འཕགས་ཡོད།
དབྱི་སི་ལན་གྱི་ཆོས་ལུགས།
དབྱི་སི་ལན་གྱི་ཆོས་ལུགས་ནི་སྟོ ན་པ་མ་ཧཱ་མད་ཏིས་གསར་སྤེལ་གནང་ བ་ཡིན། ཁོང་ནི་ཡ་གླིང་ས་དི་ཨ་རབ་ཏུ་ཕྱི ་ལོ ༥༧༠ལོར་སྐུ་འཁྲུངས། ལོ ༢༥ སོན་པ་ན་ཡུལ་དེའི་ཡུགས་མོ་ལོ་༤༠ སོན་ཡོད་པ་ཞིག་དང་གཉེན་སྟོན་བྱ ས། དེ་རྗེས་སུ་ཁོས་བཤད་རྒྱུར་ཨན་ལཱ ་ཟེར་བའི་ལྷ་ཆེན་པོ་ཞིག་གིས་ཁོ་ རྗེས་སུ་བཟུང་ཡོད་པར་མ་ཟད། ཟབ་ཆོས་འདི་དག་མི་ཡུལ་ལ་སྤེལ་ དགོས་པའི་བཀའ་ནན་ཡང་ཁོ་བོ་ལ་བསྩ ལ་སོང་ཞེས་མི་རྣམས་ལ་བསྒྲགས། ཁོང་གི་ཆོས་ལུགས་ཀྱི་རྩ་དོན་ནི་ ཚེ་སྔ་ཕྱི་དང་། རྣམ་སྨིན་ཡོད་པ། འཇིག་རྟེན་ན་ཨན་ལཱ་མ་གཏོགས་ལྷ་ མེད་པ།ཨན་ལཱ་ལ་བློ་གཅིག་གིས་དད་ གུས་བྱས་ན་བདེ་བའི་ཞིང་དུ་ཁྲིད་ པ་དང་། ཨན་ལཱ་མ་གཏོགས་ལྷ་གཞན་ལ་དད་གུས་ བྱས་ན་རྣམ་སྨིན་ངན་པ་འཁོར་བ། ཨན་ལཱས་ཆད་པ་ནན་མོ་གཅོད་པ་སོགས་ ཀྱི་དམ་ཚིག་མང་དུ་བསྒྲགས་ཏེ་མང་ ཚོགས་ནང་ཁྱབ་སྤེལ་དུ་བཏང་། སྐབས་དེའི་སྐུ་དྲག་མང་ཆེ་བར་རང་ རང་གི་དམིགས་བསྟེན་གྱི་ལྷ་རེ་ དད་ཡུལ་དུ་བཟུང་ཡོད་ཕྱིར་ལྷ་མང་ སྨྲ་བས་ལྷ་གཅིག་སྨྲ་བའི་ལུགས་ འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་ གཉའ་གནོན་དྲག་པོ་བྱས། ཁོས་གཡུལ་བཤམས་ན་ཡང་རྒོལ་ལན་ དཀའ་བའི་གནས་སུ་ལྷུང་སྟེ་སྲོག་ ལ་ཉེན་པའི་སྐབས། ཁོས་བྱ་ཐབས་གཞན་ཟད་དེ་རང་གི་གྲུ བ་མཐའ་ལ་སྡང་བ་དང་ལྷ་ཆེན་པོ་ཨན་ ལཱའི་ཆེད་དུ་གཞན་གསོད་པའམ་གཡུལ་ ངོར་ཤི་ན་བདེ་བའི་ཞིང་ཁམས་སུ་ འགྲོ་ངེས་ཡིན་ཞེས་སྙིང་སྟོབས་ བསྐྱེད་དེ་ཁྲོམ་བསྒྲགས་ནན་གྱིས་ བྱས། མི་རྣམས་ཀྱིས་དེ་བཞིན་ཡིན་པར་སེ མས་ནས་བདེ་བའི་ཞིང་ཁམས་ལ་འགྲོ་ བའི་ཆེད་དུ་ལུས་སྲོག་ལ་འཛེམ་བག་ མེད་པར་གཡུལ་འཐབ་དྲག་ཏུ་བྱས་ནས་ དགྲ་ཕྱོགས་ཀྱི་མི་རྣམས་དམར་གསོ ད་དུ་བཏང་སྟེ་མཐར་རྒྱལ་ཁ་བླངས། དེ་ནས་བཟུང་བྲན་དུ་བཀོལ་བའི་མི་ རྣམས་ལ་ལྷ་གཞན་ལ་དད་པ་མི་ཆོག་ པའི་དམ་ཚིག་བསྒྲགས། དེ་རྗེས་རིམ་བཞིན་ཨ་ཧྥེ་རི་ཁ་སོ གས་གཙོ་ཆེ་བ་ཧྥེ་གླིང་གི་རྒྱལ་ ཁབ་མང་ཆེ་བ་དང་འཛམ་གླིང་གི་ཡུལ་ གྲུ་མང་ཆེ་བ་ཞིག་ལ་ཆེས་ཆེར་དར་ ཁྱབ་དུ་གྱུར་སོང་། ཁོང་དགོང་གྲངས ༦༣ སོན་པ་ན་འཇིག་རྟེན་གཞན་ཞིག་ཏུ་ སྐུ་གཤེགས། མིག་སྔར་འཛམ་གླིང་གི་མི་གྲངས་ལ་ གཞིགས་ན་དད་གུས་བྱེད་མཁན་དུང་ཕྱུ ར ༡༢ ཙམ་དང་མིའི་རིགས་ཀྱི་བརྒྱ་ཆའི ༢༠ ཟིན་ཡོད་པས་མི་གྲངས་ཀྱི་ཆ་ནས་ འཛམ་གླིང་སྟེང་གི་ཆོས་ལུགས་ཨང་ གཉིས་པར་རང་བཞིན་གྱིས་འཕགས་ཡོད།
ཡེ་ཤུའི་ཆོས་ལུགས།
ཡེ་ཤུའི་ཆོས་ལུགས་ནི་སྟོན་པ་ཡེ་ ཤུ་མ་ཤི་ཀས་སྤེལ་བ་ཡིན། །ཁོང་ནི་ཡ་གླིང་ཕ་ལི་སི་ཐན་གྱི་ ཡེ་ཤུའི་མི་རིགས་སུ་ཕྱི་ལོ་མགོ་ ཚུགས་པ་དང་དུས་མཚུངས་སུ་འཁྲུངས། དེ་གའི་ཡུལ་མི་ཚོས་ཚེ་སྔ་ཕྱི་ཡོ ད་པ། ལོ་རེའི་དཔྱིད་ཚུགས་ཉིན་ཨཱ་ཐི་ སི་ཟེར་བ་ཕྱིར་གསོན་པའི་ཉིན་མོ་ ཡིན་ཟེར་ནས་དད་གུས་བྱེད་པ་དང་། ཟླ ༡༢.༢༥ ཉིན་ཉི་མའི་ལྷ་ཆེན་པོ་འཁྲུངས་སྐ ར་དུ་ངོས་བཟུང་ནས་མཆོད་འབུལ་སྣ་ ཚོགས་བྱེད་པ་གསུམ་ནི་སྐབས་དེའི་ མི་རྣམས་ཀྱི་སེམས་གཏིང་ན་འཇགས་ པའི་ཆོས་ལུགས་ཀྱི་བྱེད་སྒོའམ། ཡང་ན་ཡུལ་སྲོལ་གོམས་གཤིས་སྒྱུར་ མི་བཏུབ་པ་ཞིག་ཏུ་གྱུར་ཡོད། ཡེ་ཤུ་མ་ཤི་ཀས་ཡུལ་དེ་གའི་ཆོས་ ལུགས་ཀྱི་བྱེད་སྒོ་གསུམ་པོ་གཞི ར་བཞག་སྟེ་ཁོ་རང་གིས་ལྟ་ཚུལ་ གསར་བ་མང་དུ་བརྗོད་དེ་རང་ལུགས་ ཀྱི་ལྟ་བ་སྤེལ་མགོ་བརྩམས། ཡིན་ནའང་ཡུལ་དེའི་སྲོལ་རྒྱུན་དུ ་ཡུགས་མོ་ནི་ངན་དགུ་ཚང་བ་ཞིག་ཡི ན་པར་འདོད་པ་སོགས་ལྟ་བ་མང་པོ་ཞི ག་ལ་ཁོང་གིས་ཐད་ཀར་ངོ་ལོག་བྱས་ ནས་ཡུགས་མོ ༡༦ ཙམ་ཁོང་རང་ ཉིད་ཀྱིས་བག་མར་བསུས་པ་སོགས་ཡུ ལ་དེའི་མི་གང་མང་ཞིག་གིས་འཛིན་ ཚུལ་དང་མི་མཐུན་པར་གྱུར། ལྷག་ཏུ་སྲིད་གཞུང་དང་རྒྱབ་འགལ་ བྱུང་ནས་ཁོང་དགུང་གྲངས ༣༠ སྟེང་ཡེ་ཤུའི་སྲིད་གཞུང་དམག་གི་ བཙོན་རར་ཚུད་དེ་མཇུག་འབྲས་རྒྱ་ གྲམ་གྱི་ཁྲིམས་ཤིང་རྩེར་བསྐྱོན་ ནས་དམར་གསོད་དུ་བཏང་། དེ་ནས་ལོ་གང་མང་ ཞིག་ལ་ཁོའི་ལྟ་བ་རུལ་སུངས་སུ་གྱུ ར་ཏེ་སྤེལ་མཁན་མ་བྱུང་། ལོ་རབས་མང་པོ་ཞིག་འདས་རྗེས་སུ་ པོ་ལོ་ཟེར་བ་ཞིག་གིས་ལྟ་བ་དེ་ཆོ ས་ལུགས་ཤིག་ཏུ་ངོས་བཟུང་ནས་སླར་ ཡང་ཁྱབ་བསྒྲགས་མང་དུ་བྱས་པས་རི མ་གྱིས་ཆོས་ལུགས་ངོ་མ་ཞིག་ཏུ་ ཆགས་པ་མ་ཟད་གནམ་བདག་དང་། དངོས་བརྒྱུད། གསར་མའི་ལུགས་ཏེ་གྲུབ་མཐའི་རྐང་ མི་འདྲ་བ་གསུམ་དུ་གྱེས། རོ་མ་རྒྱལ་ཁབ་ནས་རིམ་བཞིན་འཛམ་ གླིང་གི་ཡུལ་གྲུ་མང་ཆེ་བར་ཧ་ཅང་ ས་དར་གནམ་དར་དུ་གྱུར་སོང་། མིག་སྔར་འཛམ་གླིང་མི་གྲངས་ལ་གཞི གས་ན་དད་གུས་བྱེད་མཁན་དུང་ཕྱུར ༡༩ ཙམ་དང་། མིའི་རིགས་ཀྱི་བརྒྱ་ཆའི ༣༣ ཟིན་ཡོད་པས་མི་གྲངས་ཀྱི་ཆ་ནས་ འཛམ་གླིང་སྟེང་གི་ཆོས་ལུགས་ ཨང་དང་པོར་རང་བཞིན་གྱིས་འཕགས་ཡོ ད།
སངས་རྒྱས་ཆོས་ལུགས།
སངས་རྒྱས་ཆོས་ལུགས་ནི་སྟོན་པ་ཤཱ ཀྱ་ཐུབ་པས་གསར་སྤེལ་མཛད་པ་ཡིན་ ལ། སངས་རྒྱས་ཆོས་ལུགས་ཀྱི་སྟོན་པ་ གཞོན་ནུ་དོན་གྲུབ་ནི་ཡ་གླིང་གི་ སྔོན་ཆད་རྒྱ་གར་དང་། ད་ལྟ་བལ་བོའི་མངའ་ཁོངས་མདོ་ལས་ གསུངས་པའི་གནས་ཆེན་བཞིའི་ཡ་གྱལ་ ལུམྦི་ནིའི་ཚལ་དུ་ཕྱི་ལོ་སྔོན་ གྱི་ལོ ༦༢༥ པར་སྐུ་བལྟམས། དགུང་གྲངས་ ༢༩ བར་ཡུམ་གྲགས་འཛིན་མ་སོགས་བག་མ་ བསུས་ནས་རྒྱལ་སྲིད་བསྐྱངས། དེའི་སྐབས་སུ་རྒྱ་གར་གྱི་སྤྱི་ ཚོགས་ནི་གྲལ་རིམ་བར་གྱི་འགལ་བ་ ཧ་ཅང་རྙོག་འཛིང་ཆེ་ཞིང་རྒྱལ་ཕྲ ན་ཕན་ཚུན་བར་འཁྲུག་རྩོད་རྒྱུན་ མི་ཆད་པ་དང་། ཆོས་ལུགས་ཀྱི་བསམ་བློ་སྣ་ཚོགས་ དར་ཁྱབ་ཆེ་ཡང་ཁོང་གིས་འདོད་བློ་ ཁེངས་པའི་ཆོས་རྣལ་མ་ཞིག་མ་རྙེད་ པ་དང་། གྲོང་ཁྱེར་དག་ན། མི་རྣམས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། ཤི་བར་གྱུར་པའི་རོ་དང་། ད་དུང་རབ་ཏུ་བྱུང་བའི་ གཟུགས་རྣམས་རིམ་པ་བཞིན་དུ་གཟི གས་པས་ཁོང་གནས་ཚུལ་དེ་ལ་ཐུགས་ རབ་ཏུ་སྐྱོ་སྟེ། རྒ་དང་ན་དང་འཆི་འགྱུར་བ། །གལ་ཏེ་འདི་གསུམ་ཡོད་མིན་ན། །བདག་ཀྱང་ཤིན་ཏུ་ཡིད་འོང་བའི། །ཡུལ་རྣམས་ལ་ནི་དགའ་བར་བྱེད། །ཅེས་སོགས་གསུངས་ཏེ་ལོ་དྲུག་ཏུ་ ཆོས་ཕྱིར་དཀའ་བ་སྤྱད་དེ་མཐར་ སངས་རྒྱས་ཞེས་པའི་རང་འབྲས་ མངོན་དུ་བྱས་ནས་ཆོས་འཁོར་གང་ལ་ གང་འཚམ་བསྐོར། ཁོང་གིས་བསྟན་པའི་ཆོས་ཏེ་སྐབས་ དེའི་སྤྱི་ཚོགས་ཀྱི་བློ་དང་ཧ་ ཅང་འཚམས་ནས་ཁོང་ལ་གདུལ་བྱ་བགྲང་ ཡས་པ་བྱུང་། ཁོང་དགུང་གྲངས ༨༡ པར་ཕྱི་ལོ་སྔོན་གྱི་ལོ་ ༥༤༤ པ་ན་རྩྭ་མཆོག་གྲོང་དུ་ མྱ་ངན་ལས་འདས། ཁོང་གི་བཀའ་ཆོས་ལ་ང་ཚོས་ད་ལྟ་ དངོས་སུ་མཐོང་ཐུབ་པའི་པོད ༡༠༨ དང་། དེའི་འགྲེལ་བ་བསྟན་འགྱུར་ལ་ པོད ༢༡༢ ཡོད། ཁོང་སྐུ་མྱ་ངན་ལས་འདས་རྗེས་ལྷོ་ བརྒྱུད་ནང་བསྟན་དང་བྱང་བརྒྱུད་ ནང་བསྟན་གཉིས་སུ་གྱེས་ཏེ་འཛམ་གླི ང་གི་ ཡུལ་གྲུ་མང་ཆེ་བར་དར་ཁྱབ་བྱུང་། དེ་ཡང་ལྷོ་ཕྱོགས་ཀྱི་སིང་ག་ལའི་ གླིང་དང་། ཐེ་ལན་ཊ། འབར་མ་སོགས་རྒྱལ་ཁབ་མང་དུ་གཙོ་ ཆེ་བ་ཐེག་པ་ཆུང་ངུའི་བསྟན་པ་དར། དེ་བཞིན་བྱང་ཕྱོགས་ཀྱི་མ་ཧཱ་ཙི་ ནའི་ཡུལ་གྲུ་ཁ་ཤས་དང་། ཁོ་རེ་ཡ། ཉི་ཧོང་། སོག་བོད་ཧོར་གསུམ་སོགས་རྒྱལ་ཁབ་ མང་དུ་གཙོ་ཆེ་བ་ཐེག་དམན་དང་ཐེག་ ཆེན་གྱི་བསྟན་པ་ཡང་དར། ད་སྐབས་མི་ཚོགས་དུང་ཕྱུར ༦ མ་ཟིན་ཙམ་གྱི་དད་ཡུལ་དུ་གྱུར་ཡོ ད་པས་མི་གྲངས་ཀྱི་ཆ་ནས་འཛམ་གླི ང་སྟེང་གི་ཆོས་ལུགས་ཨང་བཞི་བ་ཡི ན། འཛམ་གླིང་མི་གྲངས་ཀྱི་བརྒྱ་ཆའི་ ༡༠ ཡིན། ཡིན་ནའང་ཉེ་ལམ་འཛམ་གླིང་སྟེང་ལ་ ཧ་ཅང་དར་རྒྱས་ འགྲོ་བཞིན་པའི་ཆོས་ལུགས་ཉག་ཅིག་ གི་གྲས་ཡིན། དེ་ཕྱིར་ཁོང་ནི་འཇིག་རྟེན་གྱི་ གནས་ལུགས་ལྟར་བཤད་ན་འཛམ་གླིང་སྟེ ང་མཚན་ཉིད་རིག་པའམ་ནང་སེམས་ཀྱི་ དཔལ་ཡོན་ལ་ཆེས་བྱས་རྗེས་མཐོ་བའི ་མི་སྣ་ཞིག་ཡིན།