ལྷ་ལྡན་འཕྲུལ་གྱི་གཙུག་ལག་ཁང་།
གཙུག་ལག་ཁང་འདི་ནི་བོད་ཀྱི་བཙན་ པོ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི ་བཙུན་དང། རྒྱ་བཟའ་འུན་ཤིང་ཀོང་ཇོ་ཁབ་ཏུ་ བསུས་རྗེས་བོད་ཀྱི་ངལ་རྩོལ་མི་ དམངས་ཀྱིས་གཙོ་བཞུགས་བྱས་ཏེ་སྤྱི ་ལོའི་དུས་རབས་བདུན་པའི་དུས་དཀྱི ལ་དུ་གསར་དུ་བསྐྲུན་པ་ནས་དབར་མི ་ལོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུ ས་ཡོད་པ་དང། དེའི་རིང་དུས་རབས་རིམ་ཅན་གྱི་ ནང་ཉམས་གསོ་རྒྱ་སྐྱེད་ཐེངས་མང་ བྱས་པ་བརྒྱུད་རིམ་བཞིན་ད་ཡོད་ཀྱི ་གཞི་ཁྱོན་འདི་ལྟར་ཆགས་པ་ཡིན།
ད་ལྟ་གཙུག་ལག་ཁང་ལྟེ་བ་ཐོག་ཚད་ གསུམ་དང་མཚམས་བཞི་ཟུར་ལྕོག་རྣ མས་བསྣན་ན་ཐོག་ཚད་བཞི་ཡིན་ཞིང་ སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ ་བཞི་མ་ཉིས་ཁྲི་ལྔ་སྟོང་ཡས་མས་ ཤིག་ཡོད་པ་དང་། ཕྱོགས་བཞིར་གསེར་ཟངས་ཀྱི་རྒྱ་ཕི བས་དང། ཁོ་ར་ཁོར་ཡུག་ཏུ་གསེར་ཟངས་ཀྱི་ མདའ་ཡབ་པུ་ཤུ་དང་བཅས་པ་གསེར་འོ ད་ཆེམ་ཆེམ་འཕྲོ་བས་ཀུན་ནས་བརྒྱ ན་ཅིང་བརྗིད་ཆགས་པར་གནས་ཡོད། གཙུག་ལག་ཁང་འདིར་ཇོ་ཁང་གཙོ་བོ་ བྱས་པའི་ལྷ་ཁང་བཅུ་ཕྲག་གཉིས་ལྷ ག་གི་ནང་ལ་ལི་མ་དང། གསེར་ཟངས། འཇིམ་པ་ལ་སོགས་པའི་སྐུ་བརྙན་ཆེ་ ཆུང་སྣ་ཚོགས་དང། སྟེང་ཤོད་བར་གསུམ་ཁྱམས་ར་དང་ བཅས་པར་གཞི་རྒྱ་ཆེ་བའི་ལྡེབས་རི ས་རྣམ་པ་སྣ་ཚོགས་བཅས་ཀྱིས་བྱུར་ བུར་གཏམས། ལྷ་ཁང་འདིའི་རྣམ་མང་བཟོ་བསྐྲུན་ གྱི་རིག་གནས་དངོས་པོའི་ཐོག་ནས་ བོད་ཀྱི་ངལ་རྩོལ་མི་དམངས་ནི་ལས་ ལ་བརྩོན་ཞིང། ཕུན་སུམ་ཚོགས་པའི་ཤེས་རིག་དང་ལྡ ན་པ་ཞིག་ཡིན་པ་གང་ལེགས་མཚོན་པ་ མ་ཟད། སྐྲུན་དངོས་འདི་ནི་རྒྱ་བོད་སྤུ ན་ཟླ་མི་རིགས་དབར་གནའ་རབས་ནས་ བཟུང་ཕན་ཚུན་འགྲོ་འོང་དང་མཐུན་ སྒྲིལ་མཉམ་ལས་ཡུན་རིང་བྱས་པའི་ ལོ་རྒྱུས་ཀྱི་དངོས་དཔང་ཞིག་ཡིན་ པའང་མཚོན་གྱི་ཡོད།
གཞི་རྩའི་གནས་ཚུལ།
བོད་ཡིག་གི་མིང་། ལྷ་ལྡན་འཕྲུལ་གྱི་གཙུག་ལག་ཁང་།
རྒྱ་ཡིག་གི་མིང་། 大昭寺
ཕྱི་ཡིག་གི་མིང་། Jokhang Temple/Qokang Temple
གནས་ཡུལ། བོད་ལྗོངས་ལྷ་ས་གྲོང་ཁྱེར།
བཞེངས་དུས། སྤྱི་ལོ་དུས་རབས་བདུན་པའི་ནང་།
དཀར་ཆག
1 གསར་དུ་བསྐྲུན་པའི་སྐོར།
2 གཙུག་ལག་ཁང་བསྐྲུན་པའི་དམིགས་ཡུ ལ།
3 ཕྱིས་ཀྱི་དར་རྒུད་སྣ་ཚོགས།
1 གསར་དུ་བསྐྲུན་པའི་སྐོར།
ལྷ་ས་གཙུག་ལག་ཁང་འདི་ནི། བཙན་པོ་སྲོང་བཙན་སྒམ་པོས་བོད་དུ ་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེ ལ་གཏོང་བའི་རྟེན་གཞིར་དམིགས་ནས་ བཙུགས་གནང་བ་ཞིག་ཡིན་པ་མ་ཟད། དེ་རྗེས་བཙན་པོ་མི་རྒྱུད་རིམ་ ཅན་གྱིས་ཆོས་ལུགས་རྒྱུན་འཛིན་བྱེ ད་པའི་གདུང་རྒྱུད་ཀྱི་ལྷ་ཁང་ལྟེ ་བ་འབའ་ཞིག་ཏུ་བརྩིས་པ་བཅས་མཚོ ན་གྱི་ཡོད། སྤྱི་ལོའི་དུས་རབས་བརྒྱད་པའི་ ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི ས་བསམ་ཡས་གཙུག་ལག་ཁང་བཞེངས་སྐ བས་བཙུགས་པའི་ཆོས་བརྩེགས་ཀྱི་རྡོ ་རིང་ཡི་གེར་བཙན་པོ་མེས་ཁྲི་སྲོ ང་བཙན་གྱི་རིང་ལ་ར་སའི་པེ་ཧར་ བརྩིགས་ཏེ་སངས་རྒྱས་ཀྱི་ཆོས་ མཛད་ཚུན་ཆད། བཙན་པོ་ཡབ་ཁྲི་ལྡེ་གཙུག་བཙན་གྱི ་རིང་ལ་བྲག་དམར་གྱི་ཀ་ཆུར་གཙུག་ ལག་ཁང་བརྩིགས་ཏེ་སངས་རྒྱས་ཀྱི་ ཆོས་མཛད་ཕན་ཆད་ཅེས་གསལ་བ་དང། སྤྱི་ལོའི་དུས་རབས་དགུ་པའི་དུས་ འགོ་ཚུགས་པའི་ཡས་མས་ཙམ་ལ་བཙན་པོ ་ཁྲི་ལྡེ་སྲོང་བཙན་གྱིས་སྐར་ཆུ ང་གཙུག་ལག་ཁང་བཙུགས་པའི་སྐར་ཆུ ང་རྡོ་རིང་ཡི་གེར། འཕྲུལ་གྱི་ལྷ་བཙན་པོ། མྱེས། ཁྲི་སྲོང་བཙན་གྱི་རིང་ལ། སངས་རྒྱས་ཀྱི་ཆོས་མཛད་དེ། ར་སའི་གཙུག་ལག་ཁང། ལས་སྩོགས་པ་བརྩིགས་ཤིང། དཀོན་མཆོག་གསུམ་གྱི་རྟེན་གཙུགས་ པ་དང། མྱེས་ཁྲི་འདུས་སྲོང་གི་རིང་ལ། གླིང་གི་ཁྲི་རྩེ་ལས་སྩོགས་པར། གཙུག་ལག་ཁང་བརྩིགས་ཏེ་དཀོན་མཆོ ག་གསུམ་གྱི་རྟེན་བཙུགས་པ་དང། དེ་མཚུངས་གཙུག་ལག་ཁང་གི་དཀར་ཆག་ ཏུ་མངའ་བདག་ཁྲི་རལ་གྱིས་འོད་ འཆང་རྡོ་དཔེ་མེད་བཀྲ་ཤིས་དགེ་ འཕེལ་གྱི་གཙུག་ལག་ཁང་བརྩིགས་པའི ་ཕུད་དུ་བཞེངས་པའི་ཚངས་པ་དང་བརྒྱ ་བྱིན་གྱི་སྐུ་ཞེས་གསལ་བ་སོགས་ ལོ་རྒྱུས་རྒྱས་པ་ཚང་མར་ཡང་དེ་ལྟ ར་འཁོད་པ་ཙམ་དུ་མ་ཟད། ལོ་རྒྱུས་ཀྱི་ཡིག་ཆ་དང་ཡོངས་སུ་ མཐུན་པའི་རིག་རྫས་ཀྱི་དངོས་པོ་ རྣམས་ད་ལྟའང་དངོས་སུ་གནས་ཡོད། གཞན་ཡང་རྒྱལ་རབས་ཡིག་ཚང་དང། ཆོས་འབྱུང་ཁག་གཅིག་ནང་སོ་སོར་ འདི་ལྟར་བྲིས་ཡོད་དེ། ཀོང་ཇོ་རྒྱལ་པོ་དང་མཇལ། ཡབ་ཡུམ་གསུམ་བློན་འབངས་དང་བཅས་ དགྱེས་ཤིང་དགའ་བ་སྤྱོད་དོ།། དེ་ནས་རྒྱལ་པོའི་ཐུགས་ལ་ལྷ་རྟེ ན་གསུངས་རབས་འདི་པ་བཞུགས་པའི་ གཙུག་ལག་ཁང་ཞིག་བཞེངས་དགོངས་ཞེ ས་པ་དང། དེ་ཡང་རྒྱལ་པོའི་ཞལ་ནས། བོད་འབངས་རྣམས་ངའི་ལྷ་ཁང་བཞེངས་ པའི་གྲོགས་བྱ་དགོས་སོ་ཞེས་བཀའ་ བསྩལ་པས་ཐམས་ཅད་ཡུལ་གྲུ་སོ་སོར་ འདུས་ནས། ལྷ་ཁང་རྩིག་པའི་འདུན་མ་བྱེད་དོ། །
2 གཙུག་ལག་ཁང་བསྐྲུན་པའི་དམིགས་ཡུ ལ།
གཙུག་ལག་ཁང་དེ་རྟེན་གཞིར་བཟུང་ སྟེ། སངས་རྒྱས་ཆོས་ལུགས་བོད་ཡུལ་ཀུན་ ལ་ཁྱབ་པ་བྱེད་རྒྱུ་དེ་རེད། འོན་ཀྱང་བསྟན་པ་ཕྱི་དར་གྱི་རྗེ ས་སུ་བྱུང་བའི་ལོ་རྒྱུས་ཆོས་འབྱུ ང་ཁག་གཅིག་ནང། གཙུག་ལག་ཁང་འདི་གསར་དུ་བསྐྲུན་ པའི་སྐོར་ལ་གོང་དང་མི་མཐུན་པའི་ བཤད་ཚུལ་སྣ་ཚོགས་ཤིག་འཁོད་པ་དེ་ དག་ལས་ཅུང་ཡོངས་གྲགས་ཆེ་བའི་བརྗོ ད་དོན་རྣམས་གོ་བདེ་བར་རགས་བསྡུ ས་བྱས་ན་འདི་ལྟར་ཏེ། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ ས་བློན་ཆེན་མགར་སྟོང་བཙན་དང་ཐོ ན་མི་སོགས་ལ་བལ་བཟའ་དང། རྒྱ་བཟའ་གཉིས་བཙུན་མོར་ལེན་རྒྱུ འི་སྐོར་གསུངས་པ་ལྟར་བློན་ཆེན་ རྣམས་དང་གཙོ་བོའི་མི་བདུན་བཅས་ གྲོས་བྱས་ནས་དེ་གཉིས་ཀ་བསུ་རྒྱུ ་ཐག་བཅད་ཅིང། ཐོག་མར་བལ་བཟའ་ཁྲི་བཙུན་བླངས་ པའི་རྫོངས་སྐྱེས་སུ་ཇོ་བོ་མི་ བསྐྱོད་རྡོ་རྗེ་དང། བྱམས་པ་ཆོས་འཁོར་སོགས་གདན་དྲངས་ ཏེ་བོད་དུ་འབྱོར་བ་དང། དེ་ནས་སླར་ཡང་ཐང་གོང་མའི་བུ་མོ་ རྒྱ་བཟའ་འུན་ཁྲེན་ཀོང་ཇོ་བཙུན་ མོར་བསུས་རྗེས་རྫོངས་སྐྱེས་སུ་ ཤཱཀྱ་མུ་ནེ་གནང་ནས་བོད་དུ་ཡོང། ཀོང་ཇོ་ལྷ་སར་འབྱོར་སྐབས་ཤཱཀྱ་ མུ་ནེ་འདྲེན་སའི་ཤིང་རྟ་ར་མོ་ཆེ འི་ཐང་དུ་བྱེ་འདམ་ནང་བྱིང་བ་ཇི་ ལྟར་བྱས་ཀྱང་འདོན་མ་ཐུབ་པར་བརྟེ ན། ཀོང་ཇོའི་སེམས་ལ་ཇི་ལྟར་ཡིན། ཅིའི་རྟགས་ཡིན་སྙམ་སྟེ་རྒྱའི་སྤོ ར་ཐང་བརྒྱད་ཅུའི་གབ་རྩེ་བཏིངས་ ནས། སྤྱིར་བོད་ཁམས་ཡོངས་ཀྱི་ས་དབྱི བས་ཆགས་ཚུལ་དང་། ཡང་སྒོས་ལྷ་སའི་ཉེ་འཁོར་གྱི་ས་ དཔྱད་ལེགས་ཉེས་ལ་བརྟག་པ་བྱས་ཏེ་ ཡུལ་གྱི་གནོད་པ་ཞི་བ་དང་རང་བཞི ན་གྱི་ཡོན་ཏན་དེ་རྒྱས་ཞིང་འཕེལ་ བར་བྱ་བའི་ཕྱིར་འོ་ཐང་གི་མཚེའུ་ བསུབས་པའི་སྟེང་དུ་གཙུག་ལག་ཁང་ ཞིག་བཞེངས་དགོས་པར་མཁྱེན། དེ་རྗེས་བལ་བཟའ་ཁྲི་བཙུན་གྱིས་ ཆོས་རྒྱལ་སྲོང་བཙན་གྱི་རྒྱབ་སྐྱོ ར་འོག་གཙུག་ལག་ཁང་གསར་བསྐྲུན་གྱི ་བྱེད་སྒོ་ཚུགས་ཤིང“འཕན་པོ་ནས་ ར་དཀར་མོར་ས་བཀལ་ནས་མཚོ་བསུབ” “དེའི་ཕྱི་ལོར་མཚོ་བསུབས་པའི་སྟེ ང་དུ་ཐིག་བཏབ་ནས་རྒྱ་གར་གྱི་གཙུ ག་ལག་ཁང་དཔེ་བྱས་ཏེ་གཟིངས་འབྲི ང་པོའི་ཚད་དུ་རྨང་གཏིངས” རྒྱ་བཟས་ཀྱང་རྒྱ་ཡུལ་ནས་ཤིང་བཟོ ་བ་དང། ལྷ་བཟོ་བ་མང་པོ་བོས་ནས་རྒྱ་སྟག་ ར་མོ་ཆེའི་ལྷ་ཁང་བཞེངས་པ་དེ་གཉི ས་ཀ་ཟླ་བ་བཅུ་གཉིས་ཀྱི་དུས་ཡུན་ ནང་མཉམ་དུ་ལེགས་པར་བསྐྲུན་ཟིན་ པ་དང་གཞན་ཡང་རྒྱ་བཟའ་ཀོང་ཇོའི་ རྩིས་ཁོག་ནས་བཤད་པའི་ཉེ་བའི་ས་ དགྲ་བཟློག་ཆེད། གཙུག་ལག་ཁང་འདིའི་ཤར་ལྷོར་རྡོ་ ལས་བསྐྲུན་པའི་དབང་ཕྱུག་ཆེན་པོ འི་རྟེན་དང། ལྷོ་ནུབ་ཏུ་རྡོ་བརྐོས་བྱ་ཁྱུང། ནུབ་ཏུ་རྡོའི་མཆོད་རྟེན། བྱང་དུ་རྡོའི་སེང་གེ་སོགས་ཀྱི་ ཁ་རྣམས་ཕྱོགས་དང་ཕྱོགས་མཚམས་སོ་ སོར་གཏད་དགོས་པར་བསྟན་པ་སོགས་ལོ ་རྒྱུས་ཀྱི་ཡིག་ཆར་བྲིས་པ་དང་ཡོ ངས་སུ་མཐུན་པ་ལྷ་ཁང་ལྟེ་བའི་བར་ ཁང་གི་ཕྱི་ལྡེབས་རྩིག་པའི་ངོས་ སུ་ད་ལྟའང་གནས་ཡོད། སྲོང་བཙན་སྒམ་པོས་རྒྱ་བལ་གྱི་རྒྱ ལ་པོ་གཉིས་ལས་བུ་མོ་སློང་སྐབས་ ཀྱི་ཁ་ཆད་བཙན་པར་བྱ་བའི་ཕྱིར་ གཙུག་ལག་ཁང་དེའི་སྒོ་ནུབ་དང། ར་མོ་ཆེ་ལྷ་ཁང་གི་སྒོ་ཤར་ལ་གཏད་ དུ་བཅུག་པ་སོགས་གསལ་ལོ། ། གཙུག་ལག་ཁང་གི་གཙང་ཁང་ལྟེ་བའི་ ནང་ད་ལྟ་ཇོ་བོ་སྐུ་རྒྱབ་ན་སྔ་སོ ར་གནས་པའི་སྐུ་འདི་ལ། འཇིམ་པ་ལས་གྲུབ་པའི་འཁོར་ཉེ་བའི ་སྲས་བརྒྱད་བཞེངས་སྟབས་སུ་བཞུ གས་པའི་བསྐོར་བ་དང། དེའི་གཡས་ངོས་ལྷ་ཁང་ནང་འཇིམ་པའི ་འོད་དཔག་མེད་འཁོར་ཉེ་སྲས་བརྒྱ ད་ཀྱིས་བསྐོར་བ། གཡོན་ངོས་ལྷ་ཁང་དུ་བལ་བཟའི་རྟེ ན་སྐལ་དུ་གྲགས་པའི་ལི་དམར་གྱི་ བྱམས་པ་ཆོས་འཁོར། འཁོར་འཇིམ་པའི་སྒྲོལ་མ་འཇིགས་པ་ བརྒྱད་སྐྱོབ་ཀྱིས་བསྐོར་བ། བྱང་ཕྱོགས་ཀྱི་གཙང་ཁང་དུ་དབུས་ མར་འཇིམ་པའི་ཐུགས་རྗེ་ཆེན་པོ་ བཅུ་གཅིག་ཞལ། འཁོར་བརྒྱད་ཀྱིས་བསྐོར་བ། ལྷོ་ཕྱོགས་ཀྱི་གཙང་ཁང་དབུས་མར། བལ་བཟའི་རྟེན་སྐལ་དུ་གྲགས་པའི་ ལི་མའི་ཇོ་བོ་མི་བསྐྱོད་རྡོ་རྗེ ། འཁོར་འཇིམ་སྐུ་བརྒྱད་ཀྱིས་བསྐོ ར་བ། སེང་ལྡེང་སྒོ་མོའི་ནང་གི་བྱང་ངོ ས་གནོད་སྦྱིན་ཁང་དུའཇིམ་སྐུ་ལྔ་ དང། ལྷོ་ངོས་ཀླུ་ཁང་ནང་འཇིམ་སྐུ་གསུ མ། ནུབ་ཕྱོགས་གཙང་ཁང་གི་དོད་དུ་བར་ ཁང་སྒོ་ཐོད་ཀྱི་ལྷ་ཁང་ནང་འཇིམ་ པའི་སངས་རྒྱས་རབས་བདུན་བཅས་བཞེ ངས་ཚུལ་གསལ་བ་ལྟར་སྐབས་དེར་ཁྱོ ན་བསྡོམས་ལྷ་ཁང་བརྒྱད་བཞེངས་པར་ སྣང། དེ་རྗེས་ར་སའི་ལྷ་ཁང་བཞེངས་པ་ དང་དུས་མཉམ་དུ་ར་མོ་ཆེའི་ལྷ་ཁང་ གསར་དུ་བསྐྲུན་ནས་སྐབས་ཤིག་རིང་ དེ་གར་བཞག་པ་དང། དེ་རྗེས་སྤོ་ཤུགས་བྱས་པའི་སྐོར་ ལ“མང་སྲོང་བཅུ་གསུམ་ཞེས་པས་རྒྱ ལ་ས་མཛད། རྒྱ་དམག་བོད་དུ་འོང་བའི་གཏམ་ གསན་ནས། སྟོན་པའི་སྐུ་ཚད་དགུངས་ལོ་བཅུ་ གཉིས་པ། ར་སའི་སྒོ་མོ་མེ་ལོང་ཅན་དུ་བཞུ གས། སྒོ་ལ་ཞལ་བ་བྱས་ཏེ་འཇམས་དབྱངས་ བྲིས”ཞེས་གསལ་བ་ལྟར་ན་སྲོང་བཙན་ གཤེགས་ནས་མང་སྲོང་མང་བཙན་ཁྲི་ལ་ འཁོད་མ་ཐག་པའི་སྐབས་སུ་རྒྱ་བོད་ དབར་འཁྲུག་རྐྱེན་ཞིག་ལངས་ཏེ་ཐང་ གི་དམག་དཔུང་བོད་དུ་འབྱོར་ལ་ཉེ་ བའི་གཏམ་ཐོས་པར་བརྟེན་རྒྱ་བཟའ་ ཀོང་ཇོས་འཁྱེར་ཡོང་བའི་ལྷོ་ངོས་ གཙང་ཁང་གི་རྟེན་གཙོ་ཇོ་བོ་མི་ བསྐྱོད་རྡོ་རྗེ་ར་མོ་ཆེར་སྤོ་ཚུ ལ་བཅས་གྲགས་པ་འདི་བཤད་ཚུལ་ཡོངས་ གྲགས་ཆེ་ཤོས་ཡིན།
3 ཕྱིས་ཀྱི་དར་རྒུད་སྣ་ཚོགས།
འདུས་སྲོང་མང་པོ་ཆེའི་སྐབས་སུ། སྤྱི་ལོའི་དུས་རབས་བདུན་པའི་ མཐའ་མཇུག་ཙམ་ལ་ལྷ་སར་མེས་ཀྱི་ དགོངས་དུས་མཆོད་པ་བཙུགས། ཞེས་གསལ་བས་སྲོང་བཙན་གཤེགས་པའི་ ལོ་དུས་ཀྱི་མཆོད་པ་ཞིག་འགོ་བཙུ གས་པ་དང། དུས་དེར་ལྷ་ཁང་འདིར་བཀུར་བསྟི་ དང་མཆོད་པ་བྱེད་པ་མ་ཟད། དཀོན་གཉེར་གྱི་རྒྱའི་ཧ་ཤང་ཡོད་ པའི་ལོ་རྒྱུས་འདུག དེ་ནས་ཁྲི་ལྡེ་གཙུག་བརྟན་འདས་རྗེ ས་ཀྱི་སྐོར་ལ། ཡབ་རྒྱལ་པོ་ཡར་འབྲོག་རྦ་ཚལ་དུ་ ཆིབས་སྒྲོན་པས་གྲོངས་པ་དང། རྒྱལ་བུ་ནར་མ་སོན་པས་ཞང་མ་ཞང་གྲོ མ་པ་སྐྱེས་ཆོས་བཤིག་པའི་ཚེ། ར་ས་པེ་ཧར་དུ་བཟོའི་གྲྭ་བགྱིས། སྐུ་གཟུགས་ཀྱི་ཕྱག་ལ་ལུག་ཁོག་ བཀལ། དེ་བཞིན་གཞན་ནའང“ལྷ་ས་པེ་ཧར་དུ་ བཟོ་གྲྭ་བགྱིས། བཤས་བྱས་ནས་ལྡེར་ཚོ་ལ་པགས་པ་གཡོ གས། ཕྱག་ལ་ནང་ཆ་དང་ལུག་ཁོག་བཀལ”ཞེས་ འཁོད་ཅིང་དེ་རྗེས་ཁྲི་སྲོང་ལྡེ་ བཙན་ཆེར་ལོངས་ནས་ར་ས་གཙུག་ལག་ ཁང་ཉམས་པ་གསོས་ཐོག་རྒྱ་ཆེར་བཏང་ པ་དང། སྐབས་དེར་སངས་རྒྱས་ཆོས་ལུགས་བོ ད་ཁུལ་ཡོངས་ལ་ཁྱབ། ཁྲི་སྲོང་གི་སྲས་མུ་ནེ་བཙན་པོ་ ཆོས་འཁོར་གསུམ་དུ་མཆོད་ཆེན་བཞི་ བཙུགས། སྲས་ཆུང་བ་ཁྲི་ལྡེ་སྲོང་བཙན་གྱི ་སྐབས“རྒྱལ་པོ་དེས་ཡབ་མེས་ཀྱི་ ཐུགས་དམ་ཞིག་རལ་གསོ་བ་དང། ར་སའི་ཁྱམས་ཁྲ་མོ་བཞེངས་པ་ལ་སོ གས་པའི་ཕྱག་རྗེས་མང་དུ་མཛད”ཅེས་ གསལ་ཞིང། གཞན་དུའང་ཁྲི་ལྡེ་སྲོང་བཙན་གྱི ས“སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ ལྷ་ཁང་བཞེངས་ཤིང། ར་སར་ཁྱམས་ཁྲ་བཟོས”ཞེས་གསལ། ཁྲི་གཙུག་ལྡེ་བཙན་གྱི་རིང་སངས་ རྒྱས་ཀྱི་ཆོས་ལུགས་དར་བར་བྱས་ པས་མ་ཚད། ཐ་ན་བྲེ་སྲང་དང་ཞོ་ཆ་ཚུན་རྒྱ་ གར་དབུས་འགྱུར་ཚུལ་དང་མཐུན་པར་ བཅོས། རབ་ཏུ་བྱུང་བ་རེ་ལ་འབངས་མི་ཁྱི མ་བདུན་བདུན་ཕུལ་ཞེས་གསལ་ཞིང། དེ་ཚེ་བློན་པོ་འགའ་དང་ཉང་བན་ཤའི ་སྤྱན་བཅས་སོགས་པས་ལྷ་སར་ཤར་དུ་ བཀར་རུ་དམེར་དུ། ལྷོར་དགའ་བ་དང་དགའ་བའི་འོད། ནུབ་ཏུ་བྲན་ཁང་དང་བྲན་ཁང་ཐ་མ་ལ་ སོགས་པའི་ལྷ་ཁང་བྱས་ཞེས་གསལ་བ་ བཅས་གང་ལྟར་སྤྱི་ལོ820ཡས་མས་ཙམ་ ལ་གཙུག་ལག་ཁང་འདིའི་མཐའ་སྐོར་དུ ་ལྷ་ཁང་ངམ་གྲྭ་ཁང་ཁག་ཅིག་གསར་སྐྲུ ན་བྱས་པར་མངོན་ཡང་དེང་སང་ཤར་ངོ ས་སུ་རྨེ་རུ་རྙིང་པ་ཟེར་བའི་མི ང་ཙམ་བསྡད་པ་ལས་གཞན་རྣམས་སྔ་ས་ ནས་ཐོར་ཞིག་གམ་བཟོ་བཅོས་རྒྱ་སྐྱེ ད་ཁོངས་ཚུད་པས་དུས་ཕྱིས་བསྡད་མེ ད། དེ་རྗེས་བཙན་པོ་དར་མ་འུ་དུམ་ བཙན་གྱི་སྐབས། “པཎ་ཌི་ད་ན་ཤི་ལའི་ཉེ་གནས་ཁ་ཆེ་ ཨུདྤལས་གསེར་དངུལ་གྱི་བྱམས་པ་ མཆེད་བཞི་བཞེངས། དེའི་ཚེ་སད་སེར་དང་ཡམས་ནད་འབྱུ ང་བས་ཆོས་བྱེད་པ་བཀྲ་མི་ཤིས་སོ་ ཞེས་དེ་ལ་བསྙད་བཏགས་ནས་སངས་རྒྱ ས་ཀྱི་བསྟན་པ་བསྣུབས། གཙང་ཁང་གི་སྒོ་རྩིག་ནས་བཙུན་པ་ ཆང་འཐུང་བའི་རི་མོ་བྲིས་ཏེ་བཞག ལྷ་ས་བསམ་ཡས་གཉིས་ཀར་དུ་དང་པོར་ བཤས་ཁང་བྱས། ཕྱི་ཝ་ཚང་དང་སྤྱང་ཚང་བཅས”ཞེས་ གསལ་བ་ལྟར་སྐབས་དེ་ནས་བཟུང་ཉམས་ རྒུད་ཆེ་ཙམ་བྱུང་བར་གྲགས། དེའི་དུས་ཚོད་ནི་སྤྱི་ལོ་ 847ཙམ་ལ་ཡིན་པ་བཅས་ད་ཕན་ལོ་ཆིག་ སྟོང་བརྒྱ་ལྷག་གི་གོང་བོད་དུ་ བསྟན་པ་སྔ་དར་དུས་རབས་ནང་ལྷ་ཁང་ འདིར་འགྱུར་ལྡོག་ཇི་ལྟར་བྱུང་ བའི་ལོ་རྒྱུས་ཡོངས་གྲགས་ཆེ་བ་ མདོར་བསྡུས་ཙམ་བཀོད་ཟིན་ཏོ། ། གཉིས་པ། ལྷ་ས་གཙུག་ལག་ཁང་འདིར་རྒྱ་སྐྱེ ད་དང་གཞི་རྒྱ་ཅུང་ཆེ་བའི་ཉམས་ གསོ་བྱ་རིམ་གྱི་སྐོར། བོད་དུ་བསྟན་པ་ཕྱི་དར་འགོ་ཚུགས་ པའི་རྗེས་སུ་རིམ་བཞིན་སྤྱི་ལོའི ་དུས་རབས་བཅུ་གཅིག་པའི་ནང་དུ། སྟོད་མངའ་རིས་ཟངས་དཀར་ནས་ཡིན་ པའི་སྒྲ་སྒྱུར་ལོ་ཙཱ་བ་འཕགས་པ་ ཤེས་རབ་ཀྱིས་མདོལ་ཆུང་སྐོར་དཔོ ན་བྱ་བ་དང་མཉམ་དུ་ལྷ་ཁང་འདིར་ བཟོ་བཅོས་དང་ཉམས་གསོ་ཆེ་ཙམ་བྱས་ འདུག དེ་ཡང་། ཟངས་དཀར་ལོ་ཙཱ་བས་ཤར་གྱི་གློ་ འབུར་སྐྱེད་ཅིང། ནང་དུ་སྐུ་གཟུགས་མང་དུ་བཞེངས་ཞེ ས་གསལ་བ་ལྟར་སྐབས་དེར་གཙུག་ལག་ ཁང་ལ་ཉམས་གསོ་བྱས་པའི་ལོ་རྒྱུས་ ཀྱང་ཕལ་ཆེར་བོད་རབ་བྱུང་དང་པོའི ་མེ་འབྲུག་ 1076 ལོའི་ཡས་མས་ཙམ་ཡིན་པར་སྣང། དེ་རྗེས་གཙུག་ལག་ཁང་འདིར་རིམ་ བཞིན་སྨད་འདུལ་གྱི་སྡེ་བཞི་ཟེར་ བའི་གྲྭ་ཚང་བཞི་ཆགས་ནས་སྐབས་ཤི ག་གི་རིང་དགོན་པའི་རྣམ་པར་གྱུར་ ཞིང་ཡང“ར་སར་ཀླུ་མེས་ཟ་རགས་འབི ང་ཆོ་སྟེ་སྨད་འདུལ་གྱི་སྡེ་བཞི་ ཆགས་ནས་བཤད་ཉན་དང། ཕྱིས་རྦ་འབྲིང་གི་སྡེ་འཁྲུག་བྱུ ང་བས་གཙུག་ལག་ཁང་གི་མཐའ་བསྐོར་ རྣམས་དམག་གིས་ཞིག ཉམས་དམས་པའི་ཚེ་རྗེ་སྒོམ་པ་ཚུལ་ ཁྲིམས་སྙིང་པོ་ (1116ནས1169)བྱོན་ ནས་སྡེ་འཁྲུག་བསྡུམས། སླར་ཁྱམས་ཁྲ་བར་སྐོར་སོགས་ཀྱི་ ཐོག་རྩིག་པ་རི་མོ་སོགས་ཐམས་ཅད་ གཞིག་ནས་བཅོས”ཞེས་དང། ཡང“དེ་ནས་འདྲེ་སྲིན་གདུག་པ་ཅན་ འཁྲུག་ནས་ལྷ་ས་འཕྲུལ་སྣང་གཙུག་ ལག་ཁང་མེས་བསྲེགས། རེ་ཧྲུལ་དུ་སོང་ནས་གསོ་མཁན་མེད། ལྷ་ས་སྡེ་བཞི་འཁྲུག་པ་ཤོར་ནས་དེ འི་སྡུམ་ལ་བྱོན། རེ་ཧྲུལ་སྟོང་པ་དེར་བཞུགས། འཕྲུལ་སྣང་གི་ལྕགས་རི་དང། སྐོར་ཁང་དང། སྤེན་བད་དང་ཞལ་བ་ལ་སོགས་པའི་ ཞབས་རྟོགས་མང་དུ་མཛད”ཅེས་སོགས་ གསལ་ཡང་རབ་བྱུང་གསུམ་པའི་མེ་ཕག་ 1167 ལོར་ཉམས་གསོ་ཟིན་པ་དེར་བལྟས་ན་ ལྷ་ཁང་ལྟེ་བར་གཏོར་བཤིག་འཁེལ་ཡོ ད་བཟོ་མི་འདུག དྭགས་པོ་སྒོམ་ཚུལ་གྱིས་ལྷ་ཁང་ ཉམས་གསོ་གནང་ཟིན་རྗེས་ར་སའི་གཙུ ག་ལག་ཁང་གཉིས་སློབ་མ་དམ་པ་ཞང་རི ན་པོ་ཆེ་ལ་གཏད་ཅེས་གསལ་བ་ལྟར་ལྷ ་ཁང་འདི་དང་ར་མོ་ཆེ་གཉིས་ཀ་གུང་ ཐང་བླ་མ་ཞང་བརྩོན་འགྲུས་གྲགས་ པར་བདག་གཉེར་དགོས་པའི་མངགས་བཅོ ལ་གནང་བ་བཞིན་བླ་མ་ཞང་གིས་ལྷ་ལྡ ན་སྤྲུལ་པའི་གཙུག་ལག་ཁང་གི་ཞབས་ འདེགས་སུ་རབ་བྱུང་གསུམ་པའི་ཤིང་ ལུག་ 1175 ལོར་ཚལ་དང། མེ་ལུག་ 1187 ལོར་གུང་ཐང་གི་གཙུག་ལག་ཁང་བཏབ་ ཅེས་འཁོད་པ་ལྟར་དགོན་པ་དེ་གཉིས་ ནས་གྲྭ་པ་འདེམས་སྒྲུག་གིས་གཙུག་ ལག་ཁང་དང་ར་མོ་ཆེར་དཀོན་གཉེར་ མངགས་གཏོང་སོགས་བདག་གཉེར་ཚགས་སུ ་ཚུད་པ་མཛད་ཅིང། དེ་རྗེས་བླ་མ་ཞང་གཤེགས་ནས་དེའི་ སློབ་རྒྱུད་དང་ཚལ་པ་ཁྲི་དཔོན་མི ་རབས་རིམ་ཅན་གྱིས་གཙུག་ལག་ཁང་ འདིའི་བདག་གཉེར་རྒྱུན་རིང་བྱས། ཡོན་རྒྱལ་རབས་སྐབས། ཚལ་པ་ཁྲི་དཔོན་མི་རབས་རིམ་ཅན་གྱི ས་ལྷ་ཁང་འདིར་ཉམས་གསོ་དང། བཟོ་བཅོས་ལྷ་སྐུ་གསར་བཞེངས་སོ གས་རིམ་པར་བྱས་འདུག དེ་ཡང་བླ་མ་ཞང“དེའི་ཉེ་གནས་ཚལ་ དཔོན་དར་མ་གཞོན་ནུ་ལ་སོགས་པ་རི མ་པར་བྱུང་བ་རྣམས་དང། ཕྱིས་བློན་པོ་མགར་གྱི་མི་རྒྱུད་ ཚལ་དཔོན་སངས་རྒྱས་དངོས་གྲུབ་ཕྱི ས་མི་རྒྱུད་ལ་འཇགས་པ་རྣམས་ཀྱིས་ ཆོས་རྒྱལ་ཡབ་ཡུམ་གྱི་སྐུ་བཞེངས་ པ་དང། སྒོ་ཁང་ཕྱི་མ། སྒོ་སྲུང་མ་མགོན། སེང་ལྡེང་སྒོ་གླེག་དང་བཅས་པ་ཕུ ལ”ཞེས་གསལ། མིང་རྒྱལ་རབས་ཁྲི་ལོ་ཧུང་ཝུ་ཡི་ དུས་དཀྱིལ་ཙམ་ལ་རྗེ་ཙོང་ཁ་པ་བློ ་བཟང་གྲགས་པས་སྡེ་སྲིད་ཕག་མོ་གྲུ ་པར་ཞུ་བསྐུལ་མཛད་དེ་ལྷ་ས་གཙུག་ ལག་ཁང་འདིར་ཉམས་གསོ་རྒྱ་སྐྱེད་ གཞི་ཁྱོན་ཆེ་ཙམ་ཞིག་གནང་འདུག དེ་ཡང“སྡེ་སྲིད་རིན་པོ་ཆེས་ཀྱང་ སྣེའུ་པ་ནམ་མཁའ་བཟང་པོ་དང་བྲག་ དཀར་བ་སོགས་སྐྱིད་ཕན་གྱི་རྫོང་ གཉེར་རྣམས་ལ་ཆོས་ཀྱི་རྒྱལ་པོ་ཙོ ང་ཁ་པའི་བཀའ་བཞིན་སྒྲུབ་ཏུ་བཅུ ག་སྟེ་ཉང་སེར་སྨན་རི་ནས་དོ་མོ་ ཆེས་ཐོག་དྲངས་ཁྱམས་དང་བར་སྐོར་ གྱི་རྡོ་གཅལ་བརྗེས། གནས་གཡེང་རྡོ་རྗེའི་ར་བ་བཅུ་གཉི ས། ཐོག་མཐུད་ཀ་བ་བཅུ། ཁྱམས་ཀ་བ་བཅུ་རྣམས་སྣེའུ་རྫོང་ པ་ལ་བཀའ་གནང་སྟེ་བསྒྲུབས”ཞེས་ གསལ་བ་ལྟར་ལྷ་ཁང་ཉམས་གསོའི་ལས་ གྲྭ་མཇུག་འགྲིལ་མཚམས་རྗེ་ཙོང་ཁ་ པས་བོད་རབ་བྱུང་བདུན་པའི་ས་གླང་ 1409 ལོར་ཤཱཀྱ་མུ་ནེར་གསེར་གྱི་དཔྲོ ག་ཞུ་ཕུལ་ནས་ལོངས་སྐུའི་ཆ་བྱད་ དུ་བསྒྱུར་པ་དེ་ནས་བཟུང་ཇོ་བོ་ རིན་པོ་ཆེ་ཞེས་པའི་ཐ་སྙད་ཆགས་ཤི ང། བྱང་ཤར་གཡུང་དྲུང་ཁུག་ཏུ་རྡོ་སྐ ས་ཀྱི་འགོར་ཙོང་ཁ་པ་རང་གི་སྣང་ བརྙན་རྗེ་ང་འདྲ་མ་ཟེར་བའང་གསར་ དུ་བཞེངས། ས་གླང་བོད་ཟླ་དང་པོར་ཆོ་འཕྲུལ་ དུས་ཆེན་དང་བསྟུན་ནས་གྲྭ་བཙུན་ སྟོང་ཕྲག་འགའ་ཤས་ཞུགས་པའི་སེར་ ཚོགས་ཆེན་པོ་ཞིག་སྐོང་འཚོགས་དང། ཚེས་བཅོ་ལྔའི་ནུབ་མོ་ལྷ་ཁང་གི་ ནང་དང་བར་སྐོར་གྱི་ཁྲོམ་ལམ་བཅས་ པར་གཏོར་མ་དང་མེ་འབོར་ཆེན་ཞིག་ སྒྲིག་འབུལ་བཅས་གནང་བ་དེ་ནས་བཟུ ང་ལོ་ལྟར་བོད་ཟླ་དང་པོར་གྲྭ་པ་ སྟོང་ཕྲག་དང་སྟོང་ཕྲག་འདུ་བའི་ ལྷ་ས་སྨོན་ལམ་ཆེན་མོ་དང་བཅོ་ལྔ་ མཆོད་པ་ཞེས་པ་སོགས་ཀྱི་སྲོལ་གཏོ ད་དེ་རིམ་བཞིན་འཕེལ་རྒྱས་སུ་གྱུ ར། ལྷ་ས་གཙུག་ལག་ཁང་འདིར་གཞི་རྒྱ་ ཆེ་བའི་ཉམས་གསོ་རྒྱ་སྐྱེད་དང་རྒྱ ས་སྤྲོས་ཆེ་ཤོས་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོ ད་ཀྱི་སྲིད་དབང་བཟུང་བ་ནས་འགོ་ ཚུགས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་ མཚོས་དབང་འཛིན་བྱེད་པའི་བར་ལོ་ ངོ་བཅུ་ཕྲག་བཞི་ཙམ་གྱི་རིང་ལ་རི མ་བཞིན་བཟོ་སྐྲུན་བྱེད་བཅུག་པ་ དེ་ཡིན། ཐོག་མར་རབ་བྱུང་བཅུ་གཅིག་པའི་ཆུ ་རྟ་ 1642 ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་ པས་སོག་པོ་གོ་ཤྲིའི་དྲག་དཔུང་སྟོ བས་ཤུགས་ལ་བརྟེན་ནས་གཙང་པ་སྡེ་ སྲིད་གཏོར་ཕམ་བཏང་མ་ཐག་ལྷ་ས་གཙུ ག་ལག་ཁང་གི་ཁྱམས་ར་ཆེན་མོ་དང། གཞུང་སྒོ་ཕྱི་མའི་སྒོ་མཆོར་བཅས་ སྔར་དང་མི་འདྲ་བ་ཞིག་རྒྱས་སྐྲུ ན་བྱེད་པའི་ལས་གྲྭ་བཙུགས་ཤིང། ལོ་ངོ་གསུམ་ཡང་མ་འགོར་བར་རབ་བྱུ ང་བཅུ་གཅིག་པའི་ཤིང་བྱ་ 1645 ལོར་ལེགས་བསྒྲུབས་ཟིན། 《ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ གི་དཀར་ཆག་ཤེལ་དཀར་མེ་ལོང》ཞེས་ པའང་ལོ་དེ་རང་ལ་རྩོམ་སྒྲིག་འགྲེ མས་སྤེལ་མཛད་འདུག ལྷ་ས་བླ་བྲང་ཞེས་གྲགས་པ་དེ་ནས་ བཟུང་གཙུག་ལག་ཁང་འདི་ཉིད་ས་གནས་ སྲིད་གཞུང་གིས་ཐད་ཀར་བདག་གཉེར་ བྱེད་པའི་ཁོངས་གཏོགས་གལ་ཆེ་ཞིག་ ཏུ་འགྱུར་བ་བྱས་པ་དང། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ ལྔ་པའི་ཇུས་བཀོད་ལྟར་སྡེ་སྲིད་ བསོད་ནམས་ཆོས་འཕེལ་གྱིས་ལས་གྲྭ འི་བསྐུལ་བསྡོམས་མཛད་དེ་རྒྱ་ཁྱ བ་ནས་ལག་ཤེས་བཟོ་རིགས་དང་འུ་ལག་ འབོར་ཆེན་ཞིག་སྐོང་འགུག་གིས་གཙུ ག་ལག་ཁང་ལྟེ་བའི་ཐོག་བརྩེགས་གསུ མ་པར་གཞི་རྒྱ་ཆེ་བའི་བཟོ་བཅོས་ བྱས་ཐོག ཡང་སྟེང་ཤར་ཕྱོགས་ཀྱི་གསེར་ཟངས་ རྒྱ་ཕིབས་རྙིང་པ་དེ་གསར་དུ་བརྗེ ས་པ་དང། ནུབ་ཕྱོགས་སུ་སྔར་ཡོད་རྫ་གཡམ་གྱི ་རྒྱ་ཕིབས་དང་ལྷ་ཁང། འཁོར་ཡུག་གི་མདའ་ཡབ་དེ་སྔ་རྫ་ གཡམ་ལས་བཟོས་པ་ཡོངས་རྫོགས་གསེར་ ཟངས་ཀྱིས་བརྗེས་པ་མ་ཟད། ད་དུང་ལྷོ་ཕྱོགས་སུ་རྒྱ་ཕིབས་ གསར་དུ་བཀལ་སྟེ་ཕྱོགས་བཞི་ཀར་ གསེར་ཟངས་ཀྱི་རྒྱ་ཕིབས་ཆ་མཚུངས་ སུ་ཡོད་པ་དང། མཚམས་བཞིར་ཟུར་ལྕོགས་བཞི་བསྐྲུ ན་ཐོག་སོ་སོར་གསེར་ཟངས་ཀྱི་གཉྫི ར་རེ་གསར་འཛུགས། ཁོ་ར་ཁོར་ཡུག་གི་མདའ་ཡབ་པུ་ཤུ་ དང་བཅས་པ་གསེར་ཟངས་ཀྱིས་ལེགས་སྒྲི ག་དང་བཅས་གནང་བར་བརྟེན། ལྷ་ཁང་ལྟེ་བའི་དབྱིབས་ལ་འགྱུར་ ལྡོག་མངོན་གསལ་ཅན་ཐོན་ཞིང། གང་སར་གསེར་འོད་འཕྲོ་བའི་བརྗིད་ ཆགས་མཛེས་ཉམས་ལྡན་པ་འདི་འདྲ་ཞི ག་རབ་བྱུང་བཅུ་གཅིག་པའི་མེ་ཕག་ 1647 ལོ་ལ་ལེགས་བསྒྲུབས་ཟིན་འདུག དེ་རྗེས་བོད་ལྕགས་བྱི་ 1660 ལོར་ལྡེ་སྲིད་སངས་རྒྱས་རྒྱ་མཚོ ས་གཙུག་ལག་ཁང་ལྟེ་བའི་འོག་ཐོག་ སྔར་ཡོད་ལྷ་ཁང་ཁག་བར་གྱི་ལྷ་ཁང་ སྟོང་པ་རྣམས་བར་ལམ་ལྷ་སའི་གནས་ ཁག་གི་སྒེར་འཛིན་བྱེད་པ་དེ་དག་ བཏོན་པའི་ནང་སོ་སོར་དགའ་ལྡན་ལྷ་ ཁང་དང། སྤྱན་རས་གཟིགས་ལྷ་ཁང། ཚེ་དཔག་མེད་ལྷ་ཁང། ཆོས་རྒྱལ་ལྷ་ཁང(རྒྱུན་གཏན་ཐུགས་ སྨོན་ལྷ་ཁང)ཟེར་བ་སོགས་འཇིམ་སྐུ ་བརྙན་སྣ་ཚོགས་བཞེངས་ཏེ་ཚང་མ་ལྷ ་ཁང་དུ་གྱུར་པ་ཡིན། བོད་ཆུ་ཡོས་ 1663 ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ འི་སྐབས་ལྷ་ཁང་ལྟེ་བའི་སྐོར་ལམ་ གསར་བཅོས་དང་ཉམས་གསོ་བྱས་ཤིང། བོད་ཤིང་འབྲུག་ 1664 ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་ པས་སྐོར་ལམ་ནང་སོགས་ཀྱི་ལྡེབས་ རིས་བྱང་ངོས་སུ་ཕལ་པོ་ཆེའི་ཞིང་ ཁམས་རྒྱ་མཚོ་དང། ཤར་ངོས་སུ་འབུམ་གྱི་གླེང་གཞི་སོ གས། ལྷོ་ངོས་སུ་ཆོ་འཕྲུལ་གྱི་བཀོད་ པ་ཞེས་འདི་དག་གསར་དུ་འབྲི་འགོད་ བྱེད་དུ་བཅུག་ཅིང། དུས་མཚུངས་གཞུང་སྒོ་ཕྱི་ནང་གཉི ས་ཀྱི་བར་དུ་འཇིམ་བརྙན་རྒྱལ་ཆེ ན་བཞི་གསར་དུ་བཞེངས། གཙུག་ལག་ཁང་བྱང་ཕྱོགས་ཀྱི་རྒྱ་ ཕིབས་དེ་སྔོན་པཎ་ཆེན་རིན་པོ་ཆེ་ སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱ ན་གྱིས་ཉམས་གསོ་གནང་ཡོད་ཀྱང། གསེར་མདོག་ཉམས་པས་གཞན་ལག་དང་ཆ་ མི་མཚུངས་པར་བརྟེན་ཏཱ་ལའི་བླ་མ་ སྐུ་ཕྲེང་ལྔ་པས་བོད་ལྕགས་ཁྱི་ 1670 ལོར་རྒྱ་ཕིབས་གཞན་དང་གཞི་མཚུངས་ པའི་བསྐྱར་གསོ་བྱེད་བཅུག་པ་གནང། དེ་སྔོན་ལྷ་ས་སྨོན་ལམ་ཆེན་མོ་ འཚོགས་སྐབས་རྩེ་རྣམ་རྒྱལ་གྲྭ་ ཚང་དཀྱིལ་འཁོར་མཐིལ་དུ་འཚོགས་པ་ ལས་ཟུར་དུ་འདུ་ཁང་མེད་སྟབས། བོད་ཆུ་བྱི་ 1672 ལོར་སྡེ་སྲིད་བློ་བཟང་མཐུ་སྟོ བས་ཀྱིས་བླ་བྲང་ཁོངས་སུ་འདུ་ཁང་ གསར་བསྐྲུན་བྱེད་བཅུག སྐོར་ལམ་ཕྱོགས་ཀྱི་ཤར་ལྷོ་བྱང་ བཅས་པའི་ཁང་པ་ཚང་མའང་ཏཱ་ལའི་བླ་ མ་ལྔ་པ་གཤེགས་རྗེས་རིམ་པས་ལྷ་ ཁང་དུ་གྱུར་པ་བཅས་མདོར་ན། གོང་གསལ་དུས་མཚམས་དེའི་ནང་ལྷ་ས་ གཙུག་ལག་ཁང་གི་རྒྱ་ཁྱོན་དང་རྣམ་ པ་གང་ཅིའི་ཐད་འགྱུར་ལྡོག་ཆེ་ཤོ ས་བྱུང་སྟེ་གཞི་རྩའི་ཆ་ནས་ད་ཡོ ད་ཀྱི་བཟོ་དབྱིབས་འདི་ཆགས་པ་ཡི ན། དེ་རྗེས་རབ་བྱུང་བཅུ་གསུམ་པའི་ ཆུ་བྱ་ 1753 ལོ་ལ་བོད་ས་གནས་ཀྱི་ཆོས་སྲིད་ འགན་དབང་ཏཱ་ལའི་བླ་མ་སྐུ་ཕྲེང་ བདུན་པ་བསྐལ་བཟང་རྒྱ་མཚོར་ཕུལ་ བ་དང། བཀའ་བློན་མི་གྲངས་བཞི་བསྐོ་གཞག་ བྱས་ཏེ། བོད་ས་གནས་ཀྱི་སྲིད་དབང་ལས་ཁུ ངས་བཀའ་ཤག་ཟེར་བ་འཚོགས་ཡུལ་གཙུ ག་ལག་ཁང་གི་ལྷོ་ཕྱོགས་སུ་བཙུགས་ པ་དང། དེ་ནས་རིམ་བཞིན་ཤར་ཕྱོགས་སུ་རྩི ས་ཁང་ལས་ཁུངས་དང། ནུབ་ཕྱོགས་སུ་བླ་བྲང་ཕྱག་མཛོད། བྱང་ཕྱོགས་སུ་བཤེར་ཁང་ལས་ཁུངས་ སོགས་ས་གནས་སྲིད་གཞུང་གི་ལས་ཁུ ངས་མང་པོ་ཞིག་རིམ་བཞིན་ལྷ་ཁང་ འདིའི་ཕྱོགས་བཞི་མཚམས་བརྒྱད་ལ་ བཙུགས་ཡོད། ལྷ་ཁང་ལྟེ་བའི་སྐོར་ལམ་གྱི་ཤར་ ལྷོ་བྱང་གསུམ་ཁོར་ཡུག་གི་ལྡེབས་ བྲིས་དང་གསུམ་ཐོག་གི་བར་ཁྱམས་ལྡེ བས་བྲིས་རྣམས་ནི་ཐོག་མ་བོད་རབ་ བྱུང་བཅུ་གསུམ་པའི་ཆུ་ཡོས་ 1783 ལོ་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱ ད་པ་འཇམ་དཔལ་རྒྱ་མཚོའི་སྐབས་ གསར་དུ་བཀོད་འདུག་པ་རྣམས་ད་ལྟ འང་དེ་བཞིན་དུ་ཡོད། དེ་མིན་མི་དབང་ཕོ་ལྷ་བ་བསོད་ ནམས་སྟོབས་རྒྱས་དང་ཏཱ་ལའི་བླ་མ་ སྐུ་ཕྲེང་བརྒྱད་པ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་ པ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་ པ་བཅས་སོ་སོའི་སྐབས་སྔར་ཡོད་ལྡེ བས་རིས་ལ་ཚོན་གསོལ་དང། ཉམས་གསོ་ཁ་ཤས་གནང་བ་བཅས་ཞིབ་ཕྲ་ གཞུང་སྒོའི་སྒོ་མཆོར་གཡས་གཡོན་ གྱི་དཀར་ཆག་ནང་འཁོད་པ་ལྟར་ལྷ་ ཁང་གི་བཟོ་དབྱིབས་ཐད་རྩ་བའི་ཆ་ ནས་འགྱུར་ལྡོག་ཆེ་རིགས་བྱུང་མེ ད། དཀྱིལ་འཁོར་སྡིངས་ཀྱི་ཆའི་ཐོག་ ཡོད་པའི་བྱམས་པ་ཆོས་འཁོར་མ་ཞལ་ བྱང་གཟིགས་འདི་ནི་མི་དབང་ཕོ་ལྷ་ བསོད་ནམས་སྟོབས་རྒྱས་ཀྱིས་རབ་བྱུ ང་བཅུ་གཉིས་པའི་མེ་འབྲུག་ 1736 ལོ་ལ་བཟོ་སྐྲུན་བྱེད་བཅུག་པ་དང། དེའི་མདུན་ངོས་སུ་ཡོད་པའི་སྤྱན་ རས་གཟིགས་ཕྱག་སྟོང་སྤྱན་སྟོང་ འདི་ནི་རྡོ་རིང་ནོ་ཡོན་པཎ་ཌི་ཏ་ དངོས་གྲུབ་རབ་བརྟན་གྱིས་རབ་བྱུ ང་བཅུ་གསུམ་པའི་ཤིང་རྟ་ 1774 ལོའི་ནང་བཞེངས་བཅུག་པ། དེ་བཞིན་སྡིངས་ཆའི་གཤམ་དུ་ཡོད་ པའི་གསེར་ཟངས་ཀྱི་བྱམས་པ་སྟེགས་ བཞུགས་ཆུང་བ་འདི་ནི་རྡོ་རིང་བསྟ ན་འཛིན་དཔལ་འབྱོར་གྱིས་རབ་བྱུང་ བཅུ་གསུམ་པའི་ཤིང་སྦྲུལ་ 1785 ལོ་ལ་བཞེངས་བཅུག་འདུག དེའི་ཤར་དུ་ཟངས་ཀྱི་བྱམས་པ་སྟེ གས་བཞུགས་ཆེ་བ་འདི་ནི་ཏཱ་ལའི་བླ ་མ་སྐུ་ཕྲེང་བརྒྱད་པའི་སྐབས་ཀྱི ་གསོལ་དཔོན་དགེ་ལེགས་རྒྱལ་མཚན་ ཞེས་པས་རབ་བྱུང་བཅུ་གསུམ་པའི་ས་ ལུག་ 1799 ལོ་ལ་བཞེངས་བཅུག་པ་ཡིན། ཏཱ་ལའི་བླ་མ་བཞུགས་ཡུལ་བླ་བྲང་ སྟེང་ཁང་སྐོར་ལ་བཟོ་བཅོས་དང་ ཉམས་གསོ་ཐེངས་ཁ་ཤས་བྱས་ཡོད་ཅིང། གཞི་རྒྱ་ཆེ་ཤོས་ནི་རབ་བྱུང་བཅུ་ དྲུག་པའི་ལྕགས་སྟག་ 1950 ལོར་བྱང་ངོས་ཀྱི་ཁང་སྐོར་ཕལ་ཆེ ར་རྨང་ནས་བཤིག་སྟེ་བསྐྱར་བཟོ་བྱེ ད་བཅུག་པ་དེ་ཡིན། ཚོགས་གཟིགས་གཟིམ་ཆུང་ཟེར་བ་འདི་ ཡང་དེ་དུས་གསར་སྐྲུན་བྱས་པ་ཡིན། ལྷ་ས་གཙུག་ལག་ཁང་གསར་དུ་བསྐྲུན་ པ་ནས་ད་བར་དུས་ཡུན་ཧ་ཅང་རིང་པོ་ སོང་བར་བརྟེན་ལྷ་ཁང་ལྟེ་བའི་ལྷོ ་རྒྱུད་དང་ནུབ་རྒྱུད་ཀྱི་རྩིག་ པར་གས་སྐྱོན་ཤོར་ཡོད་པ་མ་ཟད། ཤིང་ཆ་འགའ་ཞིག་ཀྱང་འབུས་བཟོས་རྐྱེ ན་སྟེང་ཤོད་གང་སར་དེ་སྔ་ནས་ཉེན་ ཀ་མང་པོ་བརྒྱབ་ཡོད་ཅིང། ལི་བརྒྱ་ཕྲག་ཁ་ཤས་ཀྱི་གོང་རྒྱས་ བསྐྲུན་བྱས་པའི་དཀྱིལ་འཁོར་སྡི ངས་ཀྱི་ཀ་རིང་རྣམས་དང་གཞུང་སྒོ འི་སྒོ་མཆོར་ཀ་གདུང་གིས་གཙོས་ པའི་ཤིང་ཆ་ཁག་གཅིག་ཀྱང་རུལ་སྐྱོ ན་ཚབས་ཆེ་བ་བཅས་ཁང་ཁུངས་ཁག་གཅི ག་གཅོང་ཟོམ་གང་འཚམས་ཆགས་པ་དང། ལྷག་པར་དུ་མི་བཞི་ཤོ་ཁག་གི་གཡོ ན་ཐལ་ལམ་ཕྱོགས་སྨྱོ་ཧམ་ཆེ་བའི་ སྐབས་སུ་གཙུག་ལག་ཁང་གི་ལྷ་ཁང་ ཕལ་ཆེར་ལ་གཏོར་བཤིག་ཚབས་ཆེན་ཕོ ག་ཡོད་ཀྱང་རིག་གསར་རྗེས་ཏང་ཀྲུ ང་དབྱང་གི་བྱམས་བརྩེའི་ཐུགས་ཁུ ར་འོག་རྒྱལ་ཁབ་ནས་འགྲོ་གྲོན་སྒོ ར་ཁྲི་བརྒྱ་ཕྲག་གཏོང་གནང་དང། རྒྱ་ཆེའི་བཟོ་པ་ལག་ཤེས་པ་ཚོས་ དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ ད་ལྟ་ལྷ་ཁང་འདིར་ཉམས་གསོ་དང་སྲུ ང་སྐྱོབ་འདི་ལྟ་བུ་ཐོབ་ནས་ང་ཚོ ས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེ ད་སྐབས་ཀྱི་དཔང་རྟགས་གལ་ཆེ་ཞིག་ ཏུ་གྱུར་ཐོག་རྒྱལ་ཁབ་ཕྱི་ནང་གི་ བལྟ་སྐོར་བ་མང་པོ་བལྟ་སྐོར་བྱེ ད་སའི་རྟེན་གནས་མཆོག་ཏུ་གྱུར་པ་ ཞིག་ཀྱང་ཆགས་པ་རེད།