འོལ་ཁ་སྟག་རྩེ་རྫོང་གི་གནའ་ཤུལ་ མཇལ་བ།
མཁས་དབང་ར་སེ་དཀོན་རྒྱམ།
འོལ་ཁ་སྟག་རྩེ་རྫོང་ཞེས་པ་འདི་ ནི་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲ གས་འབར་མྱོང་བའི་རྫོང་ཆེན་ཅིག་ ཡིན་འདུག་སྟེ། དེ་ཉིད་གནས་ཡུལ་འོལ་ཁ་ཞེས་པ་འདི ་ནི་བོད་ཀྱི་ཆེས་གནའ་བོའི་ས་མི ང་ཁོངས་སུ་གཏོགས་པ་མ་ཟད། དེ་འབྲེལ་གྱི་བོད་ཀྱི་ལོ་རྒྱུས་ རིང་མོའི་མགོ་ཁུངས་སུ་གྱུར་པ་ཅི ག་ཀྱང་ཡིན་ལ། ད་ལྟ་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོ ང་ཞོལ་པ་སྡེ་ཤོག་གི་ཞོལ་བ་གྲོང་ ཚོའི་འགྲམ་དུ་གནས་ཡོད་ལ། ཞོལ་པ་ཞེས་པ་ནི་འོལ་ཁ་སྟག་རྩེ་ རྫོང་གི་ཞོལ་དུ་གནས་པའི་ཆ་ནས་ཐོ གས་པ་ཅིག་ཡིན་འདུག་གོ།
བོད་ཀྱི་གནའ་བོའི་ལོ་རྒྱུས་འཆད་ སྐབས་ས་བཅད་དང་པོར། སྟོད་ཀྱི་ལྷ་རབས་ཞེས་པ་དེ་ཉིད་ ཡིན་ལ། སྟོད་ལྷ་རབས་བཤད་དུས་བོད་ཀྱི་སྲི ད་པ་ཆགས་པའི་ལྷ་དགུ་དང་། རྗེ་ཡི་མགུར་ལྷ་བཅུ་གསུམ་སོགས་ ཀྱི་རྣམ་གཞག་གླེང་དུས། སྲིད་པ་ཆགས་པའི་ལྷ་དགུ་ཞེས་པའི་ སྲིད་པའི་ལྷ་རྒན་དེ་དག་གི་ཡབ་ཆེ ན་འོལ་དེ་གུང་རྒྱལ་ཞེས་པ་དེ་ཉི ད་དང་ངོ་བོ་གཅིག་ཏུ་གྱུར་བའི་སྲི ད་པའི་གངས་རི་ཆེན་པོ་འོལ་དེ་གུ ང་རྒྱལ་ཞེས་པ་སྙན་པ་ཕྱོགས་ཀུན་ ཏུ་འཕུར་བ་དེ་ཉིད་ཀྱང་འོལ་ཀའི་ ལྗོངས་ཏེ། འོལ་ཁ་སྟག་རྩེ་རྫོང་གི་ལྷོ་ངོས་ ཀྱི་ས་འཛིན་ཕྲེང་བ་གངས་ཀྱིས་ལ་ ཐོད་སྤྲས་པ་འདི་ཉིད་ཡིན་པས། དེ་འབྲེལ་ཡ་ཐོག་སྲིད་པའི་ལོ་རྒྱུ ས་མང་པོ་གཏམ་རྒྱུད་ཀྱི་ཚུལ་དུ་ མེས་པོ་ཚོའི་བྱུང་རབས་བསྙད་དུ་ ཡོད་ལ། དེ་བཞིན་སྤུར་རྒྱལ་གོང་གི་རྒྱལ་ ཕྲན་སིལ་མའི་སྐབས་སུ་ཡུལ་འདི་ཉི ད་ཀྱང་རྒྱལ་ཕྲན་ཅིག་ཡིན་པས། ཏུན་ཧོང་ཡིག་ཚངས་ན་ས་ཁོངས་དང་རྒྱ ལ་བློན་སོགས་གསལ་པོར་འཁོད་ཡོད་ པས་ཤེས་ཐུབ་པ་ཡིན་ཞིང་། དེར་འོལ་ཕུ་སྤང་མཁར་ན།ཞེས་མཁར་ གྱི་མིང་བཀོད་འདུག་པས། ཕྱིས་ཀྱི་སྟག་རྩེ་རྫོང་ཡང་གནའ་ བོའི་མཁར་ཤུལ་ཐོག་བསྐྲུན་པའི་ ངང་ཚུལ་མངོན་པར་གསལ་ཡོད་དོ། །
བོད་ཀྱི་སྲིད་རབས་སུ་གསལ་བའི་ ཕག་གྲུའི་སྲིད་རབས་ཀྱི་ཏའི་སི་ ཏུ་བྱང་ཆུབ་རྒྱལ་མཚན་གྱི་སྐུ་རི ང་ལ་བརྩིགས་པའི་རྫོང་ཆེན་བཅུ་ གསུམ་གྱི་གྲས་ཡིན་པར་སྣང་། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ ་དབྱངས་ལས། ཕག་གྲུའི་སྐབས། གོང་དཀར། བྲག་དཀར། སྣེའུ། འོལ་ཁ་སྟག་རྩེ། བསམ་འགྲུབ་རྩེ། ལྷུན་གྲུབ་རྩེ། རིན་སྤུངས་སོགས་དབུས་གཙང་འཛིན་ མའི་ལྟེ་བའི་ས་མདུད་རྣམས་ལ་རྫོ ང་ཆེན་བཅུ་གསུམ་བརྩིགས། ཞེས་གསལ་བའི་ཕྱིར། རྫོང་འདི་ཉིད་ལ་ལོ་རྒྱུས་ཡུན་རི ང་ལྡན་པས། རྫོང་དང་འབྲེལ་བའི་ལོ་རྒྱུས་ མཚར་དུ་དངར་བ་ཅིག་དང་། བརྗོད་པས་མི་ལང་བ་ཅིག་ཡོད་པར་ངེ ས་པས། ཞིབ་ཆ་ནི་ལོ་རྒྱུས་ཞིབ་ཆ་སྨྲ་བ་ རྣམས་ཀྱི་སྤྱོད་ཡུལ་ཉག་གཅིག་གོ །
ད་ལྟ་རང་རེའི་མིག་ལམ་དུ་སྣང་བའི ་འོལ་ཀ་སྟག་རྩེ་རྫོང་སྟེ། གནའ་བོའི་མིང་མ་ཉམས་པར་གནས་པའི་ སྤང་མཁར་ཆུ་ཚན་སོགས་ནད་ཀྱི་གདུ ང་བ་སེལ་བའི་འོལ་ཀའི་ཆུ་ཚན་ཁག་ གི་སྙན་པ་རྣ་ལམ་དུ་ཐོས་པས་ཡིད་ རབ་ཏུ་བསྐུལ་ཏེ། བྱང་ངོས་མལ་དྲོ་གུང་དཀར་རྫོང་གི ་མལ་དྲོའི་ཕུ་ཡི་མལ་དྲོ་གཟི་ཆེ ན་ནམ་གཟི་བྱིན་བླ་མཚོ་དང་དེ་ལས་ འབབས་པའི་མལ་དྲོའི་མ་ཆུ་དལ་གྱི ས་རྒྱུ་བའི་ཡུལ་གྱི་ལྷོ་ངོས། ཟངས་རི་རྫོང་ཁོངས་འོལ་ཁ་ལུང་པ་ སྟེ། ཞོལ་པ་སྡེ་ཤོག་གི་གཞུང་དུ་མཆིས་ པའི་ཆུ་ཚན་གྱི་འཕྲོད་བསྟེན་ལ་རོ ལ་བའི་ཚེ་ན། ལོ་ངོས་དེར་ཀུན་གྱི་འདྲེན་བྱེད་ ལམ་དུ་ཞོལ་བ་གྲོང་ཚོའི་ནུབ་སྣེ། བྲག་རྡོག་གི་རྩེར་བརྩིགས་པའི་ གནའ་ཤུལ་མཁར་རོ་འདི་ནི་འོལ་ཁ་སྟ ག་རྩེ་རྫོང་ཞེས་པ་དེ་ཉིད་ཡིན་ འདུག་གོ །
ཁོ་བོས་འོལ་ཁ་ཆུ་ཚན་དུ་འདུ་བ་སྙོ མས་པར་ཕྱིན་པའི་ཚེ་ན། རིང་པོ་རྣ་ལམ་དུ་ཐོས་པའི་འོལ་ཁ་ སྟག་རྩེ་རྫོང་ཞེས་པ་དེ་ཉིད་ཐུང་ ངུ་མིག་ལམ་དུ་མཇལ་བའི་ཚེ་ན། ཆེད་དུ་འགྲམ་དུ་བཅར་བའི་ཚེ་ན་ གནའ་བོའི་བོད་ཀྱི་རྫོང་མཁར་གྱི་ ཨར་ལས་ལག་རྩལ་གྱི་ཐུན་མིན་གྱི་ རྩིག་རྩལ་ཁྱད་ཆོས་ངོ་མཚར་བ་མཐོ ང་བས། འཐོར་ཞིག་ཏུ་སོང་བའི་རྫོང་མཁར་ གྱི་ལྷག་རོ་སྟེ། ཤར་ལྷོའི་ཕྱོགས་ཀྱི་རྩིག་པའི་གྲུ ་ཟུར་འདི་ཉིད་ཁོ་ནས་ཀྱང་འདས་དོ ན་སྤྱི་དང་ཨར་ལས་ཀྱི་ལག་རྩལ་དང་ འཆར་འགོད་སོགས་ཕྱོགས་མང་པོ་ནས་ མེས་པོ་ཚོའི་དུས་བསྟུན་གྱི་རྣམ་ དཔྱོད་ཀྱི་རྩལ་བདེ་བླག་ཏུ་མཇལ་ ཐུབ་པས། དུས་རབས་སོ་སོའི་མང་ཚོགས་ཀྱི་ ལག་ཤེས་ཀྱིས་ཡིད་དབང་འཕྲོག་པའི་ དཔལ་ཡོན་མངའ་བར་རྟོགས་པར་ནུས་ པར་སྣང་ངོ་། །
རང་རྒྱལ་གྱི་གནའ་དཔྱད་རིག་པར་ མཐོང་ཆེན་གནང་སྟེ་མི་སྣ་མང་པོ་ གསོ་སྐྱོང་དང་གནའ་རྫས་དང་གནའ་ཤུ ལ་ལ་སྲུང་སྐྱོབ་རབ་དང་རིམ་པ་ གནང་ཞིང་། བོད་ལྗོངས་སུ་སྒུལ་བའི་རིག་དངོ ས་དང་། སྒུལ་མི་རུང་བའི་རིག་དངོས་ཡོངས་ བཤེར་ཐེངས་གསུམ་གནང་སྟེ། སྲུང་སྐྱོབ་ཐད་ལ་མ་དངུལ་འབོར་ཆེ ན་གནང་བ་སོགས་བཀའ་དྲིན་བསྐྱངས་ ཡོད་པ་ལ། གནའ་མཁར་གྱི་ཤུལ་འདི་དང་རྩིག་པ་ འདི་དག་ནི་སྒུལ་མི་རུང་བའི་རིག་ དངོས་འཁྲུལ་མེད་ཡིན་འདུག་པས། གནའ་ཤུལ་འདིར་ལྗོངས་གྲོང་རྫོང་ རིམ་པ་གང་རུ་ཡིན་དགོས་པ་དང་། སྲུང་སྐྱོབ་ཀྱི་རིམ་པ་གང་ཡིན་ དང་། ཚན་པ་གང་གིས་དུས་ཚོད་ག་དུས་གསལ་ བསྒྲགས་བྱས་ཚུལ་གསལ་བའི་རྡོ་བྱ ང་བཙུགས་པ་ཅིག་ཡོད་ཐང་བ་ལ། གནའ་ཤུལ་ལ་བསྐོར་བ་བརྒྱབ་ཀྱང་མི ག་ལམ་དུ་མ་འཁེལ་བ་ཡིན་ནམ་གང་ལྟ ར་མ་མཇལ་བས། གང་ཡིན་ནམ་སྙམ་པའི་ཡ་མཚན་ཀྱང་སྐྱེ ས་བྱུང་ངོ་། །༢༠༢༢ ༧ ༡༢


