འབའ་ར་དཀར་བརྒྱུད་དང་དེའི་སྲོལ་ འབྱེད་སུ་ཡིན་མཁྱེན་ནམ།
སྤོས་ཁང་ སྒྲོལ་བཟང་།

འབའ་ར་བ་རྒྱལ་མཚན་ དཔལ་བཟང་།
སྟོད་འབྲུག་བསྟན་པའི་རྒྱུད་འཛི ན་འབའ་ར་བ་རྒྱལ་མཚན་དཔལ་བཟང་མཆོ ག་ནི་འབའ་ར་དཀར་བརྒྱུད་ཀྱི་སྲོ ལ་འབྱེད་ཡིན། ཁོང་ནི་གཙང་གཡས་རུ ་ཤངས་ཀྱི་ཆབ་ལུང་པར་དཔོན་འབུམ་ ཞེས་པའི་མི་ཆེན་དེ་དང་ཡུམ་བསོད་ ནམས་འབུམ་གྱི་སྲས་སུ་རབ་བྱུང་ལྔ ་པའི་ལྕགས་ཁྱི་སྤྱི་ལོ་ 1310 ལོ ར་བལྟམས། དེང་ཤངས་རྣམ་གླིང་རྫོང་མཁར་རྩེ་ ཡུལ་ཤོག་ཆབ་གྲོང་ཚོ་ཡིན། རུས་རྒྱ ། བྱིས་པའི་དུས་ནས་བྱམས་དང་སྙི ང་རྗེ་ཆེན་པོ་མངའ།
དགུང་ལོ་བཅོ་ལྔར་ཆོས་གྲྭ་ཆེན་པོ ་བོ་དོང་ཨེར་བླ་མ་དཔལ་ལྡན་སེང་ གེ་པས་མཁན་པོ་མཛད། བླ་མ་བཟང་པོ་པས་སློབ་དཔོན་མཛད་ ནས་རབ་ཏུ་བྱུང་། མཚན་རྒྱལ་མཚན་དཔལ་བཟང་པོར་གསོལ། བླ་མ་བྱང་ཆུབ་བཟང་པོའི་དྲུང་དུ་ བྲོས་ནས། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་ སྦྱོར་ཞུས་ཏེ་བསྒོམས་པས། བླ་མ་མཉེས། བླ་མ་རིན་ཆེན་དཔལ་བཟང་དྲུང་དུ་ བསྙེན་པར་རྫོགས། བདེ་མཆོག་རིམ་ལྔ་དང་སྦྱོར་དྲུག་ གི་ཁྲིད་རྣམས་ཞུས། སྐུ་མཚམས་དམ་པོ་བཅད་ནས་བསྒོམས་ པས། ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐུགས་ ལ་འཁྲུངས་ཤིང་། གདམས་ངག་གི་མཐའ་ཆོད་པར་མཛད། ཟུར་ཕུག་(1263-1330)པའི་སྙན་པ་ གསན་པས་བ་སྤུ་གཡོ་བའི་མོས་གུས་ ཚད་མེད་པས་ཉེར་གཅིག་ལ་ལ་སྟོད་ཤྲཱི ར་འབད་པ་ཆེན་པོས་བྱོན། རི་ཆོས་གསུང་བ་དང་ཁེལ་བས། རྟེན་འབྲེལ་འགྲིགས་གསུངས་ནས། རྒྱལ་བ་ཡང་དགོན་པའི་རི་ཆོས་སྐོ ར་གསུམ་དང་། ཕྱག་ཆེན་དང་། ནཱ་རོའི་ཆོས་དྲུག་གི་ཁྲིད་གེགས་ སེལ། མན་ངག ཞལ་གདམས་དང་བཅས་པ་ཐམས་ཅད་ཟླ་བ་ བདུན་གྱི་རིང་ལ་གནང་། ཆོས་དྲི་གཏུགས་ལ་བླ་མ་ཤིན་ཏུ་ མཉེས། སྲས་ཀྱི་དམ་པར་མཛད་ནས། སྔར་གཞན་ལ་མ་གནང་བའི་གདམས་ངག་ ཟབ་ལ་མང་བ་བསྩལ། ཀརྨ་པ་རང་བྱུང་རྡོ་རྗེ་དང་བུ་སྟོ ན་ཆོས་རྗེ། སྒྲོ་མོན་པ་ཅན་ལ་སོགས་པའི་བླ་མ་ རྣམས་ལས་ཁྲིད་ཞུས་པ་ཙམ་གྱིས་དེ་ དག་དོན་ཇི་ལྟ་བ་བཞིན་ཐུགས་ལ་འཁྲུ ངས་བཀའ་དྲིན་ཆེ་བ་ནི་ཟུར་ཕུག་པ་ ཁོ་ན་ལ་མཛད། ལོ་ཉི་ཤུ་ཙམ་དབུ་སྔས་ལ་མ་བཞག་ པར། སྒོམ་སྒྲུབ་དོས་དྲག་ལ་སྙུགས་རི ང་བ་མཛད་པས། ཉམས་རྟོགས་མཐར་ཕྱིན་ཅིང་། ལྷག་ལྷའི་ཞལ་གཟིགས། མངོན་མཁྱེན། བསམ་གྱིས་མི་ཁྱབ་པ་མངའ། དབུས་གཙང་དང་ལྷོ་མོན་སོགས་རི་ཁྲོ ད་ཕྱོགས་མེད་དུ་བྱོན་བཞུགས་མཛད་ དུས་མྱང་ཡུལ་སྤོས་ཁང་རྟ་ལམ་ཕུག་ པར་ཡང་བཞུགས་པ་འདྲ།


མྱང་ཆོས་འབྱུ ང་ལས། སྤོས་ཁང་གི་མདའ་ན་འབའ་ར་བ་རྒྱལ་ མཚན་དཔལ་བཟང་གི་སྒྲུབ་པ་མཛད་པའི ་ཕུག་པ་རྟ་ལམ་ཞེས་པ་གསལ་བ་འདིར་ སྐྱེས་མཆོག་དམ་པ་འབའ་ར་བ་རྒྱལ་ མཚན་དཔལ་བཟང་གི་སྒྲུབ་པ་མཛད་པའི ་སྒྲུབ་ཕུག་རྟ་ལམ་ཞེས་ལྷ་སའི་ ཤར་ངོས་ཀེའུ་ཚང་རི་ཁྲོད་དང་འདྲ་ བར་བྲག་རི་གཡང་ཟར་ཅན་གྱི་སྟེང་ ངོ་མཚར་ཅན་གྱི་རྟ་ལམ་དགོན་པ་ཡོ ད། དགོན་པའི་གཤམ་དང་གཡས་གཡོན་ལྕོ ངས་བྲག་བྲག་ལ་སྒོམ་ཁང་མང་པོ་ཡོ ད། སྤོས་ཁང་སྒང་ལྷོའི་གཤམ་ནས་བལྟས་ ཚེ་སྨོན་སྐྱིད་དགོན་པའི་རྒྱབ་རི འམ་རྟ་ལམ་དགོན་པའི་རི་དབྱིབས་ནི ་སེང་གེའི་དབྱིབས་ཅན་ཞིག་འདྲ་པོ ་ཡོད།དེང་པ་སྣམ་རྫོང་བྱང་སྟོད་ ཡུལ་ཤོག་དགེ་འཕེལ་གྲོང་ཚོ་དང་པོ ར་ཡོད། འབྲུག་པ་དཀར་བརྒྱུད་ཀྱི་སྐྱེས་ མཆོག་དྲིན་ཆེན་རྩ་བའི་བླ་མ་གཙང་ ཤར་ཕྱོགས་དགའ་ལྡན་རིན་པོ་ཆེ་སྤོ ས་ཁང་དགོན་པས་གདན་འདྲེན་སྐབས་རྟ ་ལམ་ཕུག་པ་འདི་ནི་ཤིན་ཏུ་རྩ་ཆེ ན་རེད་ཅེས་ཡར་ལམ་ཁྲུས་གསོལ་རབ་ གནས་ཀྱང་ལན་མང་མཛད། རྟ་ལམ་གྱི་གཤམ་དུ་ཡོད་པའི་སྨིན་ དགོན་དུ་ཡང་སྐྱེས་མཆོག་འབའ་ར་ བའི་གསུང་གསར་བསྒྲིགས་པོད་ཆེན་ བཅུ་བཞི་བཞུགས་ཡོད།

ཕྱིས་སུ་ཤངས་འབའ་རའི་བྲག་དཀར་ དགོན་ཞེས་བྱ་བའི་རི་ཁྲོད་ཕྱག་ བཏབ་སྟེ་བཞུགས་པས་མཚན་ཡང་འབའ་ར་ བ་ཞེས་གྲགས། འབའ་རའི་རི་རྩེར་ཡང་དབེན་དོན་གྲུ བ་སྡིངས་དང་ལ་དྭགས་འབར་ལྡན་དགོ ན་ཕྱག་བཏབ། རྗེ་བླ་མ་ཙོང་ཁ་པས་ཀྱང་འབའ་ར་བ་ དེ་སྐྱོ་ཤས་ཅན་ཞིག་འདུག་པས་དེའི ་སྟོབས་ཀྱིས་ངེས་འབྱུང་དང་སྐྱོ་ ཤས་དྲག་པོ་འཁྲུངས་པ་མ་ཟད་ཚེ་འདི འི་སྣང་ཞེན་ཆུང་དུ་སོང་ཞེས་གསུ ངས། སྟོན་སྒོམ་གངས་ཀྱི་འདྲ་བ་ཞེས་ བསྔགས་བརྗོད་ཚད་མེད་གནང་བ་མ་ཟད་ ཕྱག་ཆེན་ཡང་ཞུས་འདུག ཀུན་མཁྱེན་པདྨ་དཀར་པོས། སྟོད་འབྲུག་གི་མ་རྐང་འབའ་ར་བ་ལ་ ཐུག་ཅེས་བསྔགས་བརྗོད་མཛད། མཐར་ལྷོ་སྤ་གྲོ་འབྲང་རྒྱས་སྟེང་ དུ། གྱ་གསུམ་པ་རབ་བྱུང་བདུན་པའི་ལྕ གས་ལུག་སྤྱི་ལོ 1391 ལོའི་ཆོ་འཕྲུལ་ཆེན་པོ་རྟའི ་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་སུ ་ངོ་མཚར་བའི་རྟགས་དང་བཅས་ཞི་བར་ གཤེགས། འབའ་ར་བའི་གསུང་འབུམ་ད་ལྟའི་ཆར་ བཞུགས་པ་ནི། འཇིག་རྟེན་ཁམས་ཀྱི་རྣམ་བཤད་ཀྱི་ དཀའ་འགྲེལ་དང་། ཀུན་མཁྱེན་དོལ་བུའི་བུ་ཆེན་བརྒྱ ད་ལ་ལན་ཕྱོགས་ཏུ་བཏབ་པ་ངེས་དོན་ གསལ་བྱེད་སོགས་གསུང་པོད་ཆེན་བཅུ ་བཞི་བཞུགས། དེང་ཡང་ཀུན་མཁྱེན་བསྟན་པ་རབ་རྒྱ ས་མཆོག་ནས་འཆད་ཁྲིད་གནང་བས་འཕྲི ན་ལས་ཆེ། སློབ་མ་ཡང་སྟོད་ན་གྲགས་ཆེ་བ་ཤཱ ཀྱ་དཔལ་བཟང་། སྨད་ན་གྲགས་ཆེ་བ་ཆོས་རྗེ་ནམ་ལེ གས་པ། དབུས་གཙང་ན་གྲགས་ཆེ་བ་ཐུགས་སྲས་ ནམ་མཁའ་སེང་གེ་དང་གཙང་པ་བློ་གྲོ ས་བཟང་པོ་སོགས། སློབ་བརྒྱུད་ཀྱིས་བོད་ཡུལ་ཀུན་ བཀང་། གདན་ས་ནི་གཙོ་བོ་དབོན་རྒྱུད་ཀྱི ས་བཟུང་ཤངས་ཀྱི་འབའ་ར་དགོན་བཏབ་ རྗེས་གྲོ་མོ་བཀའ་བརྒྱུད་དགོན་ པར་ཡང་མཛད་རྗེས་མང་དུ་མཛད། ཡུལ་འདིའི་བཤད་སྲོལ་ལ། ཤངས་ཀྱི་འབའ་ར་དགོན་པར།། རྟོགས་ཕོ་བརྒྱ་དང་རྟོགས་མོ་བརྒྱ ། །ཟེར་བ་ལྟར་དགོན་དེ་ནས་གྲུབ་པ་ ཐོབ་པའི་རྟོགས་ལྡན་ཕོ་མོ་ཁྱད་ པར་ཅན་མང་པོ་བྱུང་། ཡང་དར་དུས་བསྐྱར་བཞེངས་མེད་པར་ ལུས་པ་ལས་དེའི་གོང་ལ་དགོན་སྡེ་ ཡོད་འདུག དགོན་ལག་ནི་གྲོ་མོ་བཀའ་བརྒྱུད་ དགོན་དང་གདོང་དཀར་ཆོས་ལུང་དགོན་ ཡིན། ད་ལྟའི་ཆར་དགོན་ཤུལ་དེར་ཆུ་མིག་ ཁྱད་པར་ཅན་ཞིག་ཡོད་པ་དང་བྲག་རི་ གཡང་གཟར་ཅན་གྱི་སྟེང་ན་གྱང་རོའི ་ཤུལ་རྒྱ་ཆེ་ཙམ་ཞིག་མཇལ་རྒྱུ་ཡོ ད། འབའ་ར་དགོན་གནས་ཡུལ་ནི་རྣམ་གླི ང་རྫོང་མཁར་རྩེ་ཡུལ་ཚོའི་རྩེ་ལྷ ་གྲོང་ཚོར་ཡོད། ཕྱིས་སུ་འབའ་རའི་སྤྲུལ་སྐུ་ནམ་ མཁའ་རྒྱལ་མཚན་(1475-1530)སྤྲུལ་ སྐུ་ཀརྨ་གསལ་བྱེད། སྤྲུལ་སྐུ་རིན་ཆེན་བསྟན་པའི་ གསལ་བྱེད་(1658-1696)སོགས་བྱོན་ མྱོང་ཡོད་ཏོ། །
གཞན་ཡང་རིན་སྤུངས་རྫོང་ཁུལ་དུ་ རྗེ་འབའ་ར་བའི་དགོན་པ་འབྲང་རྒྱ ས་དགོན་ཞུ་བ་ཞིག་ཀྱང་ཕྱག་བཏབ་པ་ འདྲ་སྟེ་དེ་ཡང་ཇོ་ནང་ཏཱ་ར་ནཱ་ཐ་ དང་དུས་མཉམ་པའི་བླ་མ་གྲགས་པ་རྒྱ ་མཚོའི་རྣམ་ཐར་ལས། རིན་ཆེན་སྤུངས་སུ་བྱོན་དེར་ཡང་ ཆོས་མཛད་མགྲོན་གཉེར་ཕྱག་མཛོད་སོ གས་སྐྱ་སེར་མང་པོར་འདོད་ཆོས་ཀྱི ་ཚིམས་པར་མཛད་ནས་རིན་སྤུངས་དགོ ན་པའི་གདན་ས་རང་དུ་ཕེབས་ཤིང་བཞུ གས་པ་ལ། ཡང་དཔོན་སློབ་རྡོར་འཛིན་པས་གདན་ འདྲེན་ཞུས་པར་བསྟེན་རྗེ་འབའ་ར་ བ་རྒྱལ་མཚན་དཔལ་བཟང་པོའི་གདན་ས་ འབྲང་རྒྱས་དགོན་པར་བྱོན། དེར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི ་དབང་ལུང་དང་ཕྱག་རྡོར་དྲེགས་འདུ ལ་གྱི་དབང་ལུང་། དུས་འཁོར་གྱི་དབང་ལུང་ཚེ་ཁྲིད་ སོགས་གནང་ནས་དེའི་དབྱར་ཁ་ཆོས་སྐྱོ ང་རྩེར་བཞུགས་བཀའ་བརྒྱད་བདེ་གཤེ གས་འདུས་པའི་དབང་ལུང་ཡོངས་རྫོ གས་དང་བདེ་དགྱེས་དུས་འཁོར་སོགས་ ཀྱི་རྒྱུད་སྡེའི་ལུང་གནང་། དེ་ནས་ཡང་མཚམས་བྲག་ཆོས་རྗེ་བའི་ གདན་ཞུས་ལྟར་ཕེབས། དེར་ཀུན་མཁྱེན་ཆེན་པོ་ཏཱ་ར་ནཱ་ ཐས་མཛད་པའི་བདེ་བར་གཤེགས་པའི་རྣ མ་ཐར་དང་། གཙང་མཁན་ཆེན་ནམ་སྤོས་ཁང་མཁན་ཆེ ན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོས་ མཛད་པའི་སྟོན་པའི་རྣམ་ཐར་དང་མགུ ར་འབུམ་སོགས་དང་བཀའ་གདམས་ཕ་ཆོས་ བུ་ཆོས་ཀྱི་ལུང་སོགས་བསྩལ་ཞེས་ གསུངས་འདུག དེས་ན་སྐྱེས་བུ་དམ་ པ་འབར་ར་བའི་རྣམ་ཐར་མཇལ་རྒྱུ་དེ ་གལ་ཆེན་དུ་མཐོང་ནས་ཕུག་པ་རྟ་ ལམ་གྱི་མདའ་སྨིན་དགོན་དུ་སྐྱེས་ པའི་སྤོས་ཁང་སྒྲོལ་བཟང་གིས་ ༢༠༢༢/༩/༢༨ གུས་པས་ཕུལ།