ལ་སྟོད་ཀྱི་མཛའ་གླུ་ཕབ་བསྒྲིགས་དང་དཔྱད་བརྗོད།

ལ་སྟོད་ཀྱི་མཛའ་གླུ་ཕབ་བསྒྲིགས་དང་དཔྱད་བརྗོད།
༄༅། །ཨཱཙཱརྱ་ཨག་ལོ་ལགས་ཀྱིས་ཕབ་བསྒྲིགས་དང་དཔྱད་བརྗོད་གནང་བའི་དེབ་གསར་ <<ལ་སྟོད་ཀྱི་མཛའ་གླུ་ཕབ་བསྒྲིགས་དང་དཔྱད་བརྗོད།>> ཅེས་པའི་ནང་རྩ་བའི་སྡེ་ཚན་གཉིས་འདུག དེ་ཡང་སྡེ་ཚན་དང་པོའི་ནང་མཛའ་གླུ་ཞེས་པའི་ཐ་སྙད་དང་མཛའ་གླུའི་བྱུང་རིམ། དེ་བཞིན་ལ་སྟོད་མི་མང་གིས་དེ་དག་ཇི་ལྟར་བཀོལ་སྤྱོད་བྱེད་ལུགས། མཛའ་གླུའི་བརྗོད་བྱ་རྗོད་བྱེད་ཀྱི་སྒྱུ་རྩལ་སོགས་ཀྱི་སྐོར་ཤོག་ངོས་ ༡༤༠ ཡས་མན་གྱི་དཔྱད་བརྗོད་ཀྱི་སྡེ་ཚན་ཞིག་དང་།
སྡེ་ཚན་གཉིས་པའི་ནང་ལ་སྟོད་ཁུལ་གྱི་དམངས་ཁྲོད་དང་ངག་རྒྱུན་མཛའ་གླུ་སྟོང་ཕྲག་གཅིག་ཙམ་ཞིག་ཕབ་བསྒྲིགས་གནང་ཞིང་། དེ་དག་ཀྱང་ཉེ་གླུ་དང་རྒྱང་གླུ་སོགས་ལེའུ་ཆེན་པོ་གསུམ་དུ་ཕྱེས་ཤིང་། ལེའུ་རེའི་མཛའ་གླུ་ཡང་ནང་གསེས་ས་ཆུ་མེ་རླུང་སོགས་ལ་དཔེ་སྦྱོར་ཚུལ་གཞིར་བསྒྲིགས་འདུག
ད་དུང་དཔེ་དེབ་འདིའི་ཁྱད་ཆོས་གཞན་ཞིག་ནི། མཛའ་གླུ་དེ་དག་དམངས་ཁྲོད་ཀྱི་རྩོམ་རིག་ཡིན་ཙང་། དེའི་ནང་ལ་སྟོད་ཁུལ་གྱི་ཁ་སྐད་མི་ཉུང་བ་ཞིག་ཡོད་པ་དེ་དག་རང་སོར་བཞག་ནས་གོ་དོན་རྣམས་འོག་མཆན་དུ་བཀོད་པའི་རིགས་ཏེ་ཁྱོན་འོག་མཆན་ ༤༠༠ ཙམ་ཞིག་འདུག མདོར་ན། དམངས་ཁྲོད་ཀྱི་མི་མང་བྱིངས་དང་དེ་མིན་རིག་གཞུང་ཉམས་ཞིབ་པ་ཟུང་ལ་རྔོ་ཐོགས་མི་དམན་པ་ཞིག་ཡོང་རེ་དང་བཅས་དཔེ་དེབ་ཀྱི་ངོ་སྤྲོད་མདོར་བསྡུས་ལགས་སོ།།
བདེ་ཁང་བཀྲ་ཤིས་ཀྱིས། སྤྱི་ལོ་ ༢༠༢༣།༡༠།༡༡ ཉིན་ངོ་སྤྲོད་ཀྱི་ཚུལ་དུ།
May be an image of 1 person, book and text

 

བརྒྱུད་སྐུལ།

མཆན་སྤེལ།