ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ནི།   ཡབ་འཁོན་དཔལ་ཆེན་འོད་པོ་ཆེ﹙རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང﹚དང་ཡུན་མ་ཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྤྱི་ལོ1182ལོར་ས་སྐྱར་སྐུ་འཁྲུངས།   མཚན་ལ་དཔལ་ལྡན་དོན་གྲུབ་གསོལ།   སྐུ་ཤིན་ཏུ་གཞོན་པའི་དུས་ནས་ཡབ་དགེ་བའི་བཤེས་གཉེན་གྱི་དྲུང་དུ་ཡི་གེའི་འབྲི་ཀློག་དང་གསང་སྔགས་ཀྱི་དབང་ཁྲིད་མན་ངག་དུ་མ་ཞུས་ཤིང་གསོ་བྱེད་ཀྱི་གཞུང་མན་ངག་འགའ་ཞིག་ཀྱང་གསན།   ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་རྒྱལ་མཚན་དུ་གསོལ།   ཁུ་བོ་དེ་ཉིད་ལས་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པར་གསན་ཅིང་།   གསོ་བྱེད་སྐོར་ཡང་ཡན་ལག་བརྒྱད་པའི་རྩ་འགྲེལ་སོགས་གསན།
༄༅། །《གསར་འགྱུར་མེ་ལོང་》ལས་བྱུང་བའི་༸པཎ་ཆེན་སྐུ་ཕྲེང་གཉིས་ཀྱི་ གསར་འགྱུར།

༄༅། །《གསར་འགྱུར་མེ་ལོང་》ལས་བྱུང་བའི་༸པཎ་ཆེན་སྐུ་ཕྲེང་གཉིས་ཀྱི་ གསར་འགྱུར། 〔བརྡ་ཆད། 〕གསར་འགྱུར་མེ་ལོང་། པཎ་ཆེན་རིན་པོ་ཆེ། བོད་གཞུང་། གོ་མི་སྲིད་གཞུང་། 〔གནད་དོན་སྙིང་བསྡུས།〕ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་གཞུང་བླའི་དོན་རྐྱེན་ནི་རྙོག་འཛིང་ཆེ་ཤོས་ཀྱི་དོན་རྐྱེན་ཞིག་ཡིན་པ་བཞིན་《གསར་འགྱུར་མེ་ལོང་》རྩོམ་སྒྲིག་པས་ཀྱང་ཕྱི་ལོ་ ༡༩༢༥ ནས་ ༡༩༦༢ བར་གྱི་《གསར་འགྱུར་མེ་ལོང་》ལས། ད་ཕན་གུས་པར་མཇལ་བའི་གསར་ཤོག་འདོན་གྲངས་བརྒྱ་དང་སུམ་ཅུ་སོ་དགུའི་ནང་། ༸པཎ་ཆེན་སྐུ་ཕྲེང་རྣམ་གཉིས་ཀྱི་གནད་དོན་དང་འབྲེལ་བའི་གསར་འགྱུར་ཁག་བརྒྱད་ཅུ་གྱ་བཞི་དང་། གསར་ཤོག་སྟེང་སྐུ་པར་བཀོད་པའི་གསར་འགྱུར་ཐེངས་བཅུ་གསུམ་ཙམ་ཞིག་སྤེལ་འདུག་པ་ལས། 《གསར་འགྱུར་མེ་ལོང་》འཚོ་ཞིང་བཞུགས་པའི་རིང་བོད་ཀྱི་སྤྱི་ཚོགས་ཁྲོད་འཁྲུག་ཆ་དོད་ཤོས་ཀྱི་གནས་ཚུལ་ཞིག་ནི་༸པཎ་ཆེན་སྐུ་ཕྲེང་དགུ་པ་དང་བཅུ་པ་རྣམ་གཉིས་ཀྱི་སྲིད་དོན་མཛད་འཕྲིན་ཡིན་པར་ངེས། དེར་བརྟེན། རྩོམ་ཡིག་དེའི་ནང་བོད་གཞུང་དང་《གསར་འགྱུར་མེ་ལོང་》རྩོམ་སྒྲིག་པ་མཐར་ཕྱིན་ལགས་ཀྱི་འབྲེལ་བ་དང་། 《གསར་འགྱུར་མེ་ལོང་》ལས་བྱུང་བའི་༸པཎ་ཆེན་སྐུ་ཕྲེང་རྣམ་གཉིས་ཀྱི་མཛད་འཕྲིན་རེ་ཟུང་ལ་དབྱེ་ཞིབ་ཞུས་ཡོད། ལེ་ཚན་དང་པོ། 《གསར་འགྱུར་མེ་ལོང་》དང་བོད་གཞུང་། དེ་ཡང་《གསར་འགྱུར་མེ་ལོང་》ངམ་《ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་》ཞེས་པ་ནི། ཕྱི་ལོ་ ༡༩༢༥ ནས་ ༡༩༦༣ བར་རྒྱ་གར་བྱང་ཕྱོགས་ཀ་ལོན་སྦུག་ཏུ་ཁུ་ནུ་བ་རྡོ་རྗེ་མཐར་ཕྱིན་ནམ་སྦ་སྦུ་མཐར་ཕྱིན་(ཕྱི་ལོ་ ༡༩༢༥ ནས་ ༡༩༧༦)ལགས་ཀྱིས་གཉེར་བའི་གསར་ཤོག་ཅིག་ཡིན་ཞིང་། གསར་ཤོག་དེ་ནི་བོད་དང་བོད་ཀྱི་ཉེ་འབྲེལ་ས་ཁུལ་འགའ་ཤས་སུ་འགྲེམས་སྤེལ་བྱས་འདུག་ལ། ༸རྒྱལ་བ་ཡབ་སྲས་གཉིས་གཙོས་བོད་མི་རྣམས་ཀྱིས་དུས་རབས་ཉི་ཤུ་པའི་འཛམ་གླིང་ཆབ་སྲིད་འགྱུར་འགྲོས་དང་། ཡང་དགོས་བོད་རྒྱ་དབྱིན་གསུམ་གྱི་སྲིད་དོན་འཕོ་འགྱུར་ལ་ལྟ་བའི་མེ་ལོང་དངོས་ཤིག་ཀྱང་ཆགས་འདུག དཔྱད་བརྗོད་པ་མང་པོ་ཞིག་གིས་《ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་》ནི་བོད་ཡིག་གི་གསར་འགྱུར་ཚགས་པར་ཨང་དང་པོ་དེ་རེད། ཅེས་གསུངས་འདུག་མོད། བོད་མི་རང་གི་གཉེར་བ་མ་ཟད་བརྗོད་བྱ་བོད་ཀྱི་གནད་དོན་མང་ཞིང་རྗོད་བྱེད་བོད་ཡིག་པ་གང་ཞིག བོད་ཀྱི་དཔོན་འབངས་ཡོངས་ཀྱི་དོན་སྣང་བྱེད་ཆེན་པོ་གནང་གི་ཡོད་པའི་ཆ་ནས་བོད་ཡིག་གི་གསར་འགྱུར་ཐོག་མ་དེ་ཡིན་ཞེས་བརྗོད་ཀྱི་ཡོད་ན་བདེན་པར་སྣང་མོད། རྗོད་བྱེད་ཀྱི་བརྒྱུད་ལམ་བོད་ཡིག་ཡིན་པའི་ཆ་ནས་ཐོག་མར་ཡིན་པ་གསུངས་ན། 《ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་》མ་ཐོན་གོང་རྗོད་བྱེད་བོད་ཡིག་ཡིན་པའི་གསར་འགྱུར་ཡོད།…
༄༅།།བཻ་རོ་ཙ་ནའི་རྣམ་ཐར་མདོར་བསྡུས།

བཻ་རོ་ཙ་ན། བཻ་རོ་ཙ་ན་ཞེས་པ།བོད་སྐད་དུ་བསྒྱུར་ན་རྣམ་པར་སྣང་མཛད་ཟེར། བོད་རྗེ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཡིན་པའི་མཁས་པ་ཞིག་ཡིན་པ་ཡོངས་གྲགས་ཀྱི་བཞེད་ཚུལ་མཐུན།ཁོང་ནི་གནའ་རབས་ཀྱི་རྙིང་མའི་བླ་མ་གྲགས་ཅན་ཞིག་དང་། བསྟན་སྔ་དར་སྐབས་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཆེན་པོ་རྒན་གྲས་གསུམ་གྱི་ཡ་གྱལ་དང་།བོད་ཀྱི་རབ་བྱུང་གི་ཐོག་མ་སད་མི་བདུན་གྱི་ནང་ཚན། གནའ་དུས་ཀྱི་སྨན་པ་གྲགས་ཅན་བཅས་ཡིན་པས་གངས་ལྗོངས་ཀྱི་སྐྱེ་འགྲོ་ཀུན་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་བོ།།
བོད་ཆེན་པོའི་སྟོབས་ཤུགས་ལི་ཡུལ་ལ་ཁྱབ་པའི་ལོ་རྒྱུས།

རི་སྤྱང་།   ལི་ཡུལ་(Khotan)ནི་དེང་སང་ཞིན་ཅང་ཡུལ་གྱི་མཐའ་རིང་ཐང་གཞུང་ཆེན་མོའི་ནང་གི་ཕྲག་ལ་མ་ཁན་(ཕར་འགྲོ་ཡོད་ལ་ཕྱིར་འོང་མེད།‘塔可塔拉玛干沙漠’)བྱེ་ཐང་གི་ལྷོ་དང་ཁུན་ལིན་རི་རྒྱུད་(昆仑山脉)ཀྱི་བྱང་ན་ཡོད། ཡུལ་འདིའི་ཡུལ་མི་ཏ་ཟིག་ཡུལ་ནས་མཆེད་ཅིང་ཡི་ཤུ་སྔོན་གྱི་དུས་རབས་གསུམ་པའི་ནང་རྒྱལ་བོ་མྱ་ངན་མེད་ཀྱི་སྲས་ཤིག་ནས་ཡུལ་འདིའི་རྒྱལ་ཐབ་ཟིན་པའི་བཞེད་ཚུལ་ཞིག་ཀྱང་ཡོད་ལ། ཕྱིས་སུ་ཡུལ་འདིར་ཐེག་པ་ཆེན་པའི་ཆོས་རྒྱ་ཆེན་པོ་དར་ནས་དབུས་ཨེ་ཤི་ཡའི་དར་སི་ཚོང་ལམ་རིང་མོའི་རྒྱུད་ཀྱི་ནང་བའི་རྒྱལ་ཁབ་ཆེ་གྲས་ཤིག་ཏུ་གྱུར་འདུག

  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།   དགེ་བཤེས་དགོན་པ་བའི་ཐུགས་སྲས་རྒྱ་ལྕགས་རི་བ་དེ་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་རྩལ་ཐོན། ཡི་དམ་ལྷའི་ཞལ་གཟིགས། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ་ཞིག་བྱུང་སྟེ། ལམ་གྱི་རིམ་པ་རྒྱ་ཆེར་སྤེལ་བར་མཛད། དྭགས་པོ་ལྷ་རྗེ་ཡང་དགེ་བཤེས་རྒྱ་ལྕགས་རི་བ་འདིའི་སར་བྱོན་ནས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་རྫོགས་པར་གསན་ནས་ཉམས་བཞེས་མཐར་ཕྱིན་པར་མཛད་ཅིང་།

སྤྱིར་བོད་ཡུལ་དུ་གནས་རི་གྲགས་ཅན་དང་། ཆུ་བོ་གྲགས་ཅན་བགྲང་གིས་མི་ལངས་པ་ཡོད་མོད། འོན་ཀྱང་འདིར་གཙོ་ཆེ་བ་འགའ་ངོ་སྤྲོད་བྱས་ཡོད། ༡ ཇོ་མོ་གླང་མ། ﹙སྨི་ ༨༨༤༤.༤༣﹚珠穆朗玛   འདི་ནི་བོད་ལྗོངས་དང་བལ་བོ་གཉིས་ཀྱི་བར་མཚམས་སུ་ཡོད་ཅིང་། ཧི་མ་ལ་ཡ་རི་རྒྱུད་ཀྱི་ཆེས་མཐོ་བའི་རི་ཡིན་པར་མ་ཟད། འཛམ་གླིང་གི་ཆེས་མཐོ་བའི་རིའང་ཡིན། མཐོ་ཚད་འདི་ནི་༢༠༠༥ལོའི་ཟླ་༥ཚེས་༢༢ཉིན་ཀྲུང་གོའི་ཇོ་མོ་གླང་མའི་མཐོ་ཚད་བསྐྱར་གཞལ་རུ་ཁག་རི་རྩེར་འགོས་ནས་འཇལ་པའི་མཐོ་ཚད་ཡིན་ཏེ། དེ་ནས་བཟུང་༡༩༧༥ལོའི་སྨི་༨༨༤༨.༡༣དེ་སྤྱོད་མཚམས་བཞགངག་རྒྱུན་དུ་ཧི་མ་ལ་ཡ་རི་རྒྱུད་ཀྱི་རྩེ་མཐོན་པོ་ལྔ་ནི་ཚེ་རིང་མཆེད་ལྔ་ཡིན་ལ། དེ་ལས་ཇོ་མོ་གླང་མ་ཡོད་པའི་ཕྱོགས་དེ་ནི་མཛེས་སྡུག་ཡིད་དུ་འོང་ཞིང་སྐྱེ་དགུས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ས་ཞིག་ཡིན་པར། ནམ་ཞིག་ཤིན་ཏུ་མ་རུངས་པའི་བདུད་ཅིག་འོངས་ནས་ཀུན་ལ་འཚེ་བ་བྱས་ཙ་ན། སྙིང་རྗེ་ཅན་གྱི་ལྷ་མོ་ཞིག་གིས་བདུད་དེ་རི་ཆེན་པོ་ཞིག་གི་འོག་ཏུ་མནན་པས་རྗེས་སུ་མི་རྣམས་ཀྱིས་རི་དེ་ལ་“ཇོ་མོ་གླང་མ”ཞེས་འབོད།