དབུས་གཙང་ལོ་རྒྱུས་ཆེན་མོ་ལས། དྭགས་ཀོང་སྤྱི་ཁྱབ་མངའ་འོག་གི་རྫོང་གཞིས། ༢༽
ལེ་ཚན་གཉིས་པ། དྭགས་ཀོང་སྤྱི་ཁྱབ་མངའ་འོག་གི་རྫོང་གཞིས། སྤྱིར་རྫོང་གཞིས་ཁག་ལ་སྲིད་འཛིན་འགྱུར་བ་རིམ་པར་ཕྱིན་པས་འདྲེན་ལུགས་མི་འདྲ་བ་ཞིག་ཡོད་ཀྱང་། ཕྱི་ལོ་ ༡༩༥༤ ལོར་དྭགས་ཀོང་སྤྱི་ཁྱབ་གསར་དུ་བཙུགས་གནང་བའི་སྐབས། དྭགས་ཀོང་སྤྱི་ཁྱབ་ཀྱི་མངའ་འོག་ཏུ་རྫོང་གཞིས་བཅུ་གཅིག་ཡོད་འདུག་པ།[1] དེ་དག་དེང་གི་རྫོང་ཁག་གང་གི་ཁོངས་སུ་གཏོགས་མིན་གཤམ་གསལ་ལྟར་རོ།།




