༄༅། །སྙིང་འདབ་བརྒྱད་མ་བཞུགས་སོ།།
༄༅། །སྙིང་འདབ་བརྒྱད་མ་བཞུགས་སོ།། ༈ སྙིང་འདབ་བརྒྱད་ཨ་བ་དྷཱུ་ཏཱིའི་དབུས། །གཞི་འགྱུར་མེད་སེམས་ཀྱི་རྡོ་རྗེའི་གར། །ལྷ་སངས་རྒྱས་ཀུན་འདུས་བློ་བཟང་གྲགས། །ཕ་བླ་མའི་ངོ་བོར་ཕྱག་འཚལ་ལོ། །གཞི་འཁོར་འདས་ཆོས་རྣམས་མ་ལུས་པ། །ནང་རང་གི་སེམས་ཀྱིས་བཏགས་པ་ཙམ། །སེམས་དེ་ཡང་བརྟགས་ན་སྐྱེ་འགག་བྲལ། །གནས་ལུགས་ཀྱི་ངོ་བོ་ཨེ་མ་ཧོཿ




