ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མ། མཛད་པ་པོ། དགེ་བཤེས་འཆད་ཁ་བ་ཡེ་ཤེས་རྡོ་རྗེ། ༄༅། །སྙིང་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། ༡༽དང་པོ་སྔོན་འགྲོ་དག་ལ་བསླབ། ། ༢༽ཆོས་རྣམས་རྨི་ལམ་ལྟ་བུ་བསམ། །མ་སྐྱེས་རིག་པའི་གཤིས་ལ་དཔྱད། །གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ངོ་བོ་ཀུན་གཞིའི་ངང་ལ་བཞག །ཐུན་མཚམས་སྒྱུ་མའི་སྐྱེས་བུ་བྱ། །གཏོང་ལེན་གཉིས་པོ་སྤེལ་མར་སྦྱང༌། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །




