ས་ཆེན་ཀུན་དགའ་སྙིང་པོའི་རྣམ་ཐར་མདོར་བསྡུས།
ས་ཆེན་ཀུན་དགའ་སྙིང་པོའི་རྣམ་ཐར་མདོར་བསྡུས། ས་ཆེན་ཀུན་དགའ་སྙིང་པོ་ནི་གཙང་སྟོད་གྲོམ་པའི་ཡུལ་གྱི་སྟོད་དུ། འཁོན་དཀོན་མཆོག་རྒྱལ་པོའི་བཙུན་མོ་ཆུང་བ་མ་གཅིག་ཞང་མོའི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཕོ་སྤྲེལ(༡༠༩༢)ལོ་ལ་སྐུ་འཁྲུངས། མི་རིང་བར་སྐུ་སྐྱེད་ཤིན་ཏུ་མགྱོགས་ཤིང་ཀུན་གྱིས་མཐོང་ན་དགའ་བས་མཚན་ལ་ཀུན་དགའ་སྙིང་པོར་གསོལ།




