སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས།
༤༽ སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས། (༡༤༠༢-༡༤༧༢) དེ་ཡང་སྤྱན་སྔ་བློ་གྲོས་འཇིགས་མེད་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་རྣམ་ཐར་དད་པའི་སྒོ་འབྱེད་ལས[1]། བློ༵་གྲོས༵་རབ་དཀར་གངས་རིའི་ངོས་ལ་ཡོན་ཏན་དུ་མའི་རྒྱན་གྱིས་མངོན་པར་མཐོ། །རྒྱལ༵་མཚན༵་ཏོག་ལྟར་མཁས་མང་སྐྱེ་བོའི་དབུས་ན་ལྷམ་མེ་ལྷང་ངེར་གསལ། །དཔལ༵་འབྱོར་འགྲོ་བའི་རེ་སྐོང་ཐུགས་རྗེའི་བདག་ཉིད་བཟང༵་པོ༵འི་མཚན་ཅན་ཞབས། །སྤྱི་བོར་བླངས་ཏེ་རྩེ་གཅིག་ཡིད་ཀྱིས་ཁྱོད་སྐུ་མངོན་ཕྱོགས་ཅུང་ཟད་བསྟོད། །ཅེས་གསུངས་པ་ལྟར། རྗེ་སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་མཆོག་ཡུལ་དང་རིགས་གང་དུ་སྐུ་འཁྲུངས་པ་ནི། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་ (༡༤༠༢-༡༤༧༢) ཉིད་ཀྱིས་མཛད་པའི་ཕྱག་ཆེན་སྙིང་པོ་རབ་གསལ་གྱི་མཛད་བྱང་ལས[2]།




