ཡུམ་བུ་ལྷ་ཁང་།
ཡུམ་བུ་ལྷ་ཁང་། ཡུམ་བུ་ལྷ་ཁང་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་། ཕོ་བྲང་ཤང་ཁོངས་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་བོའི་ཐོག་བཞེངས་ཡོད། དེ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བཞེངས་པར་གྲགས་ཤིང་། ཕ་བྲང་འདི་ནི་བོད་ཀྱི་མཁར་སྔ་ཤོས་དེ་ཡིན། ཕོ་བྲང་འདི་ནི་གཞི་རྒྱ་ཆེན་པོ་མེད་ཀྱང་བརྗིད་ཉམས་ཆེ་ཞིང་། བོད་ཀྱི་བཟོ་སྐྲུན་གྱི་བཀོད་པའི་ཉམས་དང་ལྡན་པའི་ངང་རི་བོའི་རྩེ་མོར་འགྱིང་ངེར་གནས་ཡོད།



