Featured on ཡུལ་སྡེ།

སྤེལ་ཞིབ་ཕྲ།

བྲག་དཀར་བདེ་ཆེན་རྫོང༌ངོ་སྤྲོད།

         བྲག་དཀར་གསང་སྔགས་བདེ་ཆེན་རྫོང་ནི། ད་ལྟ་གྲོང་ཁྱེར་ལྷ་སའི་སྟག་རྩེ་རྫོང་གནས་ཡུལ་བདེ་ཆེན་གྲོང་རྡལ་གྱི་གཞུང་ལམ་བྱང་ངོས་རི་སྟེང་དུ་ཡོད། སྐྱིད་ཤོད་བདེ་ཆེན་རྫོང་དང༌། བྲག་དཀར་བདེ་ཆེན་རྫོང༌། གསང་སྔགས་བདེ་ཆེན་རྫོང་སོགས་མིང་གི་རྣམ་གྲངས་སུ་འབོད་ཅིང༌། བདེ་ཆེན་གསང་སྔགས་མཁར་ནི། ད་ལྟའི་སྟག་རྩེ་རྫོང་གི་ཉེ་འགྲམ་དང༌། སྔོན་བདེ་ཆེན་རྫོང་ཤུལ་གྱི་རི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད།
འོལ་དགའ་སྟག་རྩེ་རྫོང༌ངོ་སྤྲོད།

འོལ་དགའ་སྟག་རྩེ་རྫོང་ནི་ད་ལྟ་ལྷོ་ཁ་ས་གནས་ཟངས་རི་རྫོང་འོལ་དགའ་ཤང་འོལ་དགའ་གྲོང་ཚོའི་རི་ཆུང་སྟེང་ཡོད། རྫོང་འདི་ཡང་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་ ༦ པའི་ས་གླང་སྤྱི་ལོ་ ༡༣༤༩ ལོར་བོད་ཆོལ་ཁ་གསུམ་ཡོངས་རྫོགས་མངའ་དབང་བསྡུས་རྗེས་དབུས་གཙང་གཉིས་ཀྱི་ས་འགག་ཏུ་རྫོང་ཆེན་བཅུ་གསུམ་དུ་གྲགས་པ་བརྩིགས་པའི་ནང་གི་གཅིག་ཡིན་ལ། རྫོང་འདིའི་ལོ་རྒྱུས་བྱུང་རིམ་སྐོར་ཀྱི་དཔྱད་གཞིའི་ཡིག་ཆ་ལག་སོན་མ་བྱུང་བས་ཀློག་པ་པོ་རྣམས་ནས་ཁ་སྐོང་དག་བཅོས་ཡོད་པ་ཞུ།
འཕྱོངས་རྒྱས་འཕྱིང་བར་སྟག་རྩེ་རྫོང༌ངོ་སྤྲོད།

འཕྱོངས་རྒྱས་འཕྱིང་བར་སྟག་རྩེ་རྫོང་ནི། སྔོན་བཙན་པོའི་སྐབས་སུ་ཕྱིང་བའི་ཡུལ་དུ་གྲགས་ཤིང་ད་ལྟ་འཕྱོངས་རྒྱས་རྫོང་ཞེས་འབོད། ཕྱིང་བ་སྟག་རྩེ་ནི་ལྷོ་ཁ་རྩེད་ཐང་གི་ལྷོ་ནུབ་ཕྱོགས་སུ་གནས་པའི་འཕྱོངས་རྒྱས་རྫོང་གནས་ཡུལ་འདི་ཡིན་ལ། སྔར་གནས་འདིར་ཡར་ལུངས་ཕྱིང་ལུངས་ཞེས་བཙན་པོའི་བཞུགས་གནས་དང༌། བཙན་པོའི་སྐབས་སུ་ཚེས་སྤོང་གི་རུས་རྒྱུད་ཀྱིས་དབང་བསྒྱུར་བའི་སྟོང་ཞིག་དང༌། ས་སྐྱའི་དུས་རབས་སུ་བོད་ཁྲི་སྐོར་བཅུ་གསུམ་གྱི་ནང་ཚན་ཐང་པོ་ཆེའི་ཁྲི་སྐོར། ཕག་གྲུའི་སྐབས་རྫོང་ཆེན་བཅུ་གསུམ་གྱི་ནང་ཚན་འཕྱོངས་རྒྱས་འཕྱིང་བར་སྟག་རྩེ་རྫོང༌།
ལྷོ་ཁ་སྣེ་གདོང་རྫོང༌ངོ་སྤྲོད།

སྣེ་གདོང་རྫོང་ནི། ད་ལྟ་ལྷོ་ཁ་ས་གནས་སྣེ་གདོང་རྫོང་སྣེ་གདོང་གྲོང་ཚོའི་བྱང་ངོས་རྒྱབ་རི་གླང་ཆེན་འགྱིང་པ་འདྲ་བའི་རི་སྟེང་དུ་གནས་ཤིང༌། སྣེ་གདོང་རྫོང་ནི་རི་གླང་ཆེན་འགྱིང་འདྲའི་སྣ་སྟེང་དུ་ཆགས་སྟབས་སྣེ་གདོང་ཞེས་མིང་ཐོགས་ཚུལ་དང༌། གཞན་ཡང༌། སྣེ་གདོང་ཞེས་པའི་གོ་དོན་དངོས་ནི། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་སྣེ་གདོང་དང༌། གོང་དཀར། འོལ་ཁ། སྟག་རྩེ། བསམ་གྲུབ་རྩེ་སོགས་རྫོང་ཆེན་བཅུ་གསུམ་བཙུགས་པའི་ནང་ནས་ཐོག་མ་སྟེ། སྣེའམ་སྔ་ཤོས་སུ་བཙུགས་པའི་རྫོང་ཡིན་པས་ན་སྣེ་གདོང་ཞེས་གྲགས།
གཞིས་ཀ་བསམ་གྲུབ་རྫོང༌།

གཞིས་ཀ་བསམ་གྲུབ་རྩེ་རྫོང་ངམ་ཡོངས་གྲགས་སུ་གཞིས་རྩེ་རྫོང་ནི། སྔར་རབ་བྱུང་ ༦ པའི་ས་གླང་ལོ་སྟེ་སྤྱི་ལོ་ ༡༣༤༩ ལོར་སྣེ་གདོང་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱ་བའི་ལག་ནས་སྲིད་དབང་འཕྲོགས་ཏེ་བོད་ཆོལ་ཁ་གསུམ་ལ་མངའ་དབང་བསྒྱུར་རྗེས་དབུས་གཙང་གཉིས་སུ་རྫོང་ཆེན་བཅུ་གསུམ་བརྩིགས་པར་གྲགས་པའི་ཐ་མ་ཡིན་པར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང༌། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དེབ་དམར་གསར་མའམ་རྒྱལ་རབས་འཕྲུལ་གྱི་ལྡེ་མིག་ལས་བཤད་ཅིང༌། རྗེས་སུ་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱིས་བོད་ཡོངས་ལ་དབང་བསྒྱུར་བྱས་རྗེས་ཕོ་བྲང་ལྟ་བུ་ཡིན་ལ།
གནམ་གང་གི་བྱེད་སྒོ་ཁག་ངོ་སྤྲོད།

༈ གནམ་གང་ནི་ལོ་རྙིང་པ་སྐྱེལ་བའི་གྲིབ་གསོ་ལྟ་བུའི་ཉིན་མཐའ་མ་དང༌། ལོ་གསར་པ་ཤར་བའི་སྐྱ་རེངས་ལྟ་བུ་ཡིན་པས་ཉིན་འདིའི་གནང་སྒོ་ཡང༌། ལོ་གསར་གྱི་རྟེན་འབྲེལ་མཚོན་པའི་དངོས་པོ་རྣམས་དངོས་སུ་སྒྲིག་གཤོམ་གང་རྒྱས་བྱ་རྒྱུ་དེ་ཡིན་ཞིང༌། སྒྲིག་གཤོམ་བྱས་པའི་རྟེན་འབྲེལ་གྱི་དངོས་པོའི་ཐོག་ནས་བོད་མིའི་འཚོ་ཐབས་གཙོ་བོ་ཞིང་འབྲོག་གཉིས་ཀྱི་འབྲས་བུའི་ཉིང་བཅུད་རྣམས་མཆོད་ཡུལ་དཀོན་མཆོག་ལ་དགའ་དད་གུས་སྤྲོས་ཆེན་པོས་ཕུལ་ཏེ། ལོ་གསར་པའི་ནང་ལོ་ཕྱུགས་རྟག་ལེགས་དང༌། ཆར་ཆུ་དུས་བབས། ནད་མུག་འཁྲུག་རྩོད་སོགས་རྐྱེན་ངན་མི་ཡོང་བའི་རྟེན་འབྲེལ་མཚོན་ཞིང༌།