སྤེལ་ཞིབ་ཕྲ།
ཚ) བོད་ཀྱི་མཛེས་རིག་ལག་རྩལ།
བོད་ཀྱི་རི་མོའི་ལག་རྩལ་ནི་ཕྱི་ལོའི་དུས་རབས་བདུན་པའི་གོང་ནས་དར་འཕེལ་བྱུང་ཡོད། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཆེན་པོར་དབང་སྒྱུར་གནང་སྐབས། ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གསར་བཞེངས་མཛད་པའི་ལྡེབས་རིས་དང༌། ཀ་གདུང་གི་ལྡེབས་སུ་གནའ་རབས་བོད་ཀྱི་རོ་སྒྲུང་གི་གཏམ་བརྒྱུད་དང༌། ཕོ་བྲང་པོ་ཏ་ལ་དང༌། གཙུག་ལག་ཁང་བཞེངས་མཛད་པའི་ལོ་རྒྱུས་སྐོར་རི་མོའི་ཐོག་བྲིས་ཡོད་པ་མ་ཟད། དེ་དག་གི་ཁྲོད་ནས་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཕོ་བྲང་པོ་ཏ་ལའི་བཟོ་དབྱིབས་དང༌། སྐབས་དེའི་དམག་མིའི་ཆས་དང་རུ་དར་སོགས་རི་མོར་བྲིས་པ་རྣམས་གཙུག་ལག་ཁང་གི་ལྡེབས་རིས་ནང་དེང་སྐབས་ཀྱང་དངོས་སུ་མཇལ་རྒྱུ་ཡོད།
ཙ) བོད་ཀྱི་ཚགས་བཟོའི་ལག་རྩལ།
གསེར་དངུལ་ཟངས་ལྕགས་སོགས་ལས་བཟོས་པའི་དངོས་རིགས་ལ་མཛེས་བྱེད་རྒྱས་སྤྲོས་སུ་ཚགས་རིས་རྒྱག་པའི་ལུགས་སྲོལ་ཡོད་པ་དང་དེའི་ལག་རྩལ་མི་སྣ་ལ་ཚགས་པ་ཞེས་ཟེར། ཚགས་རྒྱག་སྟངས་ལ་ནང་གསེས་འཇམ་ཚགས་དང༌། འབུར་ཚགས། གཏིར་ཚགས་བཅས་མི་འདྲ་བ་གསུམ་ཡོད། ༡༽ འཇམ་ཚགས་ནི་གཞི་འཇམ་སང་གི་སྟེང་དུ་རི་མོ་འབུར་ཐོན་མ་བྱས་པར་ཚགས་བརྒྱབ་པ་ལ་ཟེར་ཞིང༌། ༢༽ འབུར་ཚགས་ནི། རི་མོ་མང་ཆེ་བ་འཇམ་ཚགས་ཡིན་ཀྱང་གལ་ཆེ་བའི་རི་མོ་རྣམས་འབུར་དུ་ཐོན་པར་བྱས་པ་གཅིག་དང༌། རི་མོ་ཡོངས་རྫོགས་འབུར་ཐོན་བྱས་པ་གཉིས་ཡོད།
མ) བོད་ཀྱི་སྐུད་བཟོའི་ལག་རྩལ།
རྒྱུན་བུ་དང་རྒྱུས་པ་ལ་སོགས་ཀོ་འཚེམ་ལ་མཁོ་བའི་སྐུད་པ་བལ་སྐུད་དང་སྲིན་སྐུད་སོགས་སྣམ་བུ་དང་དྲས་དྲུབ་བཟོ་འཚེམ་ལ་མཁོ་བའི་སྐུད་པ། སི་ཤན་དང་སྟོང་སྐུད་སོགས་གོས་ཆེན་བཟོ་འཚེམ་ལ་མཁོ་བའི་སྐུད་པ་སྦོམ་ཕྲ་སྣ་ཚོགས་བཟོ་བའི་ལག་རྩལ་ལ་ཟེར། པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་གནང་སྐབས་ཀྱི་ཀོ་འཚེམ་དང༌།
བ) བོད་ཀྱི་ཞལ་བའི་ལག་རྩལ།
ཁང་པའི་ནང་གི་ལྡེབས་ཞལ་རྒྱག་པའི་ལག་རྩལ་ནི་གནའ་རབས་ཕྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ནས་དར་ཡོད། དེ་ཡང་བཙན་པོ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་ཕོ་བྲང་ཡུམ་བུ་བླ་སྒང་གི་ནང་ལྡེབས་རིས་བྲིས་ཡོད་པའི་གནས་ཚུལ་དེ་དང༌། ལྡེབས་རིས་རི་མོ་དེ་ཡང་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་གོང་ཕྱི་རྒྱལ་བས་དཔར་བཤུས་བྱས་ཡོད་པའི་གནས་ཚུལ་ཐོས་རྒྱུ་འདུག་པ་སོགས་ལ་གཞིགས་ན། ལོ་ངོ་ཉིས་སྟོང་ཙམ་གྱི་དུས་ཡུན་རིང་པོའི་ནང་མ་ཉམས་པར་གནས་ཐུབ་པའི་ལྡེབས་རིས་ཤིག་འབྲི་བར་འབྲི་གཞིའི་ལྡེབས་ཞལ་བཟོ་བོའི་ལག་རྩལ་ཆུ་ཚད་ངེས་ཅན་ཞིག་ཡོད་པ་མཐོང་ཐུབ་ཅིང༌།
ཕ) བོད་ཀྱི་ཤོག་བཟོའི་ལག་རྩལ།
ཤོག་བུའི་རྒྱུ་ཆ་ཟར་མ་དང༌། རེ་ལྕགས་ལ་སོགས་དུག་རིགས་དང་དུག་རིགས་མིན་པའི་རྩི་ཤིང་རིགས་བསྐོལ་བའི་ཁུ་བ་རས་གཞིའི་སྟེང་དུ་བཀྲམ་པ་ལ་བརྟེན་ནས་ཤོག་བུ་བཟོ་བའི་ལག་རྩལ་ལ་ཟེར། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་ཅིག་ནང༌། བོད་ཀྱི་ཤོག་བུ་བཟོ་བའི་ལག་རྩལ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་རྒྱ་བལ་གྱི་བཙུན་མོ་རྣམ་གཉིས་བཙན་པོའི་བཙུན་མོར་སློང་སྐབས་བཀའ་ཤོག་གི་ཡི་གེ་རྒྱལ་ཁབ་སོ་སོའི་ཡི་གེའི་ཐོག་བྲིས་ནས་བསྐུར་ཡོད་ཚུལ་ལོ་རྒྱུས་ཁག་ཏུ་གསལ་བར་བརྟག་ན་སྐབས་དེར་བོད་དུ་ཤོག་བུ་བཟོ་བའི་ལག་རྩལ་དར་ཟིན་ཡོད་ཚོད་འདུག
པ) བོད་ཀྱི་གོས་བཟོའི་ལག་རྩལ།
སྤྱིར་བཏང་ཡོངས་གྲགས་སུ་གོ་བཟོ་བ་ཞེས་པའི་མིང་དེ་ཐོས་པ་ཙམ་གྱིས་གྱོན་གོས་བཟོ་འཚེམ་བྱེད་མཁན་གྱི་བཟོ་པ་ལག་རྩལ་པར་གོ་བ་ལེན་གྱི་ཡོད་པ་ལྟ་བུ་སྣང་ཡང༌། དོན་དུ་དེའི་ནང་གོས་ཆེན་གྱི་རིགས་སྣ་ཚོགས་དྲས་དྲུབ་ཀྱིས་ཐང་ཀ་དང༌། ཡོལ་བ། དྲ་ཕྱེད། མཆོད་རྫས། གྱོན་གོས་བཅས་བཟོ་འཚེམ་དང་དྲས་དྲུབ་བྱེད་མཁན་གྱི་ལག་རྩལ་མི་སྣ་ཡང་ཚུད་ཡོད་ཅིང༌། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་གི་ནང་གསལ་ལྟར་ན། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱ་བཟའ་ཀོང་ཇོ་བཙུན་མོར་ཕེབས་སྐབས།

