དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་རྩེ་རྫོང་གི་གཞི་རིམ་ལོ་རྒྱུས། རྫོང་གི་མིང་ཐོགས་ཚུལ་སོགས།
ལྔ་པ། ལྷུན་རྩེ་རྫོང་། ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས། ལེ་ཚན་དང་པོ། རྫོང་གི་མིང་ཐོགས་ཚུལ། ལྷུན་རྩེ་རྫོང་གི་མིང་ཆ་ཚང་བར་གཡུ་རྒྱལ་ལྷུན་རྩེ་རྫོང་།[1] ཞེས་འབོད། ལྷུན་རྩེ་ཞེས་པ་ནི་སྔོན་ཆོས་རྒྱལ་འོད་སྲུང་གི་རྒྱུད་པ་ཆོས་རྒྱལ་བྱ་བའི་སྲས་ཀྱི་ཕོ་བྲང་གི་མཚན་ཡིན་པ་ད་ལྟའི་རྫོང་མིང་དུའང་རང་འཇགས་སུ་བཞག་པར་བཤད།[2] རྫོང་མིང་གི་སྒྲ་བཤད་ལའང་ནང་པའི་ལྟ་ཚུལ་ལས་བྱུང་བའི་ལྷུན་པོའམ་རི་རབ་ལྟར་བརྗིད་ཅིང་བརྟན་པའི་དོན་དང་།




