སྤེལ་ཞིབ་ཕྲ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཇོ་མོ་རྫོང་གི་རྫོང་གཞིས་ཀྱི་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ།

  ལེ་ཚན་གཉིས་པ། རྫོང་གཞིས་ཀྱི་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ། གཅིག རྫོང་གཞིས་འགྲོ་སྟངས།   སྔར་གྱི་ཀོང་པོ་ཇོ་མོ་རྫོང་ནི་དེང་གི་ཉིང་ཁྲི་རྫོང་བརྒྱད་གཅིག་གྲོང་རྡལ་གྱི་ཁ་གཏད་ཉང་ཆུ་གཙང་པོའི་ལྷོ་ངོས་ཇོ་མོ་རི་བོའི་སྣེ་གདོང་ལ་ཆགས་ཤིང་། དེ་སྔའི་རྫོང་སྡོད་རིམ་པའི་ཁྲལ་བསྡུ་ཁྲིམས་གནོན་སོགས་གཞུང་དོན་བསྒྲུབ་ཡུལ་འཛིན་སྐྱོང་ལྟེ་གནས་ཀྱི་ཆགས་དབྱིབས་རྒྱ་ཁྱོན་ལ་མཚོན་ན། མཁར་རྫོང་དེའི་དཀྱུས་ལ་སྨི་ ༣༠༠ དང་ཞེང་སྨི་ ༡༠༠ ཙམ་གྱི་ས་ཁྱོན་སྟེང་ཐོག་བརྩེགས་ཉིས་ཅན་གྱི་རྫོང་ཁང་རྒྱལ་སྒོ་ལྷོ་གཏད་ཅན་ཞིག་ཡོད་ཅིང་།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། དྲུག་པ། ཀོང་པོ་ཇོ་མོ་རྫོང་གི་གཞི་རིམ་ལོ་རྒྱུས།

དྲུག་པ། ཇོ་མོ་རྫོང་།  ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས། ལེ་ཚན་དང་པོ། རྫོང་གི་མིང་ཐོགས་ཚུལ། ཇོ་མོ་རྫོང་གི་མིང་ཆ་ཚང་བར་ཇོ་རྫོང་གཡུལ་རྒྱལ་རབ་བརྟན་རྫོང་།[1] ཞེས་འབོད་ཅིང་། ད་ལྟའི་ཉིང་ཁྲིའི་ཁོངས་གཏོགས་ཀྱི་ནུབ་བྱང་ཕྱོགས་སུ་ཡོད། གནའ་དུས་ཁུལ་དེར་བྲག་ཕྱིའམ་སེ་མོ་གཉན་ཁྲི་ཞེས་འབོད་ཀྱི་མེད་དམ་སྙམ། རྫོང་དེའི་མིང་ལ་ཇོ་ཞེས་ཐོགས་དོན་གང་ཡིན་ད་ཕན་གསལ་ཁ་མེད་མོད། ཀོང་པོ་ཕུ་ཆུ་གསེར་གྱི་ལྷ་ཁང་གི་ཇོ་བོ་ཐུགས་རྗེ་ཆེན་པོ་དང་འབྲེལ་བ་ཞིག་མེད་དམ་སྙམ།
ཕྱི་ལོ་ ༡༩༢༡ ལོར་བཙུགས་པའི་པུ་ལི་སིའི་ལས་ཁུངས།

པུ་ལི་སི་ (ཉེན་རྟོག་པ) འདི་ནི་དེ་སྔ་བོད་གཞུང་གི་བདེ་སྲུང་ཉེན་རྟོག་གི་དམག་དཔུང་ལྟ་བུ་ཞིག་ཡིན་ཞིང་། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ (༡༩༢༡) ལོར་དབྱིན་ཁོངས་བོད་མི་ལེགས་ལྡན་ས་ཧེབ་བྱ་བའི་བཀོད་ཇུས་འོག་བཙུགས། དེའི་ནང་ཐོག་མར་ལྷ་སར་བཅའ་སྡོད་ཝ་གླིང་སོགས་ཁ་ཆེའི་གཞོན་ནུ་ལས་མེད་ཅིང་། དལ་སྡོད་ཁག་གཅིག་བསྡུས་ཏེ་དམག་ཁྲིམས་དང་། འོས་འགན་བྱེད་སྒོ་ཁག་སློབ་སྦྱོང་བྱས་རྗེས་མི་དཔོན་གྱི་བཀོད་འདོམས་འོག་འགན་དབང་ལག་བསྟར་བྱེད།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོ་ཞོ་ཁ་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ།

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། ལེ་ཚན། དགོན་སྡེ། ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད། ༡ བྲག་གསུམ་མཚོ་རྫོང་དགོན། དུས་རབས་ ༡༤ ཙམ། གཏེར་ཆེན་སངས་རྒྱས་གླིང་པ། རྙིང་མ། ༢ བང་རི་དགོན།     རྙིང་མ། ༣ གནམ་ཚལ་དགོན་པ།     རྙིང་མ། ༤ འབྲུག་ཆོས་སྡིང་དགོན།   རྒྱལ་དབང་ཆོས་རྗེ་རིན་པོ་ཆེ། བཀའ་བརྒྱུད། ༥ རྡོ་ཆེན་དགོན་པ།     བཀའ་བརྒྱུད། ༦ འབྲུ་ལ་བཀྲ་ཤིས་བདེ་ཆེན་དགོན།…
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོ་ཞོ་ཁ་རྫོང་གི་ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས་ཀྱི་སྐོར།

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ། ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག   ལྡིང་སྟངས། བང་གཤོངས། དངོས་པ། ལན་པ། ཁེ་ནང་། ཞོལ་ཁ་ཞོལ་པ། རྩ་མ་རྫོང་། ཀ་ལ། གྱ་ར། རྩྭ་བཀག དགོན་གསར། དུ་མ། བླ་རུ། གཞིས་ཙོང་། དམུ་པ།[1] མཚོ་ཞུགས། པུ་རུ། བྱེ་པ། མཚོ་སྒོ། དམོས་མཚོ་མོ། གྱོང་པ།[2] རྫ་ལ། ལོབ། ཁྲེ་པ། འབྲུག་ལ་ནང་གི་གཞུང་བརྒྱུད་ལ་གཞུང་སྒེར་མཆོད་གསུམ་གྱི་ཡུལ་སྡེ་ལ། འབྲུག་ལ། སྟོད་སྐོར།[3] གྲུམ་ཐང་། རིན་ཆེན་གླིང་། སྤུ་ལོད། རྩྭ་ར།…
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོ་ཞོ་ཁ་རྫོང་གི་གཞི་རིམ་ལོ་རྒྱུས་སོགས།

ས་བཅད་བརྒྱད་པ། དམངས་སྲོལ།   རྒྱ་མདའ་རྫོང་གི་དམངས་སྲོལ་ཐད་ཀོང་ཡུལ་སྨད་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་ནི། ཡོངས་སུ་གྲགས་པའི་བོད་ཟླ་༡༠པའི་ནང་གི་ཀོང་པོའི་ལོ་གསར་གཏོང་སྲོལ་མེད་པར་དབུས་ཁུལ་དང་འདྲ་བར་བོད་ཟླ་དང་པོར་གཏོང་སྲོལ་ལམ་དང་། དེ་བཞིན་ཀོང་སྨད་དུ་དར་བཟོ་ཆེ་བའི་ཀོང་པོའི་མདའ་རྩེད་སོགས་ཀྱང་རྩེད་ལམ་མི་འདུགའོན་ཀྱང་། རྫོང་དེར་ཡོངས་གྲགས་ཀྱི་དམངས་སྲོལ་བྱེད་སྒོ་ཞིག་ཡོད་པ་ནི།