སྤེལ་ཞིབ་ཕྲ།

ང་ཚོའི་རེ་བ།

ང་ཚོའི་རེ་བ།   རེ་བ་ནི་མདུན་བསྐྱོད་ཀྱི་སྙིང་སྟོབས་དང་། གསོན་ཤུགས་སྦྱིན་པའི་མཁའ་རླུང་དེ་ཡིན་ཕྱིར། ང་ཚོས་རེ་བ་དེ་ནམ་ཡང་གློད་མི་རུང། གལ་ཏེ་རེ་བའི་ལྗོན་ཤིང་འགྱེལ་བའི་ཚེ། ང་ཚོའི་མི་རིགས་འདི་ཡང་། གཤོག་པ་ཆག་པའི་འདབ་ཆགས་ཤིག་དང་འདྲ་བར། ས་ཕྱོགས་གང་དུ་ཡང་འཕུར་མི་ཐུབ།
ང་ཚོའི་བླ་སྲོག

ང་ཚོའི་བླ་སྲོག ང་ཚོ་ནི་བོད་མི་ཡིན་ལ། བོད་སྐད་ནི་ང་ཚོའི་བླ་སྲོག་དང་། བོད་ཡིག་ནི་ང་ཚོའི་ཟུངས་ཁྲག་རེད། གལ་ཏེ་ང་ཚོའི་བླ་སྲོག་དེ་ཆད་ནས། ཟུངས་ཁྲག་དེ་སྐམ་པའི་ཚེ། བོད་མི་ཟེར་བ་མིང་ཙམ་ཞིག་དང། བོད་དོན་གྱི་དབུགས་རྒྱུན་འགག་པར་ངེས།
ནང་པའི་སྙན་དངགས་པ་ཆེན་པོ་འཕགས་པ་དཔའ་བོའི་རྣམ་ཐར་དང་འབྲེལ་བའི་མོལ་མཆིད།

ནང་པའི་སྙན་དངགས་པ་ཆེན་པོ་འཕགས་པ་དཔའ་བོའི་རྣམ་ཐར་དང་འབྲེལ་བའི་མོལ་མཆིད། རྩོམ་པ་པོ། ལྷ་སྒང་ཆོས་གྲགས།   ནང་དོན་གནད་བསྡུས། རྩོམ་ཡིག་འདིར་ཕྱི་ལོའི་དུས་རབས་དང་པོ་ཡས་མས་སུ་བྱོན་པར་ངེས་པའི་ནང་པའི་སྙན་དངགས་པ་ཆེན་པོ་འཕགས་པ་དཔའ་བོས་མཛད་པའི་《མཛེས་དགའ་བོའི་རྟོགས་པ་བརྗོད་པ་》ཞེས་པའི་སྙན་དངགས་ཆེན་པོའི་མཛད་བྱང་ལས་འཕྲོས་ཏེ། ཁོང་གི་འཁྲུངས་གཤེགས་ཀྱི་རྣམ་ཐར་སྤྱི་དང་ཁྱད་པར་མཁས་པའི་བྱ་བ་རྣམ་གསུམ་ལས་རྩོམ་པའི་བྱ་བ་སྟེ། མཁས་མཆོག་དེ་ཉིད་ཀྱིས་སྐུ་ཚེའི་ཡུན་ལ་སྙན་དངགས་ཆེན་པོ་དང་ཟློས་གར་གྱི་འཁྲབ་གཞུང་། དེ་བཞིན་ཐོར་བུའི་སྙན་ངག་སོགས་སངས་རྒྱས་པའི་བསྟན་པ་སྒྱུ་རྩལ་གྱི་མཚོན་ཐབས་རྨད་དུ་བྱུང་བའི་ལམ་ནས་གཞན་དྲིང་མི་འཇོག་པ་མཛད་པའི་སྐོར་ལ་རྟོག་པ་ཅུང་ཟད་ཞུགས་ཡོད་དོ། ། གནད་ཚིག འཕགས་པ་དཔའ་བོ། མཛེས་དགའ་བོ། ཤཱ་རིའི་བུའི་རྟོགས་བརྗོད། ཡུལ་འཁོར་སྐྱོང་གི་ཟློས་གར།
དབུས་གཙང་གི་སྤོབས་པ།

དབུས་གཙང་གི་སྤོབས་པ།   རྣ་བར་སྙན་པ་དབུས་གཙང་ཆོས་ལྡན་གྱི་ཞིང་ཁམས། ། ཡིད་སྨོན་སྐྱེས་པ་ཆོས་དང་རིག་གཞུང་གི་ལྟེ་གནས། ། མཛངས་མི་བདུན་གྱི་གསར་གཏོད་བློ་གྲོས་རྣམས་རྒྱས་ས། ། མཐོ་སྒང་རྩམ་ཟན་བོད་མིའི་ཁྱིམ་གཞིས་ཀྱི་ཐོག་མ། །   སོ་ནམ་ཞིང་ལས་དར་བས་རྩམ་དྲི་ཡི་འཐུལ་ས། ། ཨར་ལས་བཟོ་རིག་སྔ་བ་ཡུམ་བུ་ཡི་བླ་སྒང་། ། ལོ་པཎ་སྟོང་གི་འཁྲུངས་ཡུལ་བསམ་ཡས་ཀྱི་དགོན་ཆེན། ། ཡར་ཀླུང་གཞུང་གི་ངོ་མཚར་ལོ་རྒྱུས་ལ་གཟིགས་དང་། །
༄༅། །སྤྲིན་གྱི་ཕོ་ཉ་ཞེས་བྱ་བའི་སྙན་ངག་བཞུགས་སོ། །

༄༅། །སྤྲིན་གྱི་ཕོ་ཉ་ཞེས་བྱ་བའི་སྙན་ངག་བཞུགས་སོ།།   རྩོམ་པ་པོ། ནག་མོའི་ཁོལ། ལོ་ཙཱ་བ། བྱང་ཆུབ་རྩེ་མོ་དང་། ནམ་མཁའ་བཟང་པོ།   རྒྱ་གར་སྐད་དུ། མེགྷདཱུཏནཱམ། བོད་སྐད་དུ་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ། ཡང་དག་པར་རྫོགས་པའི་སངས་རྒྱས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ།། ༡ རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུརད་ཅིང་།། གནོད་སྦྱིན་འགའ་ཞིག་ལ་ནི་རང་ཉིད་བག་མེད་དབང་གྱུར་མཛེས་མ་སྤང་ལ་ལོ་ཡི་བར།། ཡིད་འོང་སྐྱེད་བྱེད་བུ་མོས་ཁྲུས་བྱས་བསོད་ནམས་ཆུ་བོ་རྣམས་དང་ཤིན་ཏུ་རབ་མཛེས་པའི།། རབ་བཟང་ལྗོན་ཤིང་གྲིབ་མ་དང་ལྡན་རཱ་མའི་རི་བོར་སོང་ལ་སྤྱོད་པས་གནས་པར་གྱིས།།
སེམས་སྐྱོ་བའི་མིག་ཆུ།

སེམས་སྐྱོ་བའི་མིག་ཆུ། རྩོམ་པ་པོ། ༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ། མཐོ་མཐོ་བརྒྱ་བྱིན་བཞུགས་པའི་ཁང་བཟང་དང་།། དམའ་དམའ་ན་རག་དམྱལ་བའི་ལྕགས་མཁར་ཡན།། གསལ་གསལ་སེམས་ཀྱི་མཐོང་སྣང་མི་གཅིག་ཀྱང་།། འཇིག་འཇིག་རང་མཚང་སྟོན་ལ་ཁྱད་པར་ཅི།། ཤིག་ཤིག་གཡོ་བའི་ས་ཡི་སྲིན་པོ་དེས།། ལམ་ལམ་མིག་ལ་འཆར་བའི་ཁང་ནོར་དང་།། དམར་དམར་སྙིང་ལ་སྐྱོང་པའི་སྤུན་ཟླ་བཅས།། ཆལ་ཆལ་ཟོས་པ་འདི་ཀོ་ཤིན་ཏུ་སྐྱོ།།